ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > འཕྲིན་གསར།

བོད་ཀྱི་གནའ་བོའི་མཁའ་འགྲོ་མ་གྲགས་ཅན་ཁག་གི་གསུང་རྣམ་ཕྱོགས་བསྒྲིགས་དཔེ་སྐྲུན་ལེགས་འགྲུབ་བྱུང་།

སྤེལ་དུས། 2016-03-17 09:09:05   ཡོང་ཁུངས།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།

QQ图片20160317091927.png 

གངས་ཅན་སྐྱེས་མའི་དཔེ་ཚོགས་ཏེ་བོད་ཀྱི་ལོ་རྒྱུས་ཐོག་མཁས་མཛངས་གཉིས་ཆ་ནས་གོ་ས་ངེས་ཅན་ཟིན་པའི་མཁའ་འགྲོ་མ་ཁག་ཅིག་གི་གསུང་རྩོམ་དང་མཛད་རྣམ་ཕྱོགས་བསྒྲིགས་པོད་༡ནས་༡༥ཡི་བདག་ཉིད་ཅན་འདི་ད་ལྟ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་དཔེ་སྐྲུན་ལེགས་འགྲུབ་བྱུང་ཡོད། འདིའི་ཁྲོད་ཀྱི་པོད་དང་པོ་ནས་གཉིས་པ་ནི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་གསུང་རྣམ་དང་། པོད་གསུམ་པ་ནས་བཞི་པ་མ་ཅིག་ལབ་ཀྱི་སྒྲོན་མེའི་གསུང་རྣམ། པོད་ལྔ་པ་རྗེ་བཙུན་མི་འགྱུར་དཔལ་སྒྲོན་གྱི་གསུང་རྣམ། པོད་དྲུག་པ་ཁྲོམ་དགེ་ཟླ་བ་སྒྲོན་མའི་དག་སྣང་སོགས་དང་། པོད་བདུན་པ་ཤུག་གསེབ་རྗེ་བཙུན་མའི་གསུང་རྣམ་སོགས། པོད་བརྒྱད་པ་མཁའ་འགྲོ་བསོད་ནམས་དཔལ་འདྲེན་སོགས་ཀྱི་རྣམ་ཐར། པོད་དགུ་པ་ནས་བཅོ་ལྔ་པ་ནི་སེ་ར་མཁའ་འགྲོ་བདེ་ཆེན་བདེ་བའི་རྡོ་རྗེའི་གསུང་འབུམ་བཅས་ལགས་སོ། །

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།