$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2014.06.23 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
0
0

ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། སན་ལིན་ལྗིད་བའི་བཟོ་ལས་གཙོ་བྱས་པའི་འཇར་པན་གྱི་དམག་ཆས་མཁོ་འདོན་ཁེ་ལས་བཅུ་བཞི་ཡོ་རོབ་གླིང་རྒྱལ་སྤྱིའི་འགོག་སྲུང་འགྲེམ་སྟོན་ལ་ཞུགས་པ་དེ་ནི་འཇར་པན་གྱི་ཁེ་ལས་ཐོག་དང་པོར་འཛམ་གླིང་འགོག་སྲུང་ཁྱབ་ཁོངས་ཀྱི་རྩེར་སོན་འགྲེམ་ཚོགས་སུ་ཞུགས་པ་རེད།

ཕྱིའི་ཆ་ནས་བལྟས་ན། འགྲེམ་ཚོགས་ལ་ཞུགས་པ་དེ་ཁེ་ལས་ཀྱི་བྱ་སྤྱོད་ཅིག་ཡིན་མོད། འོན་ཀྱང་དོན་དེ་སྒྲུབ་མཁན་ངོ་མ་ནི་འཇར་པན་སྲིད་གཞུང་ཡིན། འགྲེམ་ཞུགས་བཟོ་གྲྭ་དང་ཚོང་བས་བཤད་པ་ལྟར་ན། འཇར་པན་ནེ་ཀི་ཡིས་འགོག་སྲུང་སྒྲིག་ཆས་སྤོ་བསྒྱུར་གྱི་རྩ་དོན་གསུམ་ཞེས་པར་གྲོས་འཆམ་བྱུང་རྗེས། འགོག་སྲུང་ཧྲིན་དང་དཔལ་འབྱོར་ཐོན་ལས་ཧྲིན་གྱིས་རྒྱལ་ནང་གི་དམག་ཆས་མཁོ་འདོན་ཁེ་ལས་བསྡུས་ཏེ། ཡོ་རོབ་གླིང་གི་འགོག་སྲུང་སྒྲིག་ཆས་འགྲེམ་སྟོན་ལ་ཞུགས་དགོས་པའི་རེ་འབོད་བཏོན། ཤེས་གསལ་ལྟར་ན། སན་ལིན་ལྗིད་བའི་བཟོ་ལས་སོགས་འགྲེམ་ཞུགས་ཁེ་ལས་ཀྱིས་གཙོ་བོར་སྐྱེལ་འདྲེན་ཁྲབ་ལྡན་འཁོར་ལོའི་འདྲ་དབྱིབས་དང་། སྐམ་སའི་རང་སྲུང་དམག་སྤྱོད་རླངས་འཁོར། ས་འོག་འབར་མདེལ་འཚོལ་ཆས་སོགས་འགྲེམ་སྟོན་བྱས། དེ་ནི་འཇར་པན་གྱི་མཚོན་ཆའི་ཚོང་ཁ་ཕྱི་ལ་སྐོར་བའི་གོ་རིམ་གལ་ཆེན་ཞིག་རེད།

འཛམ་གླིང་འཁྲུག་ཆེན་གཉིས་པ་

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།