$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.10.13 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
0
0

1.png

ཨ་མེ་རི་ཁའི་དམངས་གྲོས་ཁང་གི་གྲོས་དཔོན་ལིས་ཨན་གྱིས་ཉེ་སྔོན་ཁ་པར་གྲོས་ཚོགས་བརྒྱུད་དེ་ལས་གྲོགས་ཚོར་བསྟན་དོན། ཁོ་རང་ཐི་ལིང་ཕུའུ་ཡི་འགྲན་རྩོད་ཀྱི་སྟེགས་བུ་བྱེད་མི་སྲིད་ཟེར། ལིས་ཨན་གྱི་བྱ་སྤྱོད་དེ་ནི་སྤྱི་མཐུན་ཏང་གི་དཀའ་བའི་གནས་སུ་ལྷུང་བའི་ཙུང་ཐུང་གི་འདེམ་སྒུག་མི་སྣ་ཐི་ལིང་ཕུའུ་དང་བར་མཚམས་གསལ་བོར་འབྱེད་པའི་མཚོན་རྟགས་ཡིན་རེད། ཡིན་ཡང་ལིས་ཨན་གྱི་བྱ་སྤྱོད་དེ་ཐི་ལིང་ཕུའུ་ཡི་བསམ་ཐོག་ཏུ་སོང་ཡོད་པ་འདྲ། ཐི་ལིང་ཕུའུ་ཡིས་དྲ་ཐོག་ཏུ་གཞན་གྱི་བཀག་རྒྱ་ལས་ཐར་ཡོད་པའི་ཚུལ་བསྟན།

ཁ་པར་གྲོས་ཚོགས་ལ་ཞུགས་མཁན་གྱིས་བསྟན་དོན། ལིས་ཨན་གྱིས་མ་འོངས་པའི་ཉིན་སུམ་ཅུའི་ནང་ཐི་ལིང་ཕུའུ་ཡི་འགྲན་རྩོད་ལ་རྒྱབ་སྐྱོར་བྱེད་མི་སྲིད་པའི་ཚུལ་བསྟན་ཡང་། ལིས་ཨན་གྱི་མགྲིན་ཚབ་པ་སི་ཐི་ལིང་གིས་བཤད་རྒྱུར། ལིས་ཨན་གྱིས་ཐི་ལིང་ཕུའུ་ལ་རྒྱབ་སྐྱོར་བྱེད་མཚམས་བཞག་མེད་པ་དང་། ཟླ་རྗེས་མར་བློ་གཅིག་སེམས་གཅིག་གིས་སྤྱི་མཐུན་ཏང་གི་རྒྱལ་ཚོགས་ཀྱི་ལས་གནས་མང་བོ་ཟིན་པའི་ཁྱད་སྟོབས་སྲུང་འཛིན་བྱེད་པར་འབད་རྒྱུ་རེད་ཟེར། ཁོས་ཞོར་དུ་ད་རུང་ལྐོག་བརྡའི་ཚུལ་དུ་ཐི་ལིང་ཕུའུ་ལ་ཕོ་བྲང་དཀར་པོར་སྡོད་པའི་ནུས་པ་མེད་པའི་ཚུལ་བསྟན།

ས་དེའི་ཚེས་བཅུ་གཅིག་ཉིན་ཐི་ལིང་ཕུའུ་ཡིས་དྲ་ཐོག་ནས་བསྟན་དོན། ལིས་ཨན་ནི་ནུས་པ་མེད་ཅིང་བྱ་བར་གྲུབ་འབྲས་མེད་པའི་མགོ་ཁྲིད་ཅིག་ཡིན་པ་དང་། ཁོས་གྲུབ་འབྲས་ཅི་ཡང་མེད་པའི་ཁ་པར་གྲོས་ཚོགས་ཤིག་བསྡུས། ཁོ་བློ་དཀར་མིན་པའི་དབང་གིས་ཁོའི་ལག་འོག་གི་མི་དག་ཀྱང་ལང་ལོང་སྒོས་ཁ་བྲལ་བ་རེད་ཟེར།

