རི་སྔོ་ཆུ་དྭངས་དེ་དུས་ནམ་ཡང་མཚོ་སྔོན་གྱི་ཁྱད་སྟོབས་དང་ང་རྒྱལ་དུ་འགྱུར་བར་བྱེད་དགོས། .
2021.10.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ད་ལོའི་ཟླ་གསུམ་པའི་ཚེས་བདུན་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འགན་འཁྲི་གལ་ཆེན་འཁུར་ཡོད་པས། ངེས་པར་དུ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁུར་བ་དང་། རྨ་འབྲི་རྫ་གསུམ་མགོ་ཁུངས་ལ་སྲུང་སྐྱོང་བྱེད་པ །“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོང་བཅས་བྱེད་པའི་འགན་འཁྲི་གལ་ཆེན་ཁུར་ནས་རྒྱལ་ཁབ་དང་། མི་རིགས། མི་རབས་རྗེས་མར་འགན་འཁུར་དགོས་ཞེས་ནན་བཤད་གནང་བ་རེད། ཟླ་དྲུག་པའི་ཚེས་བདུན་ནས་ཚེས་དགུ་ཉིན་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དེ་མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་གནས་བབ་དང་། རྒྱལ་ཁབ་ས་ཁོངས་ཀྱི་བདེ་འཇགས་གནས་བབ། ཐོན་ཁུངས་དང་ནུས་ཁུངས་བདེ་འཇགས་གནས་བབ་གལ་ཆེན་ཡིན་པ་ནན་གྱིས་བསྟན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འགན་འཁྲི་ཆེན་པོ་སྔར་ལས་གཏན་འཁེལ་གསལ་བོ་བྱས་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཀྱི་གོ་གནས་གལ་ཆེན་གྱི་ཡང་དག་པའི་གནས་གཏན་འཁེལ་ལ་ཁ་ཕྱོགས་གསལ་སྟོན་བྱས་ནས་ནུས་ཤུགས་ཡོད་རྒུས་དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྣམ་པ་གསར་བར་རྩ་བའི་བརྩི་སྲུང་མཁོ་འདོན་བྱས་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་བར”རྐང་ཚུགས་ཏེ། ང་ཚོས་ཚད་གཞི་མཐོ་བ་དང་བྱེད་ཐབས་མང་པོར་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱས་ཏེ། རི་སྔོ་ཆུ་དྭངས་དེ་མཚོ་སྔོན་གྱི་ཁྱད་སྟོབས་དང་ང་རྒྱལ་དུ་འགྱུར་བར་བྱེད་དགོས།

གཅིག ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱེད་དགོས།

ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་གཞག་འཕེལ་རྒྱས་ཀྱི་སྟོབས་ལྡན་བསམ་བློའི་དྲག་ཆས་དང་། རྩ་བའི་བརྩི་སྲུང་། བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་ཡིན་པ་རེད། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཞིག་རེད། 2016ལོའི་ཟླ3ཚེས10ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་སྐྱེ་ཁམས་ཁོར་ཡུག་ལ་གཞན་གྱིས་ཚབ་བྱེད་མི་ནུས་པས། བཀོལ་སྤྱོད་བྱེད་དུས་ཚོར་བ་མེད་ཀྱང་། ཤོར་ན་གནས་དཀའ་བ་རེད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཛུགས་སྐྲུན་ཐད་ངེས་པར་དུ་ཆེ་ཕྱོགས་ཀྱི་ལྟ་བ་དང་། ཡུན་རིང་གི་ལྟ་བ། ཁྱོན་ཡོངས་ཀྱི་ལྟ་བ་བཅས་བཙུགས་ནས་སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་དང་། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ཏེ། མིག་འབྲས་ལ་སྲུང་སྐྱོང་བྱེད་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱས་ནས་ལྗང་མདོག་འཕེལ་རྒྱས་དང་འཚོ་བ་སྐྱེལ་སྟངས་ཞིག་གྲུབ་པར་སྐུལ་འདེད་གཏོང་དགོས།  