ཨུ་རུ་སི་དང་ཨུ་རུ་སི་དཀར་པོ། ཧ་སག་སི་ཐན་བཅས་རྒྱལ་ཁབ་གསུམ་པོའི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བའི་མཐར་མཇུག་གི་དམིགས་ཡུལ་ནི་མི་གྲངས་དུང་ཕྱུར་གཅིག་དང་བྱེ་བདུན་ཡོད་པའི་གཅིག་གྱུར་གྱི་ཁྲོམ་ར་ཞིག་འཛུགས་རྒྱུ་དེ་རེད།
ཨུ་རུ་སི་དང་ཨུ་རུ་སི་དཀར་པོ། ཧ་སག་སི་ཐན་རྒྱལ་ཁབ་གསུམ་གཅིག་ཏུ་སྒྱུར་བའི་འཕེལ་རིམ་ལ་འགན་འཁུར་བའི་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཆེས་མཐོའི་ལས་འཛིན་ཚོགས་པའི་གྲོས་ཚོགས་དེ་ཉེ་ལམ་ཧ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ན་ནས་འཚོགས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་། ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁི། ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲར་པ་ཡེ་ཧྥུའུ་གསུམ་གྱིས«ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་ཆིགས་ཡིག»སྟེང་མིང་བཀོད། ཆིགས་ཡིག་ལྟར་ན། ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་ལས་ཀ་དེ་སང་ལོའི་ཟླ