མཚོ་ནུབ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་།
2020.02.11 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 12

 མཚོ་ནུབ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་།  ཁུལ་ཏང་ཨུ་བཅས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལྟ་སྐུལ་ལས་དོན་དེ་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་ཀྱི་ལག་ལེན་ཞིབ་བཤེར་གལ་ཆེན་བྱེད་པ། སྒྲིག་བཤེར་ལྟ་ཞིབ་ཀྱི་འགན་འཁྲི་རང་འགུལ་ངང་སྒྲུབ་པ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་ལེན་མཁོ་འདོན་བྱས།

གནད་ལ་འཁེལ་བའི་སྒོ་ནས་ཚད་གཞི་དང་བླང་བྱར་གཞིགས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལས་དོན་སླར་ཡང་བཀོད་སྒྲིག་བྱས། ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བཀོད་འདོམས་པུའི་ཚོགས་འདུ་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་དང་ལྷག་པར་དུ་ཁུལ་ཏང་ཨུའི་འགོ་ཁྲིད་པ་གཙོ་བོས་བཏོན་པའི་བླང་བྱ་ཁག་8མྱུར་དུ་བརྒྱུད་བསྒྲགས་བྱས་ཏེ། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལས་དོན་ལ་སྔར་བས་ཤུགས་སྣོན་བྱེད་པ་གནད་སར་བཟུང་ནས་སླར་ཡང་བཀོད་སྒྲིག་བྱས། ཏང་ཀྲུང་དབྱང་གིས《ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ》དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི《ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་བྱེད་པ། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལྟ་སྐུལ་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོའི》དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་བཤེར་ལྟ་ཞིབ་ཀྱི་འགན་འཁྲིར་གཞི་ཚུགས་ཏེ་བསམ་བློའི་ངོས་འཛིན་ཐད་སླར་ཡང་མཐོ་རུ་གཏོང་བ་དང་། ཆབ་སྲིད་ལྟ་སྐུལ་ཐད་སླར་ཡང་གཅིག་སྡུད་བྱེད་པ། སྒྲིག་ཁྲིམས་ལག་བསྟར་ཐད་སླར་ཡང་གནད་སྨིན་ཡོང་བ། རང་ངོས་ཀྱི་སྔོན་འགོག་ཚོད་འཛིན་ཐད་སླར་ཡང་ཞིབ་ཚགས་བྱེད་པ་སོགས་ཕྱོགས་བཞིའི་ཐད་ཀྱི་ལས་འགན་དོན་འཁྱོལ་བྱ་རྒྱུར་དམ་པོར་དམིགས་དགོས་པའི་བླང་བྱ་བཏོན། ཁུལ་བཀོད་འདོམས་པུའུ་ཡིས《རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་ཁྲོད་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་སོགས་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བྲེལ་མྱུར་བརྡ་ཐོ》པར་འགྲེམ་བྱས་ཤིང་། ཞིབ་ཕྲའི་བླང་བྱ་བཞི་བཏོན་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལས་དོན་སྔར་བས་ཚད་ལྡན་དུ་བཏང་།

