$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.10.19 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
0
0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གསར་བ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་གསུམ་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཞི་བདེ་ལ་སྲུང་སྐྱོབ་བྱེད་པ་ནི་ཁོས་ལས་འགན་ཁུར་རྗེས་ཀྱི་ལས་འགན་གཙོ་བོ་ཡིན་པ་དང་། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བར་མཉམ་ལས་ཟབ་མོ་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་གནད་དོན་ཐག་གཅོད་བྱེད་པར་བརྩོན་རྒྱུ་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་གཅིག་པས་ཚེས་བཅུ་གསུམ་ཉིན་ཕུའུ་ཐའོ་ཡཱའི་སྔོན་ཆད་ཀྱི་ཙུང་ལི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྔོན་ཆད་ཀྱི་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་ཀུའུ་ཐི་ལོས་སི་དངོས་སུ་སྐབས་རྗེས་མའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་བསྐོ་འཇོག་བྱས། འགན་ཡུན་ནི་ཉིས་སྟོང་བཅུ་བདུན་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བར་རེད།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། དེང་སྐབས་སི་རི་ཡཱ་དང་དབྱི་རག ཡེ་མིན། ནེ་ཀྲི་རི་ཡཱ་སོགས་སུ་འཁྲུག་རྩོད་ཀྱི་གནོད་པ་ཆེས་ཆེར་བྱུང་ཡོད་ཅིང་། ས་ཁོངས་ཀྱི་འཁྲུག་རྩོད་དེ་ཕན་ཚུན་འབྲེལ་ཡོད་ལ། འཛམ་གླིང་ཡོངས་ཀྱི་འཇིགས་སྐུལ་རིང་ལུགས་ཀྱི་གནས་བབ་སྔར་ལས་ཚབས་ཆེན་དུ་འགྱུར་བཞིན་ཡོད། འཁྲུག་རྩོད་ཐག་གཅོད་བྱེད་པ་དེས་ཚད་ངེས་ཅན་ཞིག་གི་སྟེང་ནས་འཇིགས་སྐུལ་རིང་ལུགས་རྒྱ་ཡན་དུ་འགྲོ་བར་ཚོད་འཛིན་བྱེད་ཐུབ་ཟེར། དེ་བས་དོན་དེ་ནི་ཁོའི་འགན་ཡུན་ནང་གི་བྱ་བའི་གཙོ་བོ་ཡིན། དེའི་ནང་སི་རི་ཡཱའི་གནས་བབ་ལྷག་ཏུ་ཚབས་ཆེན་ཡིན་པས་གལ་ཆེན་ནང་གི་འགངས་ཆེན་ཡིན་ཟེར།

དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་དངོས་སུ་བསྐོ་འཇོག་བྱས་རྗེས། ཀུའུ་ཐི་ལོས་སི་ཡིས་ཐོག་དང་པོར་ཀྲུང་གོའི་སྨྱན་བྱད་ཀྱི་ཆེད་དོན་བཅར་འདྲི་དང་ལེན་བྱས་པ་རེད། སི་རི་ཡཱ་སོགས་གནད་དོན་གལ་ཆེན་ཐད་ཕྱོགས་སོ་སོའི་ལངས་ཕྱོགས་མི་འདྲ་བའི་གནད་དོན་ཇི་ལྟར་ཐག་གཅོད་བྱེད་པ་དྲིས་ཚེ། ཀུའུ་ཐི་ལོས་སི་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལས་འགན་ནི་བར་འདུམ་དང་འདུམ་འགྲིག་ཡིན་པ་དང་། འཁྲུག་རྩོད་བྱེད་པའི་ཕྱོགས་སོ་སོ་མཉམ་དུ་བསྡུས་ནས་འགལ་བ་ཐག་གཅོད་བྱེད་དགོས་ཟེར།

ཁོས་བཤད་རྒྱུར། ཕྱོགས་ཁག་སོ་སོས་མཐུན་སྒྲིལ་དང་འཁྲུག་རྩོད་མཚམས་འཇོག་པ་དེ་འཁྲུག་རྩོད་ཁྲོད་ནས་ཁེ་ཕན་འཚོལ་སྙེག་བྱེད་པ་ལས་བཟང་བའི་གནས་ལུགས་ཁོ་ཚོར་ཤེས་སུ་འཇུག་འདོད་ཡོད། འཁྲུག་རྩོད་ཁྲོད་རྒྱལ་ཁ་ལེན་མཁན་མེད་ལ། མི་ཚང་མས་ཕམ་ཁ་ཉོས་ཡོད་ཟེར།

