ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཅུ་བཞི་ཉིན་སྤེལ་བའི་གསལ་སྒྲོག་ལས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལི་ཡིས་དབྱི་རག་གི་ཕྱི་འབྲེལ་པུའུ་ཀྲང་ཙི་པ་ལི་ལ་ཁ་པར་བཏང་ནས། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་རག་སྲིད་གཞུང་ལ་རྩོད་གཞི་ཅིས་ཀྱང་མཚམས་བཞག་སྟེ། མི་རིགས་མཐུན་སྒྲིལ་བྱས་ན། ཨ་མེ་རི་ཁ་ཕྱོགས་ཀྱི་རོགས་སྐྱོར་ལ་ད་གཟོད་ནུས་པ་ཐོན་སྲིད་ཟེར།
ཨ་མེ་རི་ཁ་རྒྱལ་སྲུང་པུའུ་ཡིས་བཤད་ཚུལ་ལྟར་ན། ཆོ་ཀྲི•པུའུ་ཧྲི་རྟགས་ཅན་གྱི་མ་གྲུ་དེ་ཉིན་དེའི་དགོང་མོར་མཚོ་ཁུག་ཏུ་སྐྱོད་དེ། སློང་སྲིད་པའི་དམག་དོན་འགུལ་སྐྱོད་དང་དུ་ལེན་པར་སྒུག་ཡོད་ཟེར།
མཐུན་སྒྲིལ་མེད་ཚེ་འཆམ་མཐུན་འབྱུང་དཀའ།
ཨ་མེ་རི་ཁའི་ཕོ་བྲང་དཀར་པོ་ནས་ཚེས་བཅུ་བཞིའི་ཉིན་བཤད་པ་ལྟར་ན། ཙུང་ཐུང་ཨོ་པ་མཱ་ཡིས་དབྱི་རག་གི་གནས་བབ་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པར་མ་ཟད། ཚེས་བཅུ་གསུམ་ཉིན་གྱི་དགོང་མོ་དང་ཚེས་བཅུ་བཞིའི་ཉིན་གྱི་ཞོགས་པར་རྒྱལ་ཁབ་བདེ་འཇགས་བློ་འདོན་པ་ལེ་སི་ཡི་ཡར་ཞུ་ལ་ཉན་ཟེར།
