ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > འཕྲིན་གསར།

རྗེ་ཙོང་ཁ་པའི་རྣམ་ཐར་ཕྱོགས་བསྒྲིགས་པར་དུ་བསྐྲུན།

སྤེལ་དུས། 2016-03-11 09:54:46   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།

1.jpg 

«རྗེ་བཙུན་ཙོང་ཁ་པ་ཆེན་མོའི་རྣམ་ཐར་ཕྱོགས་བསྒྲིགས་བཞུགས་སོ»

2.jpg


རྗེ་ཙོང་ཁ་པའི་རྣམ་ཐར་ཕྱོགས་བསྒྲིགས་སེར་གཙུག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྒྲིགས་ཏེ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཅིང་པོད་བཞི་བཞུགས། འདི་ནི་སེར་གཙུག་དཔེ་རྙིང་འཚོལ་སྡུད་ཁང་གིས་ལོ་མང་བོར་འཚོལ་སྡུད་དང་ཕྱོགས་བསྒྲིགས་བྱས་ཏེ་པར་དུ་བསྐྲུན་པ་ཞིག་སྟེ།འདིའི་ནང་དུ་རྩོམ་པ་བོ་སོ་ལྔས་བརྩམས་པའི་རྗེའི་རྣམ་ཐར་དང་དེར་འབྲེལ་ཡོད་ཀྱི་རྩོམ་ཡིག་ཞེ་གཉིས་ཙམ་བསྡུས་ཡོད་པས། རྗེ་ཙོང་ཁ་པའི་རྣམ་ཐར་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་དཔྱད་གཞི་ཕུལ་དུ་བྱུང་བ་ཞིག་ཡིན། རྗེ་ཙོང་ཁ་པའི་རྣམ་ཐར་ཕྱོགས་བསྒྲིགས་པར་དུ་བསྐྲུན་པ་འདི་བོད་ཀྱི་དཔེ་རྙིང་མྱུར་སྐྱོབ་ཀྱི་ལས་རླབས་ཆེ་བ་ཞིག་ཡིན་པ་མ་ཟད།བོད་ཀྱི་ལོ་རྒྱུས་ཡིག་ཚང་འཚོལ་སྡུད་དང་ཕྱོགས་བསྒྲིགས་ཀྱི་བྱ་བ་གལ་ཆེན་པོ་ཞིག་ཀྱང་ཡིན།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།