2016ལོའི་ཟླ8ཚེས22ཉིན་ནས་ཚེས24ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་རང་རྒྱལ་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་རྨང་གཞི་གལ་ཆེན་ཞིག་རེད། མཚོ་སྔོན་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེས་ཆེ་ཤོས་དེ་སྐྱེ་ཁམས་ཡིན་ཞིང་། ཆེས་ཆེ་བའི་སྦས་ཤུགས་ཡང་སྐྱེ་ཁམས་ཡིན་པས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ངེས་པར་དུ་འབུར་ཐོན་གོ་གནས་སུ་བཞག་ནས་དམ་འཛིན་བྱེད་པ་དང་། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོབ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ་དང་། དཔལ་འབྱོར་ཕན་འབྲས་དང་། སྤྱི་ཚོགས་ཕན་འབྲས། སྐྱེ་ཁམས་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་བྱས། ལོ་ལྔའི་རྗེས་ཀྱི་ད་ལོའི་ཟླ3ཚེས7ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ལ་འགན་འཁྲི་གལ་ཆེན་འཁུར་ཡོད་པས་ངེས་པར་དུ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་། གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་།“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བཅས་ཀྱི་འགན་འཁྲི་ཆེན་པོ་འཁུར་ནས་རྒྱལ་ཁབ་དང་། མི་རིགས། བུ་རབས་ཚ་རྒྱུད་ལ་འགན་འཁུར་དགོས་ཞེས་ནན་བཤད་གནང་བ་རེད། ཟླ6ཚེས7ནས་ཚེས9ཉིན་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་ཡིན་ཞེས་ནན་བཤད་གནང་བ་རེད། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་དགོས་ན། སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་ལ་དངོས་གནས་སྲུང་སྐྱོང་བཟང་པོ་བྱ་དགོས། རྨ་འབྲི་རྫ་གསུམ་གྱི་འབྱུང་ཁུངས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཙོ་གནད་དུ་བཞག་ནས་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། རྨ་འབྲི་རྫ་གསུམ་གྱི་འབྱུང་ཁུངས་ལ་སྲུང་སྐྱོང་།“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་བྱེད་པའི་འགན་འཁྲི་ཆེན་པོ་བཟང་བོར་འཁུར་དགོས། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་བྱས་ཏེ་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཁྲོད་ཀྱི་འཐབ་ཇུས་གནས་བབ་ལ་ངོས་འཛིན་ཟབ་མོ་བྱུང་ཏེ། སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་ལག་བསྟར་བྱེད་པའི་བསམ་བློར་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དེ་མཚོ་སྔོན་གྱི་ས་གཞི་ཆེན་མོའི་སྟེང་ཡང་བསྐྱར་གཡུར་ཟའི་གྲུབ་འབྲས་ཐོབ་ཐུབ་པ་བྱེད་དགོས། དེ་དང་ཆབས་ཅིག གཞུང་ལུགས་དྲིལ་སྒྲོག་ཁྱབ་གདལ་དུ་གཏོང་བ་དམ་འཛིན་ཡག་པོ་བྱས་ནས་ གཞུང་ལུགས་ཞིབ་འཇུག་ལ་འགྲེལ་བཤད་ཟབ་མོ་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་མུ་མཐུད་དུ་སློབ་སྦྱོང་དང་དྲིལ་སྒྲོག་དངོས་འབེབ་གཏིང་ཟབ་བྱས་ནས་ལྗང་མདོག་གི་རིན་ཐང་ལྟ་བ་དེ་མིའི་སེམས་སུ་ཟུག་པར་བྱེད་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གསར་འཛུགས་བྱེད་པའི་སྤྱི་ཚོགས་ཀྱི་རིག་གནས་ཁོར་ཡུག་ལེགས་པོ་ཞིག་གྲུབ་པར་བྱེད་དགོས།

གཉིས། མ་ལག་ལྡན་པའི་སྒོ་ནས་སྐྱེ་ཁམས་བཅོས་སྐྱོང་བཟོ་སྐྲུན་ལ་སྐུལ་འདེད་གཏོང་དགོས།