ཐི་ལིང་ཕུའུ་ཡིས་ད་རུང་བསྟན་དོན། དམངས་ཀྱི་འདོད་བློའི་རྟོག་ཞིབ་མཇུག་འབྲས་ལས་མངོན་པ་ལྟར་ན། ང་རང་ལ་ཐེངས་གཉིས་པའི་དཔྱད་གླེང་ལ་རྒྱལ་ཁ་ཐོབ་ཀྱང་། གལ་ཏེ་ལིས་ཨན་དང་སྤྱི་མཐུན་ཏང་གི་མི་གཞན་པའི་རྒྱབ་སྐྱོར་མ་ཐོབ་ན། ངས་དེ་ལས་ལྷག་པའི་གྲུབ་འབྲས་ལེན་དཀའ་ཟེར།

དྲ་ཐོག་ཏུ་བཀོད་པའི་གནས་ཚུལ་གཞན་ཞིག་ལས་ཐི་ལིང་ཕུའུ་ཡིས་ལིས་ཨན་གྱིས་ཁོར་རྒྱབ་སྐྱོར་མི་བྱེད་པ་དེ་ཁོ་རང་བཀག་རྒྱ་ལས་ཐར་བའི་ཚུལ་བསྟན་ཡོད་ལ། ང་ལ་མཚོན་ན་དོན་བཟང་ཞིག་ཡིན་པ་དང་། ལག་སྒྲོག་གྲོལ་བ་དང་གཅིག་འདྲ་ཡིན། ད་ལྟ་ངས་རང་ཉིད་ཀྱི་བྱེད་ཐབས་ལྟར་ཨ་མེ་རི་ཁའི་ཆེད་དུ་འབད་འཐབ་བྱས་ཆོག་ཟེར།

ལིས་ཨན་གྱི་མགྲིན་ཚབ་པས་གསལ་སྒྲོག་ཐུང་ངུ་ཞིག་གི་ནང་བསྟན་དོན། ལིས་ཨན་གྱིས་མིག་སྔར་ཟླ་རྗེས་མའི་འདེམ་བསྐོ་ཆེན་མོའི་སྟེང་ཇི་ལྟར་སྤྱི་མཐུན་ཏང་ཕམ་ཉེས་སུ་གཏོང་བར་དོ་སྣང་བྱེད་བཞིན་ཡོད་ལ། སྤྱི་མཐུན་ཏང་གི་མི་ཚང་མས་དོན་དེ་སྒྲུབ་བཞིན་ཡོད་ཟེར།

སྨྱན་བྱད་ཀྱིས་ཐི་ལིང་ཕུའུ་མི་སྒེར་གྱི་ཆེས་ཆེ་བའི་ཉམས་ཉེན་ལ་འཕྲད་ཡོད་ལ། ཁོ་དང་སྤྱི་མཐུན་ཏང་བར་སྔར་ནས་ཡོད་པའི་སྟོབས་ཤུགས་བར་གྱི་འགལ་བ་ཇེ་ཆེར་བཏང་ཡོད་ཟེར། ཉིག་ཡོ་དུས་སྐབས་ཚགས་པར་ལས་ད་རུང་སྤྱི་མཐུན་ཏང་ལ་མིག་སྔར་ནང་འཁྲུག་འབྱུང་ཉེན་ཡོད་ཟེར། ལུའུ་ཐིག་གསར་འགྱུར་ཁང་གིས་བསྡོམས་རྩིས་བྱས་པ་ལྟར་ན། སྤྱི་མཐུན་ཏང་གི་ད་ལྟའི་ཀྲིག་ཀྲང་། གྲོས་ཞུགས་ཁང་གི་གྲོས་མི། དམངས་གྲོས་ཁང་གི་གྲོས་མི་བཅས་བསྡོམས་པས་མི་སུམ་བརྒྱ་དང་སོ་གཉིས་ཁྲོད། ཉུང་མཐར་ཡང་མི་བརྒྱ་དང་དྲུག་ཅུས་ཁོར་རྒོལ་གཏམ་གཏོང་བའི་གཏམ་བཤད་སྤེལ་ཡོད། ཐི་ལིང་ཕུའུ་ཡིས་སྔོན་ཆད་དེར་འཁོན་ལན་སློག་རྒྱུའི་ཚུལ་བསྟན་པ་དང་། དྲ་ཐོག་ནས་གྲོས་མི་དེ་དག་ནི་རང་ཉིད་མཁས་རློམ་ཀྱི་མི་ཐ་ཤལ་ཏག་ཏག་ཡིན་པར་དམོད་མོ་བཏང་བར་མ་ཟད། ཁོ་ཚོར་འདེམ་བསྐོའི་ཁྲོད་ཕམ་ཉེས་འབྱུང་སྲིད་པའི་ཁ་ཉེས་བོས།

ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་རྒྱས་བསྒྲགས་པ་ལྟར་ན། བྱ་སྤྱོད་དེ་འདྲ་ཆབ་སྲིད་ལོ་རྒྱུས་སྟེང་མཐོང་དཀོན་པོ་ཞིག་རེད། ཙུང་ཐུང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བར་ཟླ་གཅིག་ཙམ་ལས་མེད་པའི་སྐབས་སུ་སྤྱི་མཐུན་ཏང་ནང་ཁུལ་དུ་འགལ་བ་བྱུང་སྟེ། ཐི་ལིང་ཕུའུ་ཡི་ཏང་ནང་ཁུལ་གྱི་རྒྱབ་སྐྱོར་བྱེད་ཚད་ཇེ་དམའ་རུ་སོང་ཡོད། དེ་ལས་ཀྱང་སྤྱི་མཐུན་ཏང་ནང་ཁུལ་དུ་ཁ་བྲལ་གྱི་རྣམ་པ་ཚབས་ཆེན་བྱུང་ཡོད་པ་མངོན་པར་མཚོན།

ལིས་ཨན་གྱི་ཆོད་དོན་དེར་དམིགས་ནས་ཐི་ལིང་ཕུའུ་ཡིས་ཀྱང་མྱུར་མོར་དྲ་ཐོག་ནས་རྒོལ་ལན་སྤྲད། ལིས་ཨན་གྱིས་དུས་ཚོད་མང་བོ་བེད་སྤྱད་དེ་སྔོན་རྩིས་དོ་མཉམ་དང་ལས་ཞུགས་གནད་དོན། དེ་མིན་ཁྲིམས་འགལ་གྱི་གནས་སྤོར་སྡོད་དམངས་སོགས་ཀྱི་གྲོས་གཞིར་བརྩོན་དགོས་པ་ལས། སྤྱི་མཐུན་ཏང་གི་ཙུང་ཐུང་འདེམ་སྒུག་མི་སྣར་ཆམ་ཕབ་གཏོང་བ་མ་ཡིན། སྤྱི་མཐུན་ཏང་ནང་ཁུལ་གྱི་མི་ལ་ལས་ཀྱང་ལིས་ཨན་ལ་སྡིག་དམོད་བྱས་ཡོད་པ་དང་། སྤྱི་མཐུན་ཏང་གིས་མིག་སྔར་མཐུན་སྒྲིལ་བྱས་ཏེ་འདེམ་བསྐོའི་བྱ་བ་སྤེལ་དགོས་པའི་ཚུལ་བསྟན་ཡོད། བསྒྲགས་པའི་གནས་ཚུལ་ལས་མངོན་པ་ལྟར་ན། སྤྱི་མཐུན་ཏང་མི་ཞིག་གིས་ལིས་ཨན་ལ་བཤད་རྒྱུར། ཐི་ལིང་ཕུའུ་ཡིས་ཟླ་བཅུ་གཅིག་པའི་འདེམ་བསྐོའི་ཁྲོད་གྲུབ་འབྲས་སྔར་ལས་བཟང་བོ་བླངས་ན་དམངས་གྲོས་ཁང་གི་སྤྱི་མཐུན་ཏང་ལ་ད་གཟོད་ལྷག་ཏུ་བཟང་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།

 

 

 

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།