ཉིས་སྟོང་ལྔ་ལོའི་ཟླ་དྲུག་པ་ནས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པའི་བར། ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་པའི་འགན་ཁུར་བ་དང་། འཛམ་གླིང་ཡོངས་ཀྱི་ཡུལ་གྱར་བའི་ལས་དོན་ལ་མཐུན་སྦྱོར་དང་སྣེ་ཁྲིད་བྱས། དེའི་སྐབས་སུ་ཁོས་ཐེངས་མང་བོར་སི་རི་ཡཱ་དང་དབྱི་རག ཨ་ཧྥུའུ་ཧན་སོགས་རྒྱལ་ཁབ་ཀྱི་ཡུལ་གྱར་བའི་གནད་དོན་ཐད་ནས་འབོད་སྐུལ་བཏང་མྱོང་།

རང་ཉིད་ཀྱིས་ཡུལ་གྱར་བར་ཞབས་ཞུ་བྱེད་པའི་ལོ་ངོ་བཅུའི་གནས་ཚུལ་གླེང་སྐབས་ཀུའུ་ཐི་ལོས་སི་ཡིས་བསྟན་དོན། འཛམ་གླིང་སྟེང་སྟོབས་ཤུགས་ཆེས་ཞན་པའི་ཚོགས་ཁག་ལ་རོགས་རམ་དང་སྲུང་སྐྱོབ་བྱེད་ཐུབ་པ་རང་ཉིད་ཀྱི་གཟི་བརྗིད་དུ་རློམ་ཡོད་ཀྱང་། རང་ཉིད་ཀྱིས་བསྒྲུབ་ཐུབ་པ་ནི་ཡུལ་གྱར་བའི་དཀའ་སྡུག་ཇེ་ཆུང་དུ་གཏོང་བ་ཙམ་ལས་གཞི་རྩའི་གནད་དོན་ཐག་གཅོད་བྱེད་ཐུབ་མེད། ད་ལྟ་ཁོས་ཐོབ་ཐང་གསར་བས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཆབ་སྲིད་ལ་བརྟེན་ནས་གནད་དོན་དེ་དག་ཐག་གཅོད་བྱེད་པའི་ཐད་ནས་གྲུབ་འབྲས་བླངས་ཏེ། ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་པར་ངེས་པ་དོན་གྱིས་རོགས་རམ་བྱེད་རྒྱུ་ཡིན་ཟེར།

རང་ཉིད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་འགྱུར་ལྡོག་ཅི་འདྲ་འབྱུང་དུ་འཇུག་སྲིད་པའི་གནས་ཚུལ་གླེང་སྐབས་ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། གནད་དོན་དེར་ལན་འདེབས་པར་དུས་ཚོད་ངེས་ཅན་ཞིག་དགོས་པ་ཞིག་རེད། ང་རང་དགའ་སྤྲོ་སྐྱེས་པ་ཞིག་ནི་ན་གཞོན་པའི་སྐབས་སུ་ཆབ་སྲིད་ལ་འབྲེལ་འདྲིས་བྱས་ཏེ་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ཡོད་པ་དེ་ཡིན་ལ། ཉམས་མྱོང་དང་ནུས་པ་དེ་དག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཞབས་ཞུའི་ལས་དོན་ཐད་བཀོལ་རྒྱུ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ལས་ལྷག་པའི་སྟེགས་བུ་གཞན་ཞིག་མེད་ཟེར།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ལས་འགན་ཁུར་རྗེས་ཁོས་བུད་མེད་ཅིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པར་བསྐོ་འཇོག་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ཁེ་དབང་ལས་དོན་ལ་ཡར་སྐུལ་གཏོང་བར་འགན་སྲུང་བྱེད་རྒྱུ་ཡིན་ཟེར། ཁོས་བསྟན་དོན། རྒྱུན་མཐུད་འཕེལ་རྒྱས་དང་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་སོགས་རྒྱལ་སྤྱིའི་གནད་དོན་ཐད་ནས། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་སོ་སོར་རྒྱབ་སྐྱོར་གང་ལེགས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།