མ་ལག་ལྡན་པའི་སྒོ་ནས་སྐྱེ་ཁམས་བཅོས་སྐྱོང་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་ལེགས་སྒྲིག་བྱེད་པ། ཉམས་ཞན་ཡིན་པའི་སྐྱེ་ཁམས་རྣམ་པར་མྱུར་དུ་ལེགས་བཅོས་གཏོང་བ། མཚོ་སྔོན་ནུབ་རྒྱུད་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་གཞི་རྟེན་བྱེད་དགོས། སྐྱེ་ཁམས་ནི་གཅིག་གྱུར་གྱི་རང་བྱུང་མ་ལག་ཅིག་ཡིན་ལ། ཕན་ཚུན་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་དམ་པོར་འབྲེལ་བའི་འབྲེལ་ཐག་ཅིག་ཡིན། ངེས་པར་དུ་མ་ལག་བཟོ་སྐྲུན་དང་ཁྱོན་ཡོངས་ཀྱི་ཟུར་ཚད་ནས་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་དགོས་པ་དང་། གཅིག་གྱུར་འཆར་འགོད་དང་། བྱེད་ཐབས་མང་པོ་སྤྱད་དེ་ཁྱོན་ཡོངས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་བཟོ་སྐྲུན་གྱི་བྱ་བ་སྤེལ་དགོས། གཅིག་ནི་སྐྱེ་ཁམས་བཅོས་སྐྱོང་བྱ་རྒྱུ་ནི་ཡུན་རིང་གི་བཟོ་སྐྲུན་ཞིག་ཡིན་པ་དང་། འདས་ཟིན་པར་རྐང་ཚུགས་པ་དང་། ད་ལྟ་ཁོང་དུ་ཆུད་པ། བུ་རབས་ཚ་རྒྱུད་ལ་ཕན་ཐོགས་སྐྲུན་དགོས་ན། ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། ང་ཚོར་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་ཡོད་དགོས་ལ། རྒྱུན་འཁྱོངས་ལྷོད་མེད་སྒོས་བརྟན་སྲུང་ཀྱང་བྱེད་དགོས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་གནས་སྟངས་ཁྲོད་མཚོ་སྔོན་གྱིས་གོ་གནས་གལ་ཆེན་ཟིན་ཡོད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་སྐྱེ་ཁམས་བཅོས་སྐྱོང་ལ་སྐུལ་འདེད་བྱེད་རྒྱུ་དེ་མཚོ་སྔོན་ལ་མཚོན་ནས་བཤད་ན། རྒྱལ་ཡོངས་ཀྱི་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བའི་དགོས་མཁོ་ཡིན་ལ། མཚོ་སྔོན་རང་སྟེང་གི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དགོས་མཁོ་ཡང་ཡིན་པ་རེད། གཉིས་ནི་སྐྱེ་ཁམས་བཅོས་སྐྱོང་བཟོ་སྐྲུན་གྱིས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་ཤུགས་ཆེན་པོས་ཐག་གཅོད་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་ཡོང་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་རང་རྟོགས་ཆེ་རུ་གཏོང་དགོས་ན། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་ཆེ་ཤོས་ལ་ངོས་འཛིན་གཏིང་ཟབ་དང་ཕྲག་ཏུ་བླངས་ནས་སེམས་ཁྲལ་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སྐྱེ་ཁམས་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས། “ཀྲུང་ཧྭའི་ཆུ་མཛོད”གཙོ་བོར་སྲུང་སྐྱོབ་ཡག་པོ་བྱས་ནས་འབྲི་ཆུའི་དཔལ་འབྱོར་རྒྱུད་དང་རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རི་སྔོ་ཆུ་དྭངས་དེ་མཚོ་སྔོན་རིགས་སོ་སོའི་མི་དམངས་ཀྱིས་མུ་མཐུད་དུ་ལོངས་སྤྱོད་བྱེད་པའི་རྒྱུ་ནོར་ཆེ་ཤོས་ཤིག་ཏུ་འགྱུར་བ་བྱེད་དགོས། གསུམ་ནི་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་གི་བཟོ་སྐྲུན་རབ་དང་རིམ་པ་ལག་བསྟར་བྱས། ཆུ་བོ་བཅོས་སྐྱོང་དང་། ཆུ་འགོ་སྲུང་སྐྱོབ་ལ་དམིགས་ནས་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བྱེད་པ། རྨ་ཆུ་དང་འབྲི་ཆུའི་བཞུར་ཁོངས་སྲུང་སྐྱོབ་དང་བཅོས་སྐྱོང་བཟོ་སྐྲུན་ལག་བསྟར་བྱེད་དགོས། བྱེ་ཐང་ཅན་བཅོས་སྐྱོང་དང་། ས་ཞིང་ལྗང་བསྒྱུར་ལ་དམིགས་ནས་མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཞིག་གསོ་བྱེད་པ། གྲོག་རོང་གི་ཕྱོགས་བསྡུས་ཁོར་ཡུག་བཅོས་སྐྱོང་དང་རྒྱལ་ཁོངས་ལྗང་བསྒྱུར་རྒྱ་སྐྱེད་པའི་བཟོ་སྐྲུན་གྱི་སྤུས་ཀ་མཐོར་འདེགས་གཏོང་དགོས། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་། འཚོ་སྡོད་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ལ་དམིགས་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་བཟོ་སྐྲུན་ལག་བསྟར་བྱས་ཏེ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་ལྟ་ཞིབ་ཚད་ལེན་དང་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་དགོས།

