སྐར་འོད་ལམ་ལམ།
འདི་ནི་བོད་ཀྱི་གཞས་པ་གཞས་མ་དང་དང་འཁྲབ་སྟོན་པ་སོགས་ལེ་ཚན་གྱི་དཀྱིལ་སྙིང་དུ་བཟུང་སྟེ། རྒྱ་ཆེའི་དྲ་དམངས་རྣམས་ལ་ཁ་ཕྱོགས་པའི་དྲ་ལམ་གྱི་རིག་རྩལ་ལེ་ཚན་ཞིག་ཡིན་ལ། སྒྱུ་རྩལ་གྱི་གར་སྟེགས་སྟེང་སྐད་གྲགས་ཅུང་ཡོད་པའི་མི་སྣ་ཞིག་གདན་དྲངས་ནས། རང་ཉིད་ཀྱི་སྒྱུ་རྩལ་ལམ་བུ་དང་། སྔར་བྱུང་བརྒྱུད་རིམ། འགྲེམ་སྤེལ་བྱ་རྩིས་ཡོད་པའི་ཆེད་སྒྲིག་བརྙན་འཁོར་སོགས་མཚམས་སྦྱོར་བྱེད་པའི་ལེ་ཚན་ཞིག་ཡིན།
ལེ་ཚན་གཙོ་སྒྲུབ་པ། ཚེ་མ་རྒྱལ།
དྲ་ལམ་ཞལ་ཁྲིད།
ལེ་ཚན་འདི་ནི་གཙོ་བོ་སྤྱི་ཚོགས་སྟེང་གི་ཆེད་མཁས་པ་དང་། དགེ་རྒན། ཁེ་ལས་པ། རྩོམ་པ་པོ་སོགས་གདན་དྲངས་ཏེ་དཔལ་འབྱོར་དང་། སློབ་གསོ། ཚན་རྩལ་སོགས་ཀྱི་ནང་དོན་གཙོར་བཟུང་སྟེ་སྣ་འཛོམས་ཕྱོགས་བསྡུས་ཀྱི་ཤེས་བྱ་ངོ་སྤྲོད་དང་། སྐབས་བབ་ཀྱི་གནད་དོན་སོགས་ལ་གླེང་བརྗོད་དབྱེ་ཞིབ་བྱེད་པའི་འཆད་ཁྲིད་རང་བཞིན་གྱི་ལེ་ཚན་ཞིག་ཡིན།
ལེ་ཚན་གཙོ་སྒྲུབ་པ། དབང་རྒྱལ་ཚེ་རིང་།
དཔེ་ཀློག
ལེ་ཚན་འདི་ནི་དྲི་བ་དྲིས་ལན་གྱི་ཚུལ་དུ་གསུང་རྩོམ་གྲགས་ཅན་གྱི་བརྗོད་བྱ་དང་རྩོམ་སྟངས། རྩོམ་པ་པོའི་བསམ་བློ་སོགས་ཚུར་སྣང་བྱེད་པའི་ལེ་ཚན་ཞིག་ཡིན།
ལེ་ཚན་གཙོ་སྒྲུབ་པ། སྙིང་བྱམས་ཚེ་རིང་།
ན་ཆུང་བྱིས་པའི་དགའ་ཚལ།
ན་ཆུང་བྱིས་པའི་དགའ་ཚལ་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གཉིས་ཀྱིས་མཉམ་དུ་སྒྲུབ་ཀྱིན་པའི་སྒྲ་གཟུགས་ཟུང་ལྡན་གྱི་ལེ་ཚན་ཞིག་ཡིན་ལ། ཁ་གཏད་ས་གཙོ་བོ་ནི་བོད་ཁུལ་གྱི་སློབ་ཆུང་སོ་སོའི་ན་ཆུང་བྱིས་པ་རྣམས་ཡིན།
ལེ་ཚན་གཙོ་སྒྲུབ་པ། ལྕགས་ཐར་ཚེ་རིང་།
དབྱངས་ཀྱི་མཆོད་པ།
དབྱངས་ཀྱི་མཆོད་པ་ནི་གཟའ་འཁོར་རེ་རེ་བཞིན་ཀུན་གྱིས་དགའ་བསུ་ཐོབ་ཀྱིན་པའི་གླུ་དབྱངས་ཤིག་བདམས་ནས་འོས་སྦྱོར་བྱེད་པའི་ལེ་ཚན་ཞིག་ཡིན་ལ། ལེ་ཚན་གྱི་ཁ་གཏད་ས་ནི་བོད་ཀྱི་གླུ་བ་གླུ་མ་རྣམས་ཡིན།
ལེ་ཚན་གཙོ་སྒྲུབ་པ། ཡུམ་སྐྱིད། ཚེ་སྒྲོན་མཚོ།
 Copyright © 2004-2016QHTBAll Rights Reserved 备案号:青ICP备05002201号-2 视听许可证:3010436