ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > སྒྲུང་གཏམ།

ལས་དབང་དང་སྣ་སུར་ཁ།

སྤེལ་དུས། 2015-04-07 09:54:45   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།

བཀྲ་ཤིས་དོན་གྲུབ།

ལས་དབང་།

དགུན་ཁའི་མཚན་མོ་དེར་འཐོར་རླུང་ནི་སྙིང་རྗེ་མེད་པའི་སྲིན་པོ་བཞིན་རྩྭ་ཐང་འདིར་ཤེད་ཀྱིས་གཡུག་བཞིན་འདུག རྩྭ་ཐང་འདིར་འབྲོག་ཁྱིམ་ཞིག་ཡོད།ལོ་རེའི་དགུན་ཁར་གནས་དེར་རུ་བ་སྤོ་ཡོང་བ་ཡིན།འབྲོག་ཁྱིམ་དེར་གཉེན་སྒྲིག་བྱས་ནས་ལོ་གཉིས་ཙམ་ལོན་པའི་བཟའ་ཟླ་གཉིས་ཀྱིས་ཁྱིམ་གྱི་འཚོ་འཚིས་ལ་འབད་བཞིན་ཡོད།ཁྱིམ་བདག་མ་གདུགས་དཀར་སྐྱིད་མངར་སྦྲུམ་ནས་ཟླ་དགུ་ལྷག་ལོན་ཞིང་གནས་ཚུལ་ལ་བལྟས་ན་ཕལ་ཆེར་དོ་ནུབ་བྱིས་པ་བཙའ་རྒྱུ་ཡིན་པ་འདྲ།མག་པ་རྒྱལ་མཚན་གཉེན་ཉེ་འབོད་དུ་བུད་སོང་།འཐོར་རླུང་ནི་སྔར་བཞིན་གདུག་རྩུབ་ཀྱིས་གཡུག་གིན་འདུག

ཉིན་ཞིག་གི་ཞོགས་པའི་ཉི་ཟེར་རི་བོའི་སྤོ་ནས་ཤར་དུས་ཅི་ཞིག་ཡིན་པ་མི་ཤེས་མོད།རྒྱལ་མཚན་གྱིས་ཁྱིམ་གྱི་ལས་ཀ་ལས་ཞོར་དུ་གདུགས་དཀར་སྐྱིད་ལ“བུའི་ཕ་སུ་རེད”ཅེས་དྲི་བ་རེ་གཉིས་འདོན་བཞིན་མཆིས།གདུགས་དཀར་སྐྱིད་ཀྱིས་ཁྱེའུ་པང་ནས་མ་གོ་བའི་ཚུལ་གྱིས་མགོ་བོ་སྨད་དེ་ཅི་ཞིག་ལ་བསམ་བློ་གཏོང་གིན་འདུག ཡུལ་དེའི་བླ་མ་ཞིག་གིས་མིང་བཏགས་པ་ལྟར་ན་ཁྱེའུ་དེའི་མིང་ལ་རྡོ་རྗེ་སེམས་དཔའ་(གཅེས་མིང་ལ་རྡོར་ལོ)ཟེར།ལོ་ལོན་ཚོས

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།