ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > སྒྲུང་གཏམ།

ཚེ་སྲོག་བསྐྱབས་པའི་མཇུག་འབྲས།

སྤེལ་དུས། 2015-03-30 09:26:14   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།

ཟླ་གཞོན ། ༼རྨ་ལྷོ།༽

“ཨོ་ཨོ་ཨོ རྩ་བའི་བླ་མ ། ཡང་དོན་རྐྱེན་ཞིག་བྱུང་འདུག”
རླངས་འཁོར་ཆུང་ཆུང་ཞིག་རེབ་གོང་དང་ཟི་ལིང་གཉིས་ཀྱི་ལམ་བར་དགུ་རོང་ཁོག་གི་བྲག་ངོས་གཟར་མོ་ཞིག་ནས་མར་དགུ་ཆུའི་ནང་ལྷུང་འདུག ། མཐའ་འཁོར་དུ་མི་བརྒྱ་ལྷག་ཞིག་གིས་ཁ་པར་བླངས་ནས་པར་དང་བརྙན་སོགས་ལེན་བཞིན་འདུག་པ་ལས་རོགས་རམ་བྱེད་མཁན་གཅིག་ཀྱང་མི་འདུག ཚེ་རིང་གིས་རང་གི་རླངས་འཁོར་ལམ་འགྲམ་ཞིག་ལ་བཞག་རྗེས་བྲེལ་མྱུར་ངང་སར་བབས་པ་དང
“མི་ལ་རྨས་སྐྱོན་བྱུང་ཡོད་དམ”
ཞེས་དྲིས་པར་ཉེ་འཁོར་གྱི་མི་ཚོགས་ནང་དུ་ལན་འདེབས་མཁན་གཅིག་ཀྱང་མེད་སོང་། ཁོ་བྲག་ངོས་གཟར་པོ་ལས་མར་བབས་ནས་དོན་རྐྱེན་བྱུང་འདུག་པའི་རླངས་འཁོར་གྱི་འགྲམ་དུ་རྒྱུགས་ནས་བལྟས་དུས་རླངས་འཁོར་ནང་དུ་མི་གསུམ་ཡོད་འདུག་ལ ། མི་གཉིས་ལ་ཁྲག་བཞུར་རྒྱུ་མང་སོང་བས་སྔ་མོ་ནས་ཤི་འདུག གཞན་དེས་ཁ་ལོ་བའི་སྟག་རྒྱབ་གྱི་འདུག་སྟེགས་སྟེང་འགྲེལ་ལོག་རྒྱག་བཞིན་འདུག་ལ་ཁྲག་གིས་དམར་པོར་བརྫིས་འདུག ཚེ་རིང་གིས་རླངས་འཁོར་གྱི་སྒོ་དག་གཏན་ནས་འབྱེད་མ་ཐུབ་པས་ཤེལ་སྒོ་རྗེས་མ་ཞིག་ལ་རྡོ་ཡིས་བརྒྱབ་ནས་བཅག་རྗེས་རླངས་འཁོར་ནང་གི་རྨས་མ་དེ་ཕྱིར་བླངས་པ་དང་ཁྲག་གི་བརྫིས

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།