དང་པོ། ཀྲུང་གོའི་ཕྱི་འབྲེལ་ཐད་ལ་གྲུབ་འབྲས་ཆེན་པོ་བླངས།
༼2015ལོའི་ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉིག་ཡོ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་སྐབས་བདུན་ཅུ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱིར་བཏང་རང་བཞིན་གྱི་དཔྱད་བསྡུར་ལ་ཞུགས་པ་མ་ཟད་ཁ་ཡིག་ལ་མཉམ་ལས་མཉམ་རྒྱལ་གྱི་གྲོགས་པོ་གསར་བའི་འབྲེལ་བ་འཛུགས་པ་དང་། མཉམ་དུ་མིའི་རིགས་ཀྱི་སྐྱིད་སྡུག་གི་ཐུན་མོང་ཚོགས་པ་འཛུགས་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་།༽
2015ལོའི་ཟླ་དང་པོའི་ཚེས་བརྒྱད་ནས་ཚེས་དགུ་ཉིན་བར། ཀྲུང་གོ་དང་ལཱ་ཏི་མེ་གླིང་ཐུན་མོང་ཚོགས་པའི་གླེང་སྟེགས་ཀྱི་སྐབས་དང་པོའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་པེ་ཅིན་ནས་བསྡུས་པ་དེ་ལས་ནང་རྐྱེན་དེ་དངོས་སུ་མགོ་བརྩམས་པ་མཚོན། ལོ་གཅིག་གི་རིང་ལ། ཀྲུང་གོའི་ཕྱི་འབྲེལ་ཐད་ལ་གྲུབ་འབྲས་ཆེན་པོ་བླངས་ཤིང་། ཕྱོགས་མང་