ས་ཚུགས་གཅིག་གི་ཞབས་ཞུས་དམངས་ལ་ཕན།  ཁྱོན་ཡོངས་རྣམ་པའི་འདུམ་སྒྲིག་སེམས་ཀྱི་གསོས།
2020.11.11 ཁུངས། ཐུན་ཏེ་རྫོང་སྲིད་གཞུང་དྲ་བ། ཀློག་གྲངས། 30

ཐུན་ཏེ་རྫོང་གིས་རྫོང་ཡོངས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དང་ལྷག་པར་ཏུ་འགལ་བ་འདུམ་སྒྲིག་གི་བྱ་བའི་ཐད། སྔོན་ཆད་རིམ་པ་སོ་སོའི་འདུམ་སྒྲིག་རྩ་འཛུགས་དག་གི་མཉམ་སྒྲུབ་ནུས་པ་ཞན་པ་དང་། སྒྲིག་གཞི་ནུས་མེད་དུ་གྱུར་ཡོད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། སྲིད་ཁྲིམས་ཁྲིམས་འཛིན་སྡེ་ཁག་གིས་ཕྱོགས་ཡོངས་ཀྱི་བཅོས་སྐྱོང་འདུ་ཤེས་གསར་གཏོད་བྱས་པ་དང་། རང་འགུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་དང་ཉེ་བར་བཅར་ནས། སྤོབས་པ་ཆེན་པོས་ཚོད་ལྟ་བྱས་ལ། མ་ལག་ལྡན་པའི་སྒོ་ནས་བཅོས་སྐྱོང་བསམ་བློ་དང་ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། མགོ་ཁུངས་ནས་བཅོས་སྐྱོང་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པའི་ཞོར་ཏུ། ཁྲིམས་འཛིན་གཞུང་དབང་དང་ཁྲིམས་འཛིན་ངེས་ལེན་ལ་ཤུགས་བསྣན་ནས། 2020ལོའི་ཟླ་བདུན་པའི་ཚེས་གཅིག་ནས་བཟུང་ཏང་འཛུགས་བྱ་བའི་སྣེ་ཁྲིད་འོག་ཏུ “རིམ་གསུམ་མཉམ་སྒྲུབ་དང་འདུམ་གསུམ་མཉམ་འབྲེལ”གྱི་ཁྱོན་ཡོངས་རྣམ་པའི་བྱེད་ཕྱོགས་གསར་བ་ཁྱབ་བརྡལ་དུ་བཏང་ནས། ཐུན་ཏེ་རྫོང་གི་འགལ་རྩོད་ཕྱོགས་བསྡུས་མཉམ་སྒྲུབ་ཞབས་ཞུ་ལྟེ་ནས་བཙུགས་ཏེ། “ཞུ་གཏུག་མིན་པའི་འགལ་རྩོད་ཐག་གཅོད་སྒྲིག་གཞི་སྔོན་ལ་འབུད་པ་རྒྱུན་འཁྱོངས་ཀྱི”བྱ་བའི་ལམ་ཕྱོགས་གསར་བའི་གོམ་པ་སྤོས་པ་དང་། “རིམ་གསུམ་མཉམ་སྒྲུབ་དང་འདུམ་གསུམ་མཉམ་འབྲེལ”གྱི“ས་ཚུགས་གཅིག”གི་ཞབས་ཞུ་དང“ཁྱོན་ཡོངས་རྣམ་པའི”འདུམ་སྒྲིག་བྱ་བའི་རྣམ་པ་གསར་བ་མངོན་འགྱུར་བྱུང་།