གསུམ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བགྲོད་པ་རྒྱུན་འཁྱོངས་བྱེད་དགོས།

མཚོ་སྔོན་གྱི་ཁྱབ་སྟོབས་དང་ཐོན་ཁུངས་དང་ཟུང་འབྲེལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དེ།“སྐྱེ་ཁམསབྱ་དགའ”སྔར་ལས་མང་བ་སྟེར་དགོས། སྐྱེ་ཁམས་དམར་ཐིག་ནན་སྲུང་བྱེད་པར་གཡོ་འགུལ་མི་གཏོང་བ་དང་། ཕྱིར་བཤོལ་མི་བྱེད་པ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལྷོད་གཡེང་རུ་མི་གཏོང་བ་རྒྱུན་འཁྱོངས་བྱེད་དགོས། ཚད་ཆེས་མཐོ་བའི་སྒོ་ནས་མང་ཚོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས་གཏོང་བའི་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་ནས་རང་བྱུང་སྐྱེ་ཁམས་མ་ལག་གི་ཁྱད་སྟོབས་ལ་གཞི་བཅོལ་ཏེ། སྐྱེ་ཁམས་དེ་ཐོན་ཁུངས་འཕེལ་རྒྱས་ཀྱི་འབྲེལ་ཡོད་ཐོན་ལས་བྱེད་པ་དང་། སྐྱེ་ཁམས་རྣམ་པའི་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་དེ།“རི་སྔོ་ཆུ་དྭངས”དེ“གསེར་རི་དངུལ་རིར”འགྱུར་བར་བྱེད་དགོས། དང་པོ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་དགོས། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བཀོལ་སྤྱོད་ཀྱི་ཕན་འབྲས་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། འཕེལ་རྒྱས་གསར་བའི་འདུ་ཤེས་དང་འཚམ་པའི་དེང་རབས་ཅན་གྱི་ཚྭ་མཚོའི་ཐོན་ལས་མ་ལག་ཅིག་ཤུགས་ཆེན་པོས་འཛུགས་སྐྲུན་བྱེད་དགོས། གཉིས་པ། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་དགོས། ལྗང་མདོག་ནུས་ཁུངས་ཀྱི་གསར་བརྗེ་སྤེལ་ཏེ། འོད་ཧྥུའུ་སོགས་ནུས་ཁོངས་གསར་པ་འཕེལ་རྒྱས་བཏང་ནས་གཞི་ཁྱོན་གྱི་ཁྱད་སྟོབས་དང་། ཕན་འབྲས་ཀྱི་ཁྱད་སྟོབས། ཚོང་རའི་ཁྱད་སྟོབས་ཀྱི་འདེགས་སྐྱོར་ཐོན་ལས་སྐྲུན་ནས་རྒྱལ་ཁབ་ཀྱི་གལ་ཆེའི་ནུས་ཁུངས་གསར་བའི་ཐོན་ལས་རྟེན་གཞི་སྐྲུན་དགོས། གསུམ་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་བསྐྲུན་དགོས། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་དགོས་མཁོ་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མཚོ་སྔོན་ས་ཁུལ་གྱི་རང་བྱུང་རིག་གནས་སྔོག་འདོན་ཟབ་མོ་བྱས་ནས་རྒྱལ་དམངས་ཀྱི་རང་བྱུང་སློབ་གསོའི་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། དེ་དང་ཆབས་ཅིག སྐྱེ་ཁམས་ཡུལ་སྐོར་གྱི་སྒྲིག་ཆས་ཆ་ཚང་འཐུས་ཚང་དུ་བཏང་ནས་སྐྱེ་ཁམསའགུགས་ཤུགས་མཐོར་འདེགས་གཏོང་དགོས་པ་དང་། རང་བྱུང་ཐོན་ཁུངས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་སྟེང་མཚོ་སྔོན་མི་དམངས་ལ་སྔར་ལས་མང་པོའི་དཔལ་འབྱོར་གྱི་ཕན་འབྲས་སྐྲུན་རྒྱུ་རེད། བཞི་བ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་ཤུགས་ཆེན་པོས་སྐྲུན་དགོས། སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