$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2013.11.07 ཡོང་ཁུངས།
0
0

འཚོགས་ཡུན་ཉིན་གཉིས་ཡིན་པའི་རེས་སྐོར་གསར་བའི་དབྱི་ལང་གི་རྡུལ་ཕྲན་གནད་དོན་གྲོས་མོལ་དེ་ཡུལ་དེའི་དུས་ཚོད་ཟླ10ཚེས16ཉིན་གྱི་ཕྱི་དྲོར་རི་ནོས་ཝ་ནས་མཇུག་གྲོལ། རེས་སྐོར་འདིའི་གྲོས་མོལ་ལ་མགོ་འཛིན་བྱེད་པའི་ཡོ་རུབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཐད་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་གྱིས་ཚོགས་འདུ་གྲོལ་མ་ཐག་ཡུན་ཐུང་ཙམ་ལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། ཨ་ཧྲི་ཏོན་གྱིས་གྲོས་མོལ་ཕྱོགས་ཁག་གཞན་པ་རྣམས་ཀྱི་ཚབ་བྱས་ཏེ་མཉམ་འབྲེལ་གསལ་སྒྲོག་ཀློག་འདོན་བྱས་པས། དེ་ཡང་དབྱི་ལང་གི་རྡུལ་ཕྲན་གྲོས་མོལ་བསྡུས་ཚུན་དུ་བྱུང་བའི་མཉམ་འབྲེལ་གསལ་སྒྲོག་ཐོག་དང་པོ་རེད།

གསལ་སྒྲོག་དེས་དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་ཀྲ་ལིས་ཧྥུའུ་ཡིས་ད་རེབ་གྲོས་གཞི་གསར་བ་ཞིག་བཏོན་པ་བདེན་དཔང་བྱས་པས། གྲོས་མོལ་རྒྱལ་ཁབ་གཞན་པ་དྲུག་གི་འཐུས་མི་ཚོས་བསམ་པར། དབྱི་ལང་གིས་བཏོན་པའི་གྲོས་གཞི་དེས་རྡུལ་ཕྲན་གྲོས་མོལ་བྱེད་པར་བྱས་རྗེས་ཆེན་པོ་འཇོག་སྲིད་སྙམ། གྲོས་མོལ་ཕྱོགས་ཁག་གཙོ་བོས་གྲོས་གཞི་གསར་བ་དེ་གཞིར་བཟུང་ནས་ཕྱོགས་གཉིས་བར་ལ་རྩད་བསྡུར་ཟབ་མོ་བྱས། ཕྱོགས་སོ་སོ་ནས་ཟླ11ཚེས7ཉིན་ནས་ཚེས8ཉིན་བར། རི་ནོས་ཝ་ནས་ཡང་བསྐྱར་གྲོས་མོལ་ཚོགས་འདུ་བསྡུ་རྒྱུ་འཐད་པ་བྱུང་

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།