ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > སྒྱུར་རྩོམ།

སྦྱངས་འབྲས་རེའུ་མིག

སྤེལ་དུས། 2015-05-04 08:44:24   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།

ཧའེ་ལིག་ཁྲིག་ཙི་ཡིས་བརྩམས།

གཅན་རྣམ་ཐར་གྱིས་བསྒྱུར།

ཕྲག་གོང་གཉིས་ཀར་ཁུར་ཡོད་པའི་དཔེ་ཁུག"ཕཊ་ཕཊ་ཕཊ"གྲགས་བཞིན། ཞའོ་ཏིག་ཏིག་རླངས་འཁོར་འབབ་ཚུགས་ནས་ཡུལ་ལ་རྒྱུགས་བཞིན་འདུག ལམ་བར་ནས་མིག་གིས་གང་སར་མི་ལྟ་བར་ཕྱོགས་གཅིག་ལ་བལྟས་ཡོད་པས། བལྟས་ཚོད་ཀྱི་དོན་དག་ཆེན་པོ་ཞིག་བྱུང་བ་དང་མཚུངས། དོན་དངོས་སུ། སློབ་གྲྭའི་སྒོ་ཆེན་ནང་ནས་ཕྱིར་བུད་པ་ནས་བཟུང་། ཞའོ་ཏིག་ཏིག་གི་ཚུགས་ཀ་དེ་འདྲ་རེད།

ཡུལ་ལ་ཐོན་པ་ན། ཞའོ་ཏིག་ཏིག་གིས་སྒོ་ཕྱེ་ཞོར་དུ་ཕྱོགས་གཅིག་ནས་བཤད་རྒྱུར"ང་ཡུལ་ལ་བུད་ཡོང་"ཟེར་བ་དང་། ཕྱོགས་གཅིག་ནས་ལའོ་ཇི་བཙལ། ལའོ་ཇིས་ཉི་ཁྱམས་ནང་ན་གསུས་པ་ས་ལ་བརླན་ནས་འཁྱགས་སུ་འཇུག་བཞིན་འདུག ཞའོ་ཏིག་ཏིག་ཁ་རོག་གེར་ལའོ་ཇི་མདུན་དུ་བཙོག་སྟེ། ཕྲག་གོང་གཉིས་ཀར་ཁུར་ཡོད་པའི་དཔེ་ཁུག་མར་བླངས་ཏེ། དཔེ་ཁུག་ནང་ནས་སྦྱངས་འབྲས་རེའུ་མིག་ཅིག་བླངས་སོང་། འདི་ནི་ཞའོ་ཏིག་ཏིག་གི་ཐེངས་དང་པོའི་སྦྱངས་འབྲས་རེའུ་མིག་ཡིན་པས། ཁོ་མོས་སྦྱངས་འབྲས་རེའུ་མིག་ལའོ་ཇི་ཡི་མིག་མདུན་ནས་ཁ་ཕྱེ་སྟེ། ལའོ་ཇི་ཡི་ཏག་ཏག་གསལ་བོར་མཐོང་ཡོད་པར་ཚོད་དཔག་བྱས། དེ་རྗེས་ཅུང་ངའོ་སྙམ་པའི་ངང་ནས་བཤད་རྒྱུར། "ལྟོས་དང་།"ཟེར།
སྦྱངས་འབྲས་རེའུ་མིག་སྟེང"ཀ་བ"དང"ཁ་བ"ཞེས་ཡི་གེ་མང་པོ་བྲིས་ཡོད། ཡིན་ནའང་ཞའོ་ཏིག་ཏིག་རང་ཉིད་ཀྱིས་ཀྱང"ཀ་བ"ནི"ཁ་བ"དང་སྡུར་ན་བཟང་བ་དང་། ཡང་ན"ཁ་བ"ནི"ཀ་བ"དང་སྡུར་ན་བཟང་བ་གསལ་བོར་མི་ཤེས་པ་རེད། ལའོ་ཇི་ལ་བལྟས་ཏེ་བཤད་ན་དེ་ལས་ཀྱང་ཐག་གཅོད་དཀའ་བ་རེད། ཡིན་ཡང་ཞའོ་ཏིག་ཏིག་གི་བསམ་པར། སྦྱངས་འབྲས་རེའུ་མིག་ཐོག་མ་འདི་ངེས་པར་དུ་ཐོག་མར་ལའོ་ཇི་ལ་ལྟ་རུ་འཇུག་དགོས་པ་མ་ཟད། ལའོ་ཇི་ཧ་ཅང་དགའ་སྤྲོ་སྐྱེས་པ་ཁག་ཐེག་ཡིན་ངེས།
ལའོ་ཇི་ཡིས་མིག་མདུན་གྱི་ཤོག་བྱང་འདིར་ཡང་ཡང་བལྟས་པ་དང་། ཤོག་བུའི་དྲི་མ་ཡང་ཡང་སྣོམ་རྗེས། ཞའོ་ཏིག་ཏིག་གི་གདོང་ལ་བལྟས་ནས་འགུལ་ཡང་མི་འགུལ། ཞའོ་ཏིག་ཏིག་གིས་བཤད་རྒྱུར། "ལེགས་པ་ཡིན་ནམ། རྒྱ་ཡིག་ཅུང་ཙམ་མང་ཡང་། ང་ལ་མཚོན་ན། ཧ་ཅང་དཀའ་ངེས་རེད"ཟེར།
ལའོ་ཇི་ཡི་ཀླད་པ་ཡང་ཡང་འགུལ་བཞིན་པ་ནི་ཡང་བསྐྱར་སྦྱངས་འབྲས་རེའུ་མིག་ལ་ལེགས་པར་ལྟ་བཞིན་པ་འདྲ། དེ་རྗེས་ཞའོ་ཏིག་ཏིག་གི་ལག་པར་ཡང་ཡང་བལྡག
ཞའོ་ཏིག་ཏིག་ཡར་ལངས་ཞོར་དུ། ཡིད་ཚིམ་པའི་ངང་བཤད་རྒྱུར། "ལེགས་སོང་། ད་ལྟ་ཨ་མ་ཁོ་ཚོར་ལྟ་རུ་འཇུག"ཟེར།
ཞའོ་ཏིག་ཏིག་སོང་རྗེས། ལའོ་ཇི་ཡང་ཡར་ལངས་བྱུང་། ཕལ་ཆེར་སྔོན་ལས་ས་འཁྱག་ས་ཞིག་བཙལ་བཞིན་པ་འདྲ། རྗེས་སུ་དལ་མོར་བྱས་ནས་མར་བཙོག་སྟེ་མིག་རིམ་བཞིན་བཙུམ། ལའོ་ཇི་ཡིས་མིག་བཙུམ་པའི་ཚུགས་ཀ་སུས་ཀྱང་མཐོང་ལ། ཚང་མའི་བསམ་པར་ཁོའི་སྦྱངས་འབྲས་རེའུ་མིག་གི་གནད་དོན་ལ་བསམ་གཞིགས་གཏོང་བཞིན་ཡོད་པར་སྙམ་མོ།།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།