༼ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ།༽
ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ཨེ་ཅིབ་ལ་ཐོན་ནས། དབུས་ཤར་དང་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་མང་བོར་འཚམས་འདྲི་བྱེད་པའི་འགྲུལ་བཞུད་ཀྱི་མགོ་བརྩམས། དབྱི་རག་ཉིང་རྡུལ་གྲོས་ཆོད་བཀོད་རྗེས་རྒྱལ་སྲུང་པུའུ་ཀྲང་ཁ་ཐི་ཡི་རྗེས་སུ་དབུས་ཤར་དུ་བསྐྱོད་པའི་ཨ་རིའི་དཔོན་རིགས་གཉིས་པ་ཡིན་པའི་ཆ་ནས། ཁི་ལེ་ཡིས་ཐེངས་འདིའི་འགྲུལ་བཞུད་ཁྲོད་དུ་ཨ་རི་དང་ཨེ་ཅིབ་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སླར་གསོ་བྱེད་རྒྱུ་ཡིན་པ་མ་ཟད། གཙོ་བོ་དབྱི་ལང་ཉིང་རྡུལ་གྲོས་ཆོད་ཐད་ནས་སེམས་བདེ་ལ་བབས་མེད་པའི་མཚོ་ཁུགས་མནའ་འབྲེལ་རྒྱལ་ཁབ་ལ་སེམས་གསོ་བྱེད་རྒྱུ་རེད།
ཁི་ལེ་ཡིས་ཁའེ་ལོ་ནས་ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཧྲུའུ་ཁའེ་ལེ་དང་མཉམ་དུ་ཉིས་སྟོང་དགུ་ལོའི་ཚུན་གྱི་ཨ་མེ་རི་ཁ་དང་ཨེ་ཅིབ་ཀྱི་འཐབ་ཇུས་གྲོས་མོལ་ཐོག་དང་བོར་མགོ་འཛིན་བྱས་ཏེ། ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས་བཅས་ཐད་ཀྱི་