ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > འཕྲིན་གསར།

ཀླུ་འབུམ་ཚེ་རིང་གིས་བསྒྱུར་བའི«གྷི་རིམ་བྱིས་སྒྲུང»ཞེས་པའི་དཔེ་དེབ་འགྲེམ་སྤེལ་བྱས།

སྤེལ་དུས། 2016-03-16 15:12:34   ཡོང་ཁུངས། མཚོ་སྔོན་པོ་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།

 19-305089-1.jpg
《གྷི་རིམ་བྱིས་སྒྲུང》

ཉེ་སྔོན། ཀླུ་འབུམ་ཚེ་རིང་གིས་བསྒྱུར་བའི«གྷི་རིམ་བྱིས་སྒྲུང»ཞེས་པའི་དཔེ་དེབ་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས།«གྷི་རིམ་བྱིས་སྒྲུང»ཞེས་པ་ནི་འཇར་མན་རྒྱལ་ཁབ་ཀྱི་མིང་དུ་གྲགས་པའི་སྐད་བརྡའི་རིག་པ་སྨྲ་བ་ཡ་ཁི་པོའུ་གྷི་རིམ་དང་བའེ་ལེན་གྷི་རིམ་སྤུན་མཆེད་གཉིས་ཀྱིས་དུས་རབས་བཅུ་དགུ་བའི་དུས་སྟོད་ཙམ་ལ་བསྡུ་སྒྲིག་དང་ལས་སྣོན་བྱས་ཏེ་གྲུབ་པའི་འཇར་མན་དམངས་ཁྲོད་ཀྱི་རྩོམ་རིག་བརྩམས་ཆོས་གྲགས་ཅན་ཞིག་ཡིན། འདི་ནི་འཛམ་གླིང་རྩོམ་རིག་ལྡུམ་རའི་ཁྲོད་ཀྱི་སྒྲུང་ལེགས་ཤོས་ཤིག་ཡིན་ཙ་ན། འཛམ་གླིང་དུ་སྙན་གྲགས་ཧ་ཅང་རྒྱས་ཤིང་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་ལ། ཕུན་སུམ་ཚོགས་པའི་འཆར་སྣང་དང་མཛེས་ཤིང་སྙན་པའི་ཚིག་སྦྱོར་ལ་བརྟེན་ནས་ཁྱོད་ཉིད་འཆར་ཡན་གྱིས་ཕྱུག་པའི་བྱིས་སྒྲུང་གི་འཇིག་རྟེན་ཞིག་ཏུ་འཁྲིད་ངེས་ཡིན། བརྩམས་ཆོས་ཧྲིལ་བོར་ས་གནས་དང་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་བྱིས་པའི་རོལ་མྱོང་གི་སེམས་ཁམས་དང་མཛེས་དཔྱོད་ཀྱི་མོས་པ་སོགས་དང་ཡོངས་སུ་མཐུན་པས་ན། ཆུང་དུས་ནས་བདེན་དགེ་མཛེས་གསུམ་གྱི་སྤྱོད་ལམ་ཡག་པོ་ཞིག་འགྲུབ་པར་བྱེད་ནུས་དང་དོན་སྙིང་གལ་ཆེན་ལྡན་ནོ།།
1812ལོར«གྷི་རིམ་བྱིས་སྒྲུང»ཐེངས་དང་པོར་པར་དུ་སྐྲུན་དུས་བྱིས་སྒྲུང་གྱ་དྲུག་ཙམ་བསྡུས་ཡོད། ཐེངས་གཉིས་པ་དཔར་དུས་གཏམ་རྒྱུད་བདུན་ཅུ་ཙམ་ཁ་སྣོན་བྱས་ཏེ་ནང་དོན་རྒྱ་བསྐྱེད་ཡོད་ཅིང་། ཕྱིས་སུ་དཔར་ཐེངས་བདུན་པའི་དུས་སུ་གཏམ་རྒྱུད་ཉིས་བརྒྱ་ཙམ་བསྡུས་ཡོད། དེའི་ཁྲོད་ཀྱི་མགོ་བརྗོད«ཉ་པ་དང་ཁོའི་ཆུང་མ»ཞེས་པ་དང«སྦལ་བའི་རྒྱལ་སྲས»། «གཉིད་དུ་ཤོར་བའི་མཛེས་མ»། «སྤུན་ཟླ་གསུམ»བཅས་ཀྱིས་གཙོས་པའི་གཏམ་རྒྱུད་དུ་མ་འཛམ་གླིང་སྟེང་སྙན་གྲགས་ཤིན་ཏུ་ཆེ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།