རིམས་ནད་འགོག་རྒོལ་བྱེད་པའི་ཀུན་སྤྱོད་དཔེ་བཟང་གི་བྱེད་ཐབས་དེས་མི་སེམས་ལ་དྲོད་ཁོལ་སྦྱིན།
2020.02.14 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 55

 — མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གི་རིམ་པ་སོ་སོའི་ཀུན་སྤྱོད་དཔེ་བཟང་བས་རིམས་ནད་འགོག་སྲུང་ལ་རམ་འདེགས་བྱེད་པའི་གནས་ཚུལ་སྐོར་བཀོད་པ།

ཆུ་ལེན་རྫོང་གི་རིམས་ནད་ལ་འགོག་རྒོལ་བྱེད་པའི་ལས་ཡུལ་དང་པོར་ཁོར་ཡུག་འཕྲོད་བསྟེན་གྱི་ལས་ལ་བརྩོན་པ་དང་། རིམས་ནད་ཀྱི་ལས་ཡུལ་དང་པོར་འགོག་རྒོལ་བྱེད་པ། རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་རང་ཉིད་ཀྱི་སྟོབས་ཤུགས་འདོན་པ་བཅས་ཀྱི་རུ་ཁག་ཞིག་ཡོད་པ་དེ་ནི་ལི་མདོག་གི་ལྭ་བ་གྱོན་པའི་ཁོར་ཡུག་སྲུང་སྐྱོབ་ལས་བཟོ་བ་ཡིན་པ་དང་དེའི་ཁྲོད་2018ལོའི་ཟླ་7པར“ཀྲུང་གོའི་མི་བཟང་གི་གྲས་སུ”ཚུད་པའི་ཀན་ཡིའུ་ཚུན་ཡོད་པ་རེད། རིམས་ནད་ལ་འགོག་རྒོལ་བྱེད་པའི་བཀའ་ཁྱབ་འབྱོར་བ་ནས་བཟུང་ཁོས་ཉིན་ལྟར་ཞོགས་པའི་ཆུ་ཚོད་6གི་སྟེང་ཁ་ཐུམ་བརྒྱབ་པ་དང་ལག་ཤུབས་གྱོན་ནས་གཙང་སྦྲ་དང་དུག་སེལ་གྱི་ལས་ཀ་བྱས་ཏེ་གད་སྙིགས་གཙང་ཕྱགས་དང་། བསྡུ་རུབ། དབོར་འདྲེན་བཅས་ཀྱི་བརྒྱུད་རིམ་ཚང་མར་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཉམ་དུ་ལམ་གྱི་ཁུག་ཀྱོག་གང་སར་གཙང་སྦྲ་དང་དུག་སེལ་བྱེད་ཀྱི་ཡོད་པ་རེད།

“རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་སྐབས་བདུན་པའི”མིང་འདོན་བྱ་དགའ་ཐོབ་མཁན་ཡོན་ཏན་ཚེ་དབང་གིས་ལོ་20ལྷག་ཙམ་ལ་བདག་སྐྱོང་བྱས་པ་དང་ད་ལྟ་ལོ་85ལ་སླེབས་པའི་ཨ་མྱེས་ལྷུན་རྡོ་འཁྲིད་དེ་དཔྱིད་གསར་དུས་ཆེན་སྐབས་སུ་བོད་དུ་ཡུལ་སྐོར་ལ་བསྐྱོད་པ་དང་ཆུ་ལེན་ལ་ཕྱིར་ལོག་རྗེས་ཁྱིམ་ནས་ལོགས་སུ་བཀར་བ་རེད། “ད་ལྟ་ང་རང་ཁྱིམ་དུ་ལོགས་སུ་བཀར་བས་ལས་འགན་སྒྲུབ་པར་འགྲོ་མི་ཐུབ་ལ། ལས་འགན་སྒྲུབ་ཡུལ་གྱི་ལས་རོགས་ཚོར་ཟས་རིགས་ཀྱང་སྐྱེལ་བར་འགྲོ་མི་རུང་བས། ངས་མ་དངུལ་ཉུང་ཙམ་ཞལ་འདེབས་ཕུལ་གྱི་ཡིན”ཞེས་བཤད།  ཁོས་ཏང་རྩ་འཛུགས་ལ་དམིགས་བསལ་གྱི་ཏང་དངུལ་སྒོར1000བྱིན་པ་དང་མཉམ་དུ་ཁྱིམ་ནས་ལོགས་སུ་བཀར་བ་མཇུག་རྫོགས་རྗེས། ཕྱིར་ལོག་སློབ་གསོ་གཏོང་ཡུལ་དུ་ལས་ཀ་སྒྲུབ་པར་བསྐྱོད་རྒྱུའི་རེ་བ་བཏོན་པར་གྲོང་རྡལ་གྱིས་མོས་མཐུན་བྱས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཀུན་སྤྱོད་དཔེ་བཟང་སྐབས་བཞི་བའི་མཚོ་བྱང་སློབ་འབྲིང་གསུམ་པའི་སློབ་གཙོ་ལིང་ལུའུ་ཧྲན་གྱིས་ཉིན་ལྟར་སློབ་གྲྭའི་ལས་རེས་ལས་གནས་བརྟན་སྲུང་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པ་དང་དགེ་རྒན་དང་ལས་བཟོ་བ་ཁག་གཅིག་གི་སྣེ་ཁྲིད་དེ། ཧུར་ཐག་གིས་དགེ་རྒན་རྣམས་ཀྱི་སྡོད་ཁུལ་དུ་དུས་ཡུན་ཉིན་གཉིས་ལ་གད་སྙིགས་གཙང་ཕྱགས་དང་འཕྲོད་བསྟེན་ལེགས་བཅོས་ལས་དོན་སྤེལ་བ་དང་ཆབས་ཅིག སློབ་གྲྭའི་ཚན་ཁག་གི་སྣེ་ཁྲིད་དེ་ལས་སྒྲུབ་ས་ཚིགས་8ལ་འཚམས་འདྲི་དང་དུག་སེལ་བྱས། ཁོས་ད་དུང་སློབ་གྲྭའི་ཚན་ཁག་གི་སྣེ་ཁྲིད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྤྱི་བསྒྲགས་སྦྱར་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉེན་བརྡ་གཏོང་བའི་བྱང་བུ་བཟོས་པ། ལས་རེས་མི་སྣར་ཉེན་ཟོན་ཐག་པ་འཐེན་པ་དང་ཉེན་ཟོན་བཀོད་སྒྲིག་སོགས་བྱེད་པར་རམ་འདེགས་བྱས།