ལྟེ་གནས་བཙུགས་པ་ནས་བཟུང་རྫོང་ཡོངས་ཀྱི་ལས་ཁུངས་སོ་སོ་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་ཞིང་། བསམ་བློ་ཀུན་སྤྱོད་གཙང་བ། རིག་གནས་ཆུ་ཚད་མཐོ་བ། ལས་སྒོའི་ནུས་རྩལ་འཛོམས་པ། འདུམ་སྒྲིག་ཉམས་མྱོང་ལྡན་པ། རྒྱ་བོད་སྐད་གཉིས་ལ་བྱང་བ་བཅས་ཀྱི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན། འདུམ་སྒྲིག་པ། ཁྲིམས་རྩོད་པ། ཉེན་དཔོན་སོགས་མི་བཅུ་གཉིས་བསྡུ་འགུག་བྱས་ལ། དེའི་ནང་དུ་ཏང་ཡོན་གྱི་འདུས་ཚད་བརྒྱ་ཆའི་གོ་དགུ་ཡིན། ཁོ་ཚོས་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་། ཏང་ཡོན་གྱི་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཏང་ཡོན་འདུམ་སྒྲིག་པའི་སྔོན་ལ་མིག་དཔེ་བཟང་བོ་སྟོན་པ་དང་། ནན་ཏན་གྱིས་ལས་འགན་སྒྲུབ་པ། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ནས་བྱ་བའི་ཐབས་ལམ་གསར་གཏོད་དང་འདུམ་སྒྲིག་གི་ནུས་པ་མཐོར་འདེགས་སུ་བཏང་ནས་གཞི་རིམ་བཅོས་སྐྱོང་གི“ལས་ཡུལ་དང་པོའི”ནུས་པ་འདོན་སྤེལ་བྱས་ཡོད།

ལྟེ་གནས་ཀྱི་ལས་བྱེད་པས་རོགས་རམ་གཞོག་འདེགས་ལ་བརྟེན་ནས། ལྟེ་གནས་བཙུགས་པ་ནས་བཟུང་ལོ་མང་པོར་རྫོང་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་དང་དཔལ་འབྱོར་བརྟན་བརླིང་འཕེལ་རྒྱས་ལ་འགལ་རྐྱེན་བཟོ་བའི་འགལ་རྩོད་རྙོག་དྲ་ཅན་གྱ་དགུ་བསྡུམ་པ་དང་། དེའི་ནང་དུ་སྲིད་འཛིན་འདུམ་སྒྲིག་བཅུ་གཉིས་བྱས་པ་དང་། མི་དམངས་འདུམ་སྒྲིག་ང་གཅིག་བྱས་པ། ཁྲིམས་འཛིན་འདུམ་སྒྲིག་ཉེར་དྲུག་བྱས་ཡོད་ལ། འགལ་རྩོད་སོ་གཉིས་ལ་ཁྲིམས་འཛིན་ཁས་ལེན་བྱས་ཤིང་། འདུམ་སྒྲིག་མཇུག་འབྲས་ལག་བསྟར་བྱས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད། དེ་ལྟར་སྤྱི་ཚོགས་གཏན་འཇགས་ལ་ཤུགས་རྐྱེན་ཐེབས་པའི་མགོ་ཁུངས་རང་བཞིན་དང་རྩ་བའི་རང་བཞིན། རྨང་གཞིའི་རང་བཞིན་གྱི་གནད་དོན་དག་གཏིང་སེལ་བྱས་ནས། རྫོང་ཡོངས་ཀྱི་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་དང་ཁག་ཐེག་བྱས་ཡོད།

མིག་སྔར་བར་དུ། ཁུལ་ཡོངས་ཀྱི་ཏང་འཛུགས་གཟིགས་ཞིབ་དང་མི་རིགས་མཐུན་སྒྲིལ་དཔེ་སྟོན་བྱ་བའི་གཟིགས་ཞིབ་སོགས་གཟིགས་ཞིབ་ཆེན་མོའི་ཁྲོད་གོང་རིམ་འགོ་ཁྲིད་རྣམས་ཀྱིས་གདེང་འཇོག་ཚད་མཐོན་པོ་ཐོབ་པར་མ་ཟད་ཁུལ་ཡོངས་ཀྱི་སློབ་སྦྱོང་བྱེད་སར་གྱུར། དེ་མཚུངས་སུ་ཀྲུང་གོ་བོད་ལྗོངས་དྲ་བ་སོགས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་རིམ་པའི་གསར་ལམ་གང་མང་གིས་བཅར་འདྲི་དང་གསབ་སྦྱོང་གང་མང་བྱས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།