བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུང་ཏུང་གི་གནས་བབ་ལ་གྲོས་སྡུར་བྱེད་སྐབས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཐུས་མིས་ཕན་ཚུན་ལ་སྐྱོན་འཛུགས་བྱས།
མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་གཉིས་ཉིན་པུའུ་ཀྲང་རིམ་པའི་མངོན་སུམ་གྱི་རྩོད་གླེང་གྲོས་ཚོགས་བསྡུས་ཏེ་ཀྲུང་ཏུང་གི་གནས་བབ་ལ་གྲོས་སྡུར་བྱས། ཕ་ལེ་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་མྭ་ལི་ཅིས་དང་དབྱི་སི་རལ་གྱི་འཐུས་མི་ཏ་ནོང་གིས་ཕྱོགས་གཉིས་ཀྱིས་མིག་སྔའི་རྒྱུན་ཆད་མེད་པར་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ལ་འགན་འཁུར་དགོས་པར་ཕན་ཚུན་ལ་སྐྱོན་འཛུགས་བྱས།
