$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.06.07 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
0
0

དབྱི་རག་གི་སྲིད་གཞུང་དམག་རིམ་བཞིན་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པས་ཚོད་འཛིན་བྱས་ཡོད་པའི་གྲོང་ཁྱེར་གཙོ་བོ་ཧྥེ་ལུའུ་ཅེ་ཕྱོགས་སུ་བཅར་བ་དང་། གྲོང་ཁྱེར་དེ་བཅིངས་འགྲོལ་གཏོང་བའི་སྤྱིའི་དཔུང་འཇུག་དེ་ཡང་གནད་འགག་གི་སྐབས་སུ་སླེབས་ཡོད། ཉེ་ལམ་སྲིད་གཞུང་དམག་གིས་ཧྥེ་ལུའུ་ཅེ་གྲོང་ཁྱེར་གྱི་ལྷོ་ཕྱོགས་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣ་བཅོ་ལྔ་བསད། ཡིན་ན་ཡང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣས་ཕྱིར་རྒོལ་ལན་དྲག་པོ་སྤྲད་པ་མ་ཟད། ད་དུང་ས་དེའི་མི་སེར་ཁྲི་ལྔ་ནས་ཁྲི་བདུན་ཙམ་གཏའ་མར་བཟུང་བ་དང་། དེའི་ནང་དུ་ཉེས་མེད་བྱིས་པ་ཁྲི་སྟོང་མང་བོ་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པས་ཉེ་སྔོན་ཉེན་བརྡ་བཏང་ནས། མིག་སྔར་ཧྥེ་ལུའུ་ཅེ་གྲོང་ཁྱེར་ན་ཉུང་མཐར་ཡང་བྱིས་པ་ཁྲི་གཉིས་ཡོད་ལ། བྱིས་པ་དེ་དག་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་བཙན་གནོན་འོག་ཏུ་གཏའ་མར་གྱུར་ཡོད་པ་མ་ཟད། ཁོ་ཚོ་འཐབ་འཁྲུག་ཁྲོད་དུ་ཞུགས་སུ་འཇུག་པའི་ཉེན་ཁ་ཆེ་ཞེས་བཤད། ཐེབས་རྩ་ཚོགས་པ་དེའི་དབྱི་རག་ཏུ་སྡོད་པའི་འཐུས་མི་ཧོ་ཅིན་སི་ཡིས་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། ས་དེའི་ཟས་རིགས་དང་སྨན་རྫས་མཁོ་འདོན་གྱི་མཚམས་ཆད་པ་དང་། དྲག་ཤུགས་ཀྱི་འོག་ཏུ་ཚུད་པའི་བྱིས་པ་རྣམས་མྱུར་དུ་སྐྱོབ་དགོས་ཟེར། དེའི་ཕྱིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པས་ཕྱོགས་སོ་སོས་ཧྥེ་ལུའུ་ཅེ་གྲོང་ཁྱེར་དུ་ཡོད་པའི་བྱིས་པ་རྣམས་ལ་སྲུང་སྐྱོབ་བྱས་ཏེ། གྲོང་ཁྱེར་གྱི་ཕྱི་རུ་ཡོང་འདོད་མཁན་རྣམས་ལ་བདེ་འཇགས་ཀྱི་བགྲོད་ལམ་ཞིག་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།
ཧྥེ་ལུའུ་ཅེ་ནི་དབྱི་རག་ནུབ་ཕྱོགས་ཀྱི་ཨན་པ་ཨར་ཞིང་ཆེན་དུ་ཡོད་པ་དང་། དེ་དང་རྒྱལ་ས་པ་ཀི་ཏའི་བར་ལ་སྤྱི་ལེ་ལྔ་བཅུ་ཡོད། ཉིས་སྟོང་བཅུ་བཞི་ལོར་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པས་ཧྥེ་ལུའུ་ཅེ་གྲོང་ཁྱེར་བཙན་བཟུང་བྱས་པ་དང་། རྩ་འཛུགས་དེས་ཆེས་ཐོག་མར་ཚོད་འཛིན་བྱས་པའི་གྲོང་ཁྱེར་ནང་གི་གཅིག་རེད། ད་ལྟའི་ཧྥེ་ལུའུ་ཅེ་ནི་འཇིགས་སྣང་དང་མྱ་ངན་གྱི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད། ནོར་ཝེའི་ཡུལ་གྱར་ལས་འཛིན་ཚོགས་པའི་དབྱི་རག་ཏུ་སྡོད་པའི་ལག་བསྟར་དཔོན་པོ་མུའུ་ཧྥུའུ་ལ་ཞིན་གྱིས་བཤད་རྒྱུར། ཁོས་ཧྥེ་ལུའུ་ཅེ་ནས་བྲོས་ཡོང་བའི་ཡུལ་གྱར་བ་ཁ་ཤས་ཀྱིས་ཁོ་ཚོས་བཀྲེས་ལྟོགས་དང་སྡུག་བསྔལ་མྱངས་པའི་གནས་ཚུལ་བཤད་པ་གོ་མྱོང་ལ། གཏམ་རྒྱུད་རེ་རེས་མི་རྣམས་ཡ་ང་བར་བྱེད་ཟེར། ཧྥ་རན་སིའི་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མ་ཞིག་གིས་བཤད་རྒྱུར། གྲོང་ཁྱེར་དུ་བཀག་སྡོམ་བྱས་པས་ཟས་རིགས་ལག་ཏུ་འབྱོར་རྒྱུ་ཡང་ཧ་ཅང་དཀའ། ཁོ་ཚོས་ཟླ་འགའི་རིང་ལ་བཀྲེས་ལྟོགས་མྱངས་ཏེ། ཉིན་རེར་སིལ་ཙོ་རིལ་ཁ་ཤས་མ་གཏོགས་ཟ་རྒྱུ་མེད་པ་དང་། ཐ་ན་རྩྭ་སྔོན་ཟོས་ཏེ་བཀྲེས་ལྟོགས་སེལ་བ་ཡིན་ལ། སྐྱེས་མ་ཐག་པའི་བྱིས་པ་མང་བོར་འཚོ་བཅུད་ཀྱིས་མ་འདང་བས་ཟླ་ཁ་མ་གང་བར་ཚེ་ལས་འདས་སོང་ཟེར།