“ཆུ་ལེན་པ་བཟང་པོའི”མཚན་སྙན་ཐོབ་པའི་རྫོང་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རིན་གཞོན་པ། འབྲོང་ལུང་ཞང་མདའ་བཞི་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བསྟན་པ་རྒྱ་མཚོས་སྐད་འཕྲིན་དང་ཁ་པར་སོགས་བརྒྱུད་ནས་དད་ལྡན་མང་ཚོགས་ལ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སར་སྐྱོད་མི་ཆོག་པའི་སློབ་གསོ་ཁྲིད་སྟོན་བྱས་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་ལས་དོན་ རྩ་འཛུགས་ཡོད་པའི་སྒོ་ནས་སྤེལ་བ་རེད།

“ཆུ་ལེན་པ་བཟང་པོའི་གྲས”ཀྱི་ཨ་རིག་ཞང་རྣ་ལུང་ཏང་ཀྲི་པུའི་ཧྲུའུ་ཅི་རྡོ་རེས་སྐྱབས་ཀྱིས་རིམས་ནད་ཐོན་མ་ཐག་ཏང་ཀྲི་པུའི་ཚོགས་འདུ་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་ཏེ་བཀོད་སྒྲིག་ཡག་པོ་བྱས་པ་དང་ཏང་ཡོན་དང་སྡེ་བའི་ལས་བྱེད་པར་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ་ལས་ཡུལ་དང་པོར་གདོང་མཆོང་བྱེད་དགོས་པའི་ནན་བཤད་བྱས། ཁོའི་སྣེ་ཁྲིད་འོག་སྡེ་མི་ཚོས་ཉིན་མཚན་དབྱེར་མེད་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོ་བརྟན་སྲུང་བྱས་པ་དང་སྡེ་བའི་ནང་འགྲོ་འོང་བྱེད་མཁན་མི་སྣ་དང་རླངས་འཁོར་ལ་ཞིབ་བཤེར་ནན་པོ་བྱས།

ད་དུང“ཆུ་ལེན་པ་བཟང་པོའི་གྲས”ཀྱི་མུ་རི་གྲོང་རྡལ་དགའ་སྡེ་དགོན་གྱི་སྤྲུལ་སྐུ་སྒོ་སྨད་ངག་དབང་བསམ་བསྟན་རྒྱ་མཚོས་ཞིབ་བཤེར་ས་ཚིགས་དང་ཕྱིར་ལོག་སློབ་གསོ་གཏོང་ཡུལ་ལ་འཚམས་འདྲིའི་མ་དངུལ་སྒོར་3000དང་རིན་གོང་སྒོར་3000གྱི་འཚོ་བའི་མཁོ་ཆས་བསྐྱལ་ཏེ་ཞང་གྲོང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་བྱས། ། གཞན་ཡང་རྒྱ་གྲམ་དམར་པོ་ཚོགས་པ་བརྒྱུད་ནས་ཝུའུ་ཧན་གྱི་རིམས་ནད་ཐོན་ཁུལ་ལ་ཞལ་འདེབས་སྒོར་1000བརྒྱབ་པ་རེད།

ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཆུ་ལེན་རྫོང་གི་ཀུན་སྤྱོད་དཔེ་བཟང་བ18ཀྱིས་ཁྱོན་སྡོམ་ཞལ་འདེབས་མ་དངུལ་སྒོར་ཁྲི་གཅིག་དང་སྟོང་གཅིག་བརྒྱད་བརྒྱ་ཕུལ་བར་མ་ཟད། ད་དུང་ལས་ཀ་སྒྲུབ་པ་དང་སྟབས་བདེའི་ཐུག་པ་དང་། སྐོམ་ཆུ། འོ་མ་སོགས་སྐྱེལ་བའི་བྱེད་ཐབས་བརྒྱུད་ནས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ལས་དོན་ཁྲོད་ཞུགས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།