་དང་། ལྗང་མདོག་ལ་བརྟེན་ནས་ཞིང་ལས་དར་སྤེལ་གཏོང་བ། ཚོང་རྟགས་ལ་བརྟེན་ནས་ཞིང་ལས་སྟོབས་ཆེར་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་བསྐྲུན་ནས་དེང་རབས་ཀྱི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་སུ་གཏོང་བ་དང་། སྐམ་འདེབས་ཞིང་ལས་ལ་སྐུལ་འདེད་གཏོང་བ། ཐང་རྒོད་ཅན་གྱི་ས་ཞིང་བཀོལ་སྤྱོད་བྱས་ནས་དེང་རབས་ཀྱི་ཞིང་ཆུ་འདྲེན་པའི་ཞིང་ལས་འཕེལ་རྒྱས་གཏོང་བ་འཚོལ་ཞིབ་བྱེད་པ་དང་། ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་རྣམ་པ་བསྒྱུར་བའི་ཤུགས་ཚད་ཇེ་མགྱོགས་སུ་བཏང་ནས། ལྷད་མེད་ཞིང་ལས་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོབ་བྱས་ཏེ། དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་མངོན་འགྱུར་བྱས་ཏེ། ལྗང་མདོག་དེ་མཚོ་སྔོན་གྱི་བློ་བརྟན་འགྱུར་མེད་དང་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་རྨང་གཞི་ཞིག་ཏུ་འགྱུར་བ་བྱེད་དགོས།

བཞི། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་དགོས།

སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་འཛུགས་སྐྲུན་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཆེས་གཟབ་ནན་ཡིན་པའི་ལམ་ལུགས་དང་། ཆེས་ཞིབ་ཚགས་ཡིན་པའི་ཁྲིམས་སྐྱོང་ལག་བསྟར་བྱས་ན། ད་གཟོད་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་བློ་འགེལ་ཆོག་པའི་འགན་སྲུང་འདོན་སྤྲོད་བྱེད་ཐུབ་ཅེས་ནན་གྱིས་གསུངས། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་བསྒྱུར་ལ་སྔར་ལས་ལྷག་པའི་སྒོ་ནས་སྐུལ་འདེད་དང་འཐུས་ཚང་དུ་བཏང་སྟེ། ལམ་ལུགས་ཀྱི་མ་ལག་ལ་བརྟེན་ནས་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་བྱེད་པ་དང་། ས་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་རྣམ་པར་སྲུང་སྐྱོབ་བྱ་རྒྱུ་ནི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་ཡུན་རིང་བོར་འཛུགས་སྐྲུན་བྱེད་པའི་འགན་སྲུང་གལ་ཆེན་ཞིག་རེད། ཕྱོགས་གཅིག་ནས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཛུགས་སྐྲུན་ཐད་གྲུབ་འབྲས་ཅུང་ཆེ་བ་བླངས་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་འཛུགས་སྐྲུན་བྱས་ཏེ་གཞི་རྩའི་ཆ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱས་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཡོངས་ནས《སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་གྱི་སྤྱིའི་བྱེད་ཐབས》སྔོན་ལ་བཟོས་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་ལྟ་ཞིབ་ཚད་ལེན་དང་། གདེང་འཇོག དཔྱད་ཞིབ། འགན་འཁྲི་བདའ་འདེད་བཅས་ཀྱི་ལམ་ལུགས་མ་ལག་དང་འབྱུང་རྩ་ནས་ནན་འགོག་བྱེད་པ་དང་། བརྒྱུད་རིམ་ལ་དོ་དམ་ནན་མོ་བྱེད་པ། གནོད་འཚེ་ཁ་གསབ། མཇུག་འབྲས་ལ་ཆད་པ་ནན་མོ་གཅོད་པ་སོགས་ཀྱི་རྨང་གཞི་རང་བཞིན་ལམ་ལུགས་ཀྱི་སྒྲོམ་གཞི་ཞིག་བཏོད་ཡོད་པ་རེད། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་སྟེ། མཚོ་སྔོན་དང་ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་མ་ལག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་བྱས་རྗེས་གལ་ཆེན་བཞག་