ཆོད་སེམས་སྔར་བས་ཆེན་པོ་བཅངས་ནས་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་དགོས།
2020.03.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་དང་། ཕྱོགས་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་ཡང་རེད། མིག་སྔར། མཚོ་སྔོན་ཞིང་ཆེན་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་རྒྱུན་མཐུད་སྒོས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། ཐོན་སྐྱེད་དང་འཚོ་བའི་གོ་རིམ་མགྱོགས་མྱུར་སྒོས་སླར་གསོ་བྱེད་པ། དཔལ་འབྱོར་གྱི་གསོན་ཤུགས་རིམ་བཞིན་སླར་གསོ་ཐུབ་པ་བཅས་ཀྱི་རྣམ་པ་མངོན་ཡོད། ང་ཚོས་རྒྱལ་ཁ་ཐོབ་པ་དང་བསྟུན་ནས་མུ་མཐུད་དུ་ནུས་ཤུགས་ཕུལ་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག བློ་བརྟན་འགྱུར་མེད་སྒོས་ཏང་ཀྲུང་དབྱང་དང་དེ་མིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དམིགས་འབེན་ལ་དམ་པོར་དམིགས་པ་དང“ཞིང་གསུམ”གྱི་ཞན་ཆ་ཁ་གསབ་བྱེད་པ། ཆོད་སེམས་དང་ནུས་ཤུགས་སྔར་ལས་ཆེ་བའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་རྒྱལ་ཁའི་ངང་མཇུག་འགྲིལ་ཐུབ་པར་ཁག་ཐེག་བྱེད་པ་དང་། རོང་འབྲོག་ཁུལ་དུ་དུས་མཉམ་སྒོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་ཁག་ཐེག་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་ཚད་ལོན་མཇུག་འབྲས་མཐོང་ཐུབ་པ་བཅས་བྱེད་དགོས།

དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མིག་ལྟོས་བྱེད་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་དབུལ་ཐར་མཁྲེགས་གཏོར་ལ་དམ་འཛིན་བྱེད་དགོས། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག བྱེད་ཐབས་སྔར་ལས་ནུས་ལྡན་སྤྱོད་པ་དང་བྱ་བ་སྔར་ལས་ཞིབ་ཚགས་བྱེད་པར་བརྟེན་ནས། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་གཏིང་ཟབ་དང་ཏན་ཏིག་སྒོས་བསྒྲུབས་ཏེ། ཞིང་བར་བགྲོད་ལམ་འཚོལ་བ་དང་ཞིང་ལས་ཐོན་རྫས་ལ་ཐབས་ལམ་བཙལ་ནས། ལས་ཀ་ནན་ཏན་དང་ཞིབ་ཚགས། ཐོན་སྐྱེད་སླར་གསོ། སློབ་གསོ་སླར་གསོ་བཅས་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་ནན་མོ་བྱེད་པ་དང་། ཕྱོགས་ཡོངས་ནས་རྒྱལ་ཁ་མ་ཐོབ་ཚེ་གཏན་ནས་མཚམས་མི་འཇོག་པ་བྱེད་དགོས། ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་སྤྱིའི་བྱེད་ཐབས་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་གི“ཞིང་གསུམ”གྱི་ཞན་ཆ་ཁ་གསབ་བྱེད་པའི་གཙོ་གནད་ལས་འགན་ལེགས་སྒྲུབ་བྱེད་པ། ཞིང་ཕྱུགས་ལས་ཀྱི་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན། རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་འབྱུང་བར་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ་དང་། ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་སྡེ་བཅོས་སྐྱོང་དང་རོང་འབྲོག་ཁུལ་གྱི་བཅོས་སྒྱུར་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། རོང་འབྲོག་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་འབྱུང་བར་རྒྱུན་འཁྱོངས་བྱེད་པ། རོང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་ན། སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་འགན་འཁྲི་ཡོངས་འགྲུབ་བྱེད་དགོས།

དབུལ་ནག“གཙང་སེལ”བྱེད་པའི་རྨང་གཞིའི་སྟེང་། འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས་འགན་སྲུང་། སྡོད་ཁང་བདེ་འཇགས་བཅས“འགན་ལེན་གསུམ”དང་འཐུང་ཆུའི་བདེ་འཇགས། དབུལ་པོ་བསྐྱར་ལོག་བྱེད་པར་སྔོན་འགོག་སོགས་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་པ་དང་། ལས་བྱེད་པའི་སྤྱོད་ཚུལ་བསྒྱུར་བ་དང་ནང་སྐྱེས་སྒུལ་ཤུགས་ལ་སྐུལ་སྤེལ་བྱེད་པ། ལས་སྐྲུན་གྱི་འཇོན་ཐང་ཆེ་རུ་གཏོང་བ། མཁྲེགས་གཏོར་འགན་སྲུང་ཇེ་དྲག་ཏུ་གཏོང་བ། དབུལ་ཐར་གྱི་སྤུས་ཚད་མཐོ་འདེགས་སུ་གཏོང་བ། སྡེ་བའི་གཅིག་བསྡུས་དཔལ་འབྱོར་ཇེ་མང་དུ་གཏོང་བ། བསམ་བློའི་དབུལ་སྐྱོར་གཏིང་ཟབ་ཏུ་གཏོང་བ་བཅས་དབུལ་ཐར་གྱི་བྱ་བ་སྣ་ཚོགས་གཟབ་ནན་སྒོས་སྒྲུབས་ཏེ། ལས་བྱེད་ཁྲི་ཕྲག་གཞི་རིམ་དུ་བསྐྱོད་ནས“ལས་ཀ་ལས་པར་སྐུལ་མ་གཏོང་བ་དང་བརྟན་འཇགས་སྒོས་དབུལ་ཐར་བྱེད་པ། འབྱོར་འབྲིང་ལ་བསུ་བ་བྱེད་པ”བཅས་བྱས་ནས། ལག་ལེན་ཁྲོད་དབུལ་ཐར་མཁྲེགས་གཏོར་གྱི་དྲིལ་བསྒྲགས་བྱ་བ་ཡག་པོ་སྒྲུབ་པ་དང་། མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་གྱི་གཏམ་རྒྱུད་ཡག་པོ་བཤད་ནས། དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་འགན་འཁྲི་སྤུས་ཚད་མཐོན་པོས་ཡོངས་འགྲུབ་བྱེད་དགོས།

དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་ན། ཐབས་མང་མཉམ་སྤྱོད་ཀྱིས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་དང་འབྲེལ་མཐུད་ནུས་ལྡན་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི“ཞིང་གསུམ”གྱི་ཞན་ཆ་ཁ་གསབ་ནན་མོ་བཅས་བྱེད་དགོས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཁྲོམ་རས་ཁས་ལེན་བྱེད་པའི“མཚོ་སྔོན་རྟགས་ཅན”གྱི་ཁྱད་ལྡན་ཞིང་ཕྱུགས་ལས་ཀྱི་མིང་གྲགས་ཐོན་རྫས་ཁག་ཅིག་སྐྱེད་སྲིང་བྱས་ནས། ཞིང་ཕྱུགས་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།   “འབྲུ་རིགས”དང“ཤ་ཚལ་སྒོང་གསུམ”ལག་ཏུ་དམ་པོར་འཛིན་པ་དང་། ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་བ། མཁོ་སྤྲོད་འགན་སྲུང་བྱེད་པ། “ཞིང་གསུམ”འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། མཁོ་སྤྲོད་ནས་མགོ་འཛུགས་པ་དང་དགོས་མཁོའི་ཕྱོགས་ནས་ཤུགས་རྒྱག་པ། སྲ་བརྟན་དང་ཤུགས་སྣོན། མཐོར་འདེགས་བཅས་ཀྱི་བྱ་བ་ཡག་པོ་སྒྲུབ་དགོས། ད་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་སྤྱིའི་ཆ་ནས་བརྟན་པོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར། གནས་གཏན་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་སོགས་ཀྱི་བྱ་བ་སྣ་ཚོགས་རིམ་འཕར་དང་ཤུགས་སྣོན་བྱས་ཏེ། ཕྱོགས་ཡོངས་ནས་དབུལ་ཐར་དང་ཞིང་སྡེ་དར་སྤེལ་ཐད་སྦྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་བྱས་ནས། རིང་ཐུང་ཟུང་འབྲེལ་དང་རྩ་ལག་མཉམ་བཅོས། དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། བལྟོས་བཅས་ཀྱི་དབུལ་ཕོངས་ཐག་གཅོད་བྱེད་པ་བཅས་ཀྱི་ཡུན་ཕན་རྐྱེན་སྲོལ་བཙུགས་ནས། དུས་རབས་གསར་པའི་རང་ཞིང་གི“ཞིང་གསུམ”བྱ་བར་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན་དགོས།

དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་དཀའ་སྤྱད་ཚད་མེད་བྱས་པ་དང་། མཇུག་བསྡུ་བའི་ལོར་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པས། བྱ་བ་སྣ་ཚོགས་ཀྱི་ལས་འགན་སྔར་བས་ལྕི་བ་དང་རེ་བ་སྔར་ལས་མཐོ། ང་ཚོས་སེམས་རྣལ་དུ་ཕབ་ནས་དཀའ་སྒྲུབ་དངོས་སྒྲུབ་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་ཏེ། ཀྲུང་ཧྭ་མི་རིགས་དང་མིའི་རིགས་ཚང་མར་དོན་སྙིང་གལ་ཆེན་ལྡན་པའི་རླབས་ཆེན་གྱི་བྱ་གཞག་དེ་མཐའ་གཅིག་ཏུ་ཡོངས་འགྲུབ་བྱེད་དགོས།

ལོ་ཙཱ་བ། ཤ་བོ་རིན་མཚོ།