གཞན་ཡང་དབྱིན་ཇིའི་ཉིན་རེའི་གློག་འཕྲིན་ཚགས་པར་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ཧྥེ་ལུའུ་ཅེ་གྲོང་ཁྱེར་ཕྱི་རོལ་གྱི་ཡུལ་གྱར་བའི་སྒར་ས་རུ། གདོང་ལ་ངལ་དུབ་ཀྱི་རྣམ་པས་ཁེངས་པ་དང་འཚོ་བཅུད་ཀྱིས་མ་འདང་ཞིང་། ལྭ་བ་ཧྲལ་ཧྲུལ་གྱོན་པའི་བྱིས་པ་ཧ་ཅང་མང་། ཁྱིམ་ཚང་ཞིག་ནམ་གུང་ཧྥེ་ལུའུ་ཅེ་གྲོང་ཁྱེར་ནས་ཕྱིར་བྲོས་པ་དང་། ཐལ་སྤྱོད་མི་སྣའི་ར་མདར་གཡོལ་ཆེད། ཁོ་ཚོས་འདྲུད་ལྷམ་ཕུད་དེ་སྔོན་ལ་ཆུ་སྦུག་ནང་དུ་བསྐུངས་པ་དང་། དེའི་རྗེས་སུ་གོ་སྐབས་བཙལ་ཏེ་ཡུལ་གྱར་བའི་སྒར་སའི་ཉེ་འདབས་སུ་ཐོན་ལ། ལག་པས་ཡར་བཀྱགས་པའི་དར་ཆ་དཀར་པོ་ཡང་ལུས་སྟེང་དུ་གྱོན་པའི་ལྭ་བ་རེད་ཟེར།

ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན་དབྱི་རག་གི་ཙུང་ལི་ཨ་པ་ཏིས་ཀྱིས་སྲིད་གཞུང་དམག་གིས་ཧྥེ་ལུའུ་ཅེ་གྲོང་ཁྱེར་ལ་དཔུང་འཇུག་བྱེད་མགོ་བརྩམས་ཡིན་ཞེས་བསྒྲགས་པའི་ཚུན་ལ། དབྱི་རག་གི་བདེ་འཇགས་དམག་དཔུང་དང་ཉེན་རྟོག་པ། ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་བཅས་ཀྱིས་གྲུབ་པའི་ས་ངོས་དྲག་ཆས་མི་སྣས་ཨ་མེ་རི་ཁས་མགོ་ཁྲིད་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་བར་སྣང་རམ་འདེགས་འོག ཧྥེ་ལུའུ་ཅེ་གྲོང་ཁྱེར་དང་དེའི་མཐའ་འཁོར་དུ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་ལ་དཔུང་འཇུག་བྱས་མོད། ཡིན་ན་ཡང་དཔུང་འཇུག་གི་འཕེལ་རིམ་ཧ་ཅང་དལ། སྲིད་གཞུང་དམག་གིས་ཉིན་བརྒྱད་ལ་འཐབ་འཛིང་བྱས་མཐར། ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་ཧྥེ་ལུའུ་ཅེ་གྲོང་ཁྱེར་གྱི་འདབས་རོལ་དུ་ཐོན། དབྱི་རག་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཀྲུན་ཅང་དམག་དཔོན་ལཱ་སུའུ་ཨར་གྱིས་བཤད་རྒྱུར། ཁོ་ཚོར་འབྱོར་བའི་གསང་འཕྲིན་ལྟར་ན་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣ་བཞི་བརྒྱ་དང་དྲུག་བརྒྱ་ཙམ་ཧྥེ་ལུའུ་ཅེ་གྲོང་ཁྱེར་དང་དེའི་མཐའ་འཁོར་གྱི་སྡེ་བ་དང་གྲོང་རྡལ་དུ་ཡོད་ལ། ཁོ་ཚོས་གྲོང་ཁྱེར་དུ་འགྲོ་སའི་བགྲོད་ལམ་སྟེང་འགད་རྫས་མང་བོ་སྦས་ཡོད། དེ་དང་མཉམ་དུ་ཁོ་ཚོས་མི་སེར་མང་བོ་གཏའ་མར་བཟུང་བས། སྲིད་གཞུང་དམག་གིས་མཚོན་ཆ་དྲག་པོ་བཀོལ་མ་ཕོད་ཟེར།
 

ཟླ་དྲུག་པའི་ཚེས་གཅིག་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་ཏུ་སྡོད་པའི་རོགས་སྐྱོབ་ཚོགས་པས་པ་ཀི་ཏ་ནས་བསྒྲགས་པའི་སྡོམ་རྩིས་གསར་བ་ལྟར་ན། ཟླ་ལྔ་བའི་ནང་དུ། དབྱི་རག་གི་མངའ་ཁོངས་ནས་འཇིགས་སྐུལ་འཇབ་རྒོལ་དང་དྲག་ཤུགས་འཐབ་འཁྲུག་ཁྲོད་ཤི་རྨས་བྱུང་བའི་མི་གྲངས་སྟོང་གཉིས་དང་སུམ་བརྒྱ་ལས་བརྒལ་ཟེར། རྩ་འཛུགས་དེའི་འགན་ཁུར་བ་ཁུའུ་པེ་ཧྲི་ཡིས་བཤད་རྒྱུར། དབྱི་རག་གི་མི་སེར་ནི་ཐོག་མཐའ་བར་གསུམ་དུ་རང་སྲོག་གཅོད་པའི་ཚུལ་གྱི་འགས་གཏོར་འཇབ་རྒོལ་དང་རླངས་འཁོར་འགས་གཏོར་འཇབ་རྒོལ་གྱི་དམིགས་འབེན་ཡིན་ལ། འཇབ་རྒོལ་ཁ་ཤས་ཀྱིས་ཆེད་དུ་མུའུ་སི་ལིན་གྱི་མཇལ་སྐོར་བ་དམིགས་འབེན་དུ་བཟུང་བ་དང་། སྡོད་དམངས་ཁུལ་ཡང་ཉེན་ཁ་ལས་ཐར་ཐུབ་མེད་ཟེར།

དབྱི་རག་སྲིད་གཞུང་དམག་གི་གཡུལ་སའི་བཀོད་འདོམས་དཔོན་པོས་གསར་འགྱུར་ལས་ཁུངས་ལ་བཤད་པ་ལྟར་ན། ཁོ་ཚོས་ཟླ་དྲུག་པའི་སྙུང་གནས་མགོ་མ་བརྩམས་གོང་ཧྥེ་ལུའུ་ཅེ་གྲོང་ཁྱེར་ཕྱིར་འཕྲོག་དགོས་པའི་བཀའ་འབྱོར་ཡོད་པས། ཧྥེ་ལུའུ་ཅེ་གྲོང་ཁྱེར་གྱི་མི་སེར་དང་ལྷག་པར་དུ་བྱིས་པ་རྣམས་སྔ་མོ་ནས་སྐྱོབ་ཐུབ་པར་སྨོན་ཟེར།
 

ལོ་ཙཱ།  བསོད་ནམས་ལྷ་མོ།

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།