ཡོད། ཕྱོགས་གཞན་ཞིག་ནས་ཁྲིམས་སྐྱོང་གི་འགན་སྲུང་ནན་མོ་ཡིན་པའི་སྐྱེ་ཁམས་ལམ་ལུགས་ཀྱི་ལྟ་བ་བརྟན་སྲུང་བྱེད་པ་དང་། ས་གནས་རང་གི་སྐྱེ་ཁམས་ཁོར་ཡུག་འཕེལ་རྒྱས་ཀྱི་གནས་ཚུལ་གསར་པ་དང་ཁྱད་ཆོས་གསར་བར་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་སྔར་ལས་ལྷག་པར་འཛུགས་དགོས། ཐོན་ཁུངས་ལ་རིན་པ་ཡོད་པའི་སྒོ་ནས་བཀོལ་སྤྱོད་པའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཐོན་ཁུངས་ཕན་ནུས་ཆེ་བའི་སྒོ་ནས་བཀོལ་སྤྱོད་དང་བཙོག་རྫས་འོས་འཚམ་གྱིས་ཕྱིར་གཏོང་བྱེད་པ་མངོན་འགྱུར་བྱེད་དགོས། སྣ་མང་ཅན་གྱི་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་བཙུགས་ནས་རྒྱལ་ཡོངས་ནས་ཐོག་དང་པོར་ཆོག་མཆན་ཐོབ་པའི་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ཚོད་ལྟའི་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་རྐྱེན་སྲོལ་བཙུགས་ཏེ། རི་སྔོ་ཆུ་དྭངས་དེ“ཐོན་ལས་བཞི་པར”བརྩིས་ནས་ལས་གཉེར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་རིན་ཐང་གིས་མི་ཆོས་རིག་གནས་ཀྱི་རིན་ཐང་དང་། དཔལ་འབྱོར་རིན་ཐང་། འཚོ་བའི་རིན་ཐང་ཕྱོགས་སུ་བསྒྱུར་བའི་ཐབས་ལམ་རྒྱ་ཆེར་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་གྱི་གདེང་འཇོག་དཔྱད་ཞིབ་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་བཏང་ནས་དཔྱད་ཞིབ་མཇུག་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲིའི་ལམ་ལུགས་ནན་ཏན་དུ་གཏོང་བ། ལྟ་ཞིབ་ཚད་ལེན་གྱི་ལྟ་སྐུལ་དོ་དམ་མཐུན་སྦྱོར་མཉམ་འགུལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ལམ་ལུགས་ཀྱི་སྐྱེ་སྟོབས་ནི་ལག་བསྟར་ལ་རག་ལས་ཡོད། བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། སྡེ་ཁག་གི་སྒྲིག་སྲོལ། ས་གནས་ཀྱི་ཁྲིམས་སྲོལ། ས་གནས་ཀྱི་སྒྲིག་སྲོལ། ཁོར་ཡུག་གི་ཚད་གཞི། ཁོར་ཡུག་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་ཆིངས་ཡིག་སོགས་ཀྱིས་གྲུབ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་རིམ་བཞིན་བཙུགས་ཏེ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས།

མཚོ་སྔོན་གྱི་རིན་ཐང་ཆེས་ཆེ་བ་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེས་ཆེ་བ་སྐྱེ་ཁམས་ཀྱི་སྟེང་དུ་ཡོད་ལ། སྦས་ཤུགས་ཆེས་ཆེ་བ་ཡང་སྐྱེ་ཁམས་ཡིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ནན་ཏན་གྱིས་སྐུལ་འདེད་གཏོང་བ་དེ་ནི་མཚོ་སྔོན་གྱི་ཆབ་སྲིད་འགན་འཁྲི་དང་བྱ་སྤྱོད་ཀྱི་རང་རྟོགས་ཡིན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས་སྐྱེ་ཁམས་སྔོན་མ་ཡིན་པ་དང་ལྗང་མདོག་འཕེལ་རྒྱས་ཁྲིད་སྟོན་དུ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་མ་ལག་འཛུགས་སྐྲུན་ནས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ་མངོན་འགྱུར་བྱེད་པ་དང་། སྐྱེ་ཁམས་ཁྱད་སྟོབས་མུ་མཐུད་དུ་འགྲན་རྩོད་ཁྱད་སྟོབས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ནུས་པ་གཙོ་བོ་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་མཚོ་སྔོན་གྱིས་བྱས་རྗེས་འབུལ་དགོས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།