ཉེ་ཆར་དབྱི་རག་རྒྱལ་ཁབ་དེ་ཨ་མེ་རི་ཁའི་དམག་དཔུང་ཕྱིར་འཐེན་པའི་ཚུན་གྱི་ཆེས་ཟང་ཟིང་གི་གནས་སུ་ལྷུང་ཡོད། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་དང་བདེ་འཇགས་དམག་དཔུང་གི་བར་བསྟུད་མར་གདོང་གཏུག་དྲག་པོ་བྱུང་བར་མ་ཟད། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་སྔ་གཞུག་ཏུ་དབྱི་རག་བྱང་ཕྱོགས་ཀྱི་གྲོང་ཁྱེར་གཙོ་བོ་མའོ་སོ་ཨེར་དང་ཐི་ཁི་ལིས་ཁི་གཉིས་བཙན་བཟུང་བྱས་པས། དབྱི་རག་གི་བདེ་འཇགས་གནས་བབ་མྱུར་བར་ཇེ་སྡུག་ཏུ་གྱུར། ཨ་མེ་རི་ཁས་དངོས་སུ་དམག་སྦྱོང་བྱས་པའིM1A1གཙོ་འཐབ་ཐན་ཁི་འཁོར་ལོ་དང་། དྲག་ཆས་གྱན་འཕུར་གནམ་གྲུ་སོགས་སྔོན་ཐོན་མཚོན་ཆ་ཡོན་པའི་དབྱི་རག་སྲིད་གཞུང་དམག་དཔུང་གིས་ཕུས་ཁ་རླངས་འཁོར་དང་། AK47མེ་མདའ་སོགས་མཚོན་ཆ་ལས་མེད་པའི་དྲག་ཆས་པ་དང་འཐབ་རེ་བྱེད་སྐབས་རྨོག་དབྱུག་ཁྲབ་དོར་ལྟ་བུའི་ཕམ་ཁ་མྱངས་པ་ལས་གཞན། ཐ་ན་མི་སྟོང་ལྷག་གིས་དམག་ལྭ་ཕུད་དེ་དྲག་ཆས་པར་མགོ་བཏགས།
ལོ་བཅུའི་སྔོན་ལ། ཨ་མེ་རི་ཁས་མདའ་གཅིག་གིས་ཤྭ་བོ་ཉིས་གསོད་ཅེས་པའི་དཔེ་ལྟར། དབྱི་རག་གི་དམག་འཁྲུག་བརྒྱུད་དེ་སཱ་ཏ་མུའུ་སྲིད་དབང་གི་འཇིགས་ཉེན་གཙང་སེལ་བྱས་ཏེ། དབྱི་རག་གི་རྡོ་སྣུམ་དབང་དུ་བསྡུས་པ་དང་། ཨ་མེ་རི་ཁའི་དབང་དུ་གྱུར་བའི་སྲིད་གཞུང་དུ་དམངས་གཙོའི་དཔེ་གཞི་བ