ཁྱོན་ཡོངས་ནས་འགན་འཁྲི་ཇེ་དྲག་ཏུ་བཏང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལས་དོན་ཏན་ཏིག་ངང་སྤེལ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་དམིགས་ནས་སྒྲིག་བཤེར་ལྟ་ཞིབ་ཀྱི་འགན་འཁྲི་རང་འགུལ་ངང་སྒྲུབ། གཅིག་ནས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས། ཁུལ་བཀོད་འདོམས་པུའི་བཀོད་སྒྲིག་གཞིར་བཟུང་ཏེ། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ་མང་ཡ་གྲོང་ཁྱེར་དུ་ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྤེལ་བར་བསྐྱོད་ཅིང་། སྔ་རྗེས་སུ་སྤྱི་བདེ་ཞིབ་བཤེར་ས་ཚིགས་དང་། རྡོ་བལ་གཏེར་ཁའི་ལས་བཟོ་བའི་སྨན་ཁང་། གྲོང་ཁྱེར་མི་དམངས་སྨན་ཁང་། སློབ་གྲྭ  སྡེ་ཁུལ་སོགས་སུ་བསྐྱོད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། མང་ཡ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོའོ་རིམ་པའི་ལས་བྱེད་པ་2ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྐབས་སྒྲིག་འགལ་ངང་ཕྱི་ལ་སོང་ནས་མཉམ་དུ་ཟ་མ་བཟའ་བ་དང་ཆང་འཐུང་བའི་དཔེ་མཚོན་གནད་དོན་ཐག་གཅོད་བྱས་པ་དང་མཉམ་དུ་བརྡ་ཁྱབ་ཀྱང་བཏང་བ་རེད། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དུས་ཐོག་ཏུ་མཉམ་འབྲེལ་ས་ཚིགས་ཀྱི་ལས་ཁུངས་དང་། ཞང་གྲོང་། སྡོད་ཁུལ།  ཁེ་ལས་སོགས་གཙོ་གནད་ཁུལ་དུ་དུས་ཐོག་ཏུ་བསྐྱོད་ནས་གནས་ཚུལ་རྒྱུས་ལོན་དང་། ས་ཁུལ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ཕྱོགས་ཡོངས་ནས་གཟབ་ནན་དུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། རང་འགན་གཙང་སྒྲུབ་བྱས། གཉིས་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ནན་པོ་བྱས། ལྟ་སྐུལ་ཞིབ་བཤེར་ལས་དོན་གྱི་ཇུས་གཞི་སྔར་བས་འཐུས་ཚང་དུ་བཏང་བ་དང་། ལྟ་སྐུལ་ཞིབ་བཤེར་ལས་དོན་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་བ། ལྟ་སྐུལ་ཞིབ་བཤེར་ལས་དོན་ཁྲོད་ཁོང་དུ་ཆུད་དགོས་པའི་འགག་རྩའི་གཙོ་གནད་དྲུག་དང་ཞིབ་ཕྲའི་ལས་འགན་ཁ་གསལ་བཟོས། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ཚན་ཆུང་3ལས་ཡུལ་དང་པོར་བསྐྱོད་དེ་ཏང་ཨུ་དང་སྲིད་གཞུང་གི་འགན་འཁྲི་དོན་འཁྱོལ་དང་། སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ། གཞི་རིམ་ཏང་རྩ་འཛུགས་ཀྱིས་དམག་འཐབ་བཙན་རྫོང་གི་ནུས་པ་འདོན་སྤེལ། ཏང་ཡོན་གྱིས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་ལྟ་སྐུལ་མཛུབ་ཁྲིད་བྱས། གསུམ་ནས་རྫོང་རིམ་པའི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལས་དོན་ལ་སྤྱི་འདོམས་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བྱས། ཁུལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་སྟོབས་ཤུགས་བསྡུ་སྒྲིལ་དང་། གཙོ་གནད་སྡེ་ཚན་དང་།  འགག་རྩའི་ལྷུ་ཚིགས་བཅས་ལ་དམ་པོར་དམིགས་པ། ལྟ་སྐུལ་སྒྲིག་བསྟར་ལས་དོན་གནད་འཁེལ་ངང་སྤེལ་བ།   རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཁུར་པོ་ལྕི་རུ་གཏོང་བའི་གནད་དོན་མཐའ་གཅིག་ཏུ་འགོག་པ། ལྟ་སྐུལ་གྱི་ཕན་འབྲས་ལ་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནུས་ལྡན་དང་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་བཅས་བྱས་པ་རེད།

གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལས་དོན་གནད་འཁེལ་ནུས་ལྡན་ཡོང་བར་འགན་ལེན་བྱས།  ཁུལ་བཀོད་འདོམས་པུའི་ལས་དོན་བཀོད་སྒྲིག་གི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་། འགན་འཁྲི་ཤེས་རྟོགས་དང་། འགན་འཁྲི་གསལ་རྟོགས། འགན་འཁྲི་འཁུར་བ། ལྟ་སྐུལ་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དག་ཐེར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། གནད་དོན་དུས་ཐོག་ཏུ་ཤེས་རྟོགས་འབྱུང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལས་ཡུལ་དང་པོ་ནས་ཐག་གཅོད་ཐུབ་པར་བྱས། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་ཁུལ་བཀོད་འདོམས་པུའི་འབྲེལ་ཡོད་ཁོངས་མིའི་ལས་ཁུངས་དང་འབྲེལ་མཐུད་མཐུན་སྦྱོར་བྱས་ཏེ། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས་པའི་གནད་དོན་དག་རྒྱུས་ལོན་བྱས།  འབྲེལ་མཐུད་བྱས་པ་བརྒྱུད་ཁུལ་བཀོད་འདོམས་པུའི་འབྲེལ་ཡོད་ཁོངས་མིའི་སྡེ་ཁག་གིས་རྫོང་དང་གྲོང་ཁྱེར་མི་དམངས་སྨན་ཁང་གི་མི་སྣ་ལས་རྐང་དུ་སྐྱོད་ཚུལ་དང་། ཞིབ་བཤེར་ས་ཚིགས་ཁག་གི་སྤྱི་བདེ་དང་འཕྲོད་བསྟེན་བདེ་སྲུང་སྡེ་ཚན་གྱིས་གཞོགས་འདེགས་བྱས་པ་ནུས་ལྡན་ཡིན་མིན། གྲོང་གསེབ་དང་འབྲོག་ཁུལ་གྱི་དྲིལ་བསྒྲགས་ལས་དོན་དམིགས་སར་འབྱོར་ཡོད་མེད་སོགས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གཞོགས་འདེགས་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས་པའི་གཙོ་གནད་ལས་འགན་13ལ་ཚུར་ལན་གསེད་བཀྲོལ་བྱས་ནས་ལྟ་སྐུལ་ཞིབ་བཤེར་ལས་དོན་གྱི་དམིགས་སའི་རང་བཞིན་སྔར་བས་ཆེ་རུ་བཏང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།