ཞུང་ཧྭ་རྫོང་གིས་གནད་ལ་འཁེལ་བའི་སྒོ་ནས་ལས་ཐོན་བསྐྱར་ཚུགས་དང་སློབ་འགོ་ཚུགས་པར་སྐུལ་འདེད་བཏང་།
2020.05.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཉེ་ལམ། མཚོ་ཤར་གྲོང་ཁྱེར་ཞུང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་རིམས་ནད་འགོག་སྲུང་ཚོད་འཛིན་དང་ལས་ཐོན་བསྐྱར་ཚུགས་བྱ་བ་དེ་དེང་སྐབས་ཀྱི་གོ་གནས་གལ་ཆེན་ཞིག་ཏུ་བཞག་སྟེ། གཅིག་བསྡུས་སྒོས་ལྟ་རྟོག་དང་། ལྟ་རྟོག་པ་མངགས་སྡོད་བྱེད་པ། ཆེད་དོན་ལྟ་ཞིབ། མངོན་བཤེར་ལྐོག་འདྲི་སོགས་ཀྱི་བྱེད་ཐབས་སྤྱད་དེ་དོན་དངོས་ཀྱིས་མི་འདང་ས་དང་མི་ལེགས་ས་ཡོད་ཚད་ཁ་གསབ་དང་དངོས་འབེབ་བྱེད་པར་སྐུལ་འདེད་བཏང་སྟེ། ཞང་དང་། གྲོང་རྡལ། སྡེ་ཁག ལས་ཁུངས་སོ་སོས་རིམས་ནད་འགོག་སྲུང་ཚོད་འཛིན་དང་ལས་ཐོན་བསྐྱར་ཚུགས་དང་སློབ་འགོ་ཚུགས་པའི་བྱ་བ་དམ་འཛིན་དང་ཞིབ་ཚགས་ཀྱིས་སྒྲུབས།

ཞུང་ཧྭ་རྫོང་གིས་ཕྱོགས་བསྡུས་ལྟ་སྐུལ་བྱེད་པ་ལ་བརྟེན་ནས་རིམས་ནད་འགོག་སྲུང་ཚོད་འཛིན་དང་ལས་ཐོན་བསྐྱར་ཚུགས་དང་སློབ་འགོ་ཚུགས་པའི་འགན་འཁྲིའི“སྦྲེལ་ཐག”ནན་ཏན་གྱིས་སྒྲུབ་ཏེ། དུས་ལྟར་ལྟ་ཞིབ་མཛུབ་སྟོན་ཚན་ཆུང་དང་ཆེད་དོན་ལྟ་ཞིབ་ཚན་ཆུང་གསུམ་བཙུགས་ཏེ། རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་དགུ་དང་། སྲིད་འཛིན་སྡེ་བ་བརྒྱ་དང་སུམ་ཅུ་ལྷག བྱེད་ནུས་སྡེ་ཁག་དྲུག་ཅུ་ལྷག སློབ་གྲྭ་འབྲིང་ཆུང་ཉི་ཤུ་ལྷག སྡོད་ཁུལ་བརྒྱ་དང་བཞི་བཅུ་ལྷག སྤྱི་བའི་འགུལ་སྐྱོད་སྤེལ་ས་ཉི་ཤུ་ལྷག ཁེ་ལས་ཆེ་ཆུང་སུམ་ཅུ་ལྷག་བཙུགས་ཏེ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་འགན་འཁྲི་གཙོ་བོ་ལག་བསྟར་བྱས་པ་དང་། “དགོས་པ་བདུན་དང་གཏན་འགོག་བདུན”གྱི་རེ་བ་དངོས་འབེབ་བྱས་ཏེ། ཁེ་ལས་དང་། སློབ་གྲྭའི་ལས་ཐོན་བསྐྱར་ཚུགས་དང་སློབ་འགོ་ཚུགས་པ་དང་། ཞིང་བའི་དཔྱིད་འདེབས་གྲ་སྒྲིག་བྱ་བར་མཛུབ་སྟོན་བྱེད་པ་སོགས་ཀྱི་གནས་ཚུལ་ཐད་ནས་ཆེད་དོན་ལྟ་ཞིབ་བྱས་པ་དང་། རིམས་ནད་འགོག་སྲུང་ཚོད་འཛིན་དང་ལས་ཐོན་བསྐྱར་ཚུགས་དང་སློབ་ཁྲིད་འགོ་བརྩམས་པའི་འགན་འཁྲི་གཙོ་བོ་ནན་ཏན་གྱིས་དངོས་འབེབ་བྱེད་ཆེད། བྱ་བའི་སྒྲིག་ལམ་ནན་འཛིན་བྱས།

ཕྱོགས་བསྡུས་མངགས་སྡོད་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཆུང་སོ་སོས“ལྟ་སྐུལ་ནས་ཡང་བསྐྱར་ལྟ་སྐུལ”བྱེད་པར་རྐང་བཙུགས་ཏེ། ལྟ་སྐུལ་བྱེད་པ་དང་། གནད་ལ་འཁེལ་བའི་སྒོ་ནས་ལྟ་སྐུལ་བྱས་ཏེ། གཙོ་བོ་འགན་འཁྲི་དངོས་འབེབ་བྱེད་པ་དང་། མི་སྣ་དམིགས་སར་འབྱོར་བ། བྱེད་ཐབས་ལག་བསྟར་བྱེད་པ། འགན་སྲུང་ལག་བསྟར་བྱེད་པ། སྒྲིག་ཁྲིམས་ལག་བསྟར་བྱེད་པ་སོགས་ཀྱི་བྱ་བའི་ཐད་ལ་ལྟ་ཞིབ་མཛུབ་སྟོན་བྱས་པ་དང་། དུས་ཚོད་དང་པོའི་ནང་ལྟ་སྐུལ་ཞིབ་བཤེར་ལས་ཁུངས་སུ་མངགས་སྡོད་བྱས་པ་དང་། རིམས་ནད་འགོག་སྲུང་ཚོད་འཛིན་དང་ལས་ཐོན་བསྐྱར་ཚུགས་དང་སློབ་འགོ་ཚུགས་པའི་བྱ་བའི་སྒྲིག་ལམ་གསལ་བོར་བཏང་བ་དང་། ལས་ཁུངས་སོ་སོས་ནན་ཏན་གྱིས་རིམས་ནད་འགོག་སྲུང་ཚོད་འཛིན་གྱི་འགན་འཁྲི་གཙོ་བོར་ལྟ་སྐུལ་སློབ་སྟོན་བྱས་ནས། རིམས་ནད་འགོག་སྲུང་ཚོད་འཛིན་དང་དེང་སྐབས་ཀྱི་བྱ་བ་སོ་སོ་བཟང་པོར་སྒྲུབ་སྟེ། བྱ་བའི་གནས་ཚུལ་དུས་ལྟར་ཡར་ཞུ་བྱེད་པ་དང་། འགན་འཁུར་བ་དང་། འགན་འཁྲི་སྲུང་བ། རང་འགན་གཙང་སྒྲུབ་ལེགས་པོ་བྱས། དུས་མཚུངས་སུ་སྡེ་བ་སོ་སོའི་ལྟ་ཞིབ་ཆ་འཕྲིན་མཉམ་འབྲེལ་མཁན་སྡེ་བ་རིམ་པའི་རིམས་ནད་འགོག་སྲུང་ཚོད་འཛིན་གྱི་ལྟ་ཞིབ་མཁན་དང་། ཆ་འཕྲིན་སྐྱེལ་མཁན་བཟང་པོ་བྱས་ནས། གཞི་རིམ་གྱི་རིམས་ནད་འགོག་སྲུང་ཚོད་འཛིན་དང་ལས་ཐོན་བསྐྱར་ཚུགས་ཁྲོད་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱས།

དེ་ལས་གཞན། ཞུང་ཧྭ་རྫོང་གིས་ཞང་དང་གྲོང་བརྡལ་སོ་སོ་དང་། སྡེ་བ་རིམ་པའི་ལྟ་ཞིབ་ཆ་འཕྲིན་མཉམ་འབྲེལ་མཁན་རྣམས་སྐུལ་སློང་བྱས་ཏེ། ཉིན་རེ་རེར་ཡུལ་དངོས་སུ་ལྟ་ཞིབ་བྱེད་པ་དང་། གནད་དོན་དང་བསམ་འཆར་ཡོད་ན་དུས་ལྟར་འཕྲིན་ཕྲན་གྱི་ཚོགས་པའི་ནང་ཞང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་བྱེད་པ་སོགས་ལ་སྐུལ་འདེད་བྱས་ཏེ། ཞང་གི་ལྟ་ཞིབ་ཚན་ཆུང་གིས་གཅིག་གྱུར་སྒོས་ལྟ་ཞིབ་བྱེད་པ་དང་། སྡེ་བའི་ལྟ་ཞིབ་མཉམ་འབྲེལ་མི་སྣས་དུས་ལྟར་ལྟ་ཞིབ་བྱེད་པའི་རྣམ་པ་ཞིག་གྲུབ་ཏེ། སྡེ་བ་དང་། ཧྲེ་སོ་སོས་རིམས་ནད་འགོག་སྲུང་ཚོད་འཛིན་བྱེད་པའི་བྱ་བའི་ཁྲོད་འགན་འཁྲི་དངོས་འབེབ་བྱེད་པ་དང་། མི་སྣ་དམིགས་སར་འབྱོར་བ། བྱེད་ཐབས་ལག་ཏུ་བསྟར་བ། འགན་སྲུང་ལག་བསྟར་བྱེད་པ། སྒྲིག་ལམ་ལག་བསྟར་བྱེད་པར་སྐུལ་འདེད་བཅས་བྱས།

                                                                                                         ལོ་ཙཱ། ཚེ་རིང་སྒྲོལ་མ།