ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > སྒྱུར་རྩོམ།

མི་གཞན་ནི་མི་གཞན་ཡིན།

སྤེལ་དུས། 2015-08-13 11:56:42   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དཔལ་འཛོམས།
  ཉིས་ཁོངས་ཀྱིས་བརྩམས། ཀླུ་མཁར་རྒྱལ་གྱིས་བསྒྱུར།
 

ན་ཟུག་མང་པོ་ཞིག་ནི་རང་ཉིད་ཀྱིས་ཁྱེར་ཡོང་བ་ཡིན།   མི་གཞན་དང་ཞིབ་བསྡུར་བྱེད་པར་དགའ་བ་ནི་རང་ཉིད་ལ་ན་ཟུག་བཙལ་བ་རིགས་ཤིག་ཡིན།  རང་ཉིད་ནི་རང་ཉིད་ཡིན།  མི་གཞན་ནི་མི་གཞན་ཡིན།   ཅིའི་ཕྱིར་མི་དེ་འདྲ་མང་པོ་ཞིག་གིས་རང་ཉིད་དང་མི་གཞན་ཞིབ་བསྡུར་བྱེད་པ་ཡིན་ནམ།   མ་གཞིར་རྩ་བ་ནས་འབྲེལ་བ་མེད་པའི་ཁེར་གཟུགས་གཉིས་ཞིབ་བསྡུར་བྱས་ན་དོན་དག་ཇེ་མང་དུ་བཏང་སྟེ་དཀའ་སྡུག་དང་ན་ཟུག་སྣ་ཚོགས་ཀྱང་བབ་བསྟུན་གྱིས་འབྱུང་བ་ཡིན།

ཞིབ་བསྡུར་བརྒྱུད་རིམ་ཁྲོད་མི་མང་པོ་ཞིག་གིས་མི་གཞན་རང་ཉིད་ལས་འཚོ་བ་རོལ་བ་སྣང་བ་སྐྱིད་པ་དང་སེམས་པ་སྤྲོ་བས་ཁེངས་ཤིང་། མི་གཞན་གྱི་ལས་དོན་ལྷུན་གྱིས་འགྲུབ་པ་དང་ཡིད་གཞིན་དུ་འགྲུབ་པའང་ཤེས།  ཡིན་ནའང་རང་ཉིད་ཅི་ལའང་མཚུངས་པ་མེད།

ཞིབ་བསྡུར་བརྒྱུད་རིམ་ཁྲོད་རང་ཉིད་མི་གཞན་གྱི་དྲག་པའི་གནས་བབ་འོག་ཞེད་སྣང་རང་ཤུགས་སུ་མངོན་ཡོང་།   རྒྱུ་མཚན་ཅི།  རང་ཉིད་ཀྱི་ཆ་རྐྱེན་གང་རུང་གཞན་ལས་དམན་པས་མ་ཁྱབ་པ་འདྲ།  དོན་དངོས་སུ་ཟུར་གང་ཞིག་ནས་མི་གཞན་ལ་མི་དོའམ།  འདི་རྒྱུ་མཚན་ཅི།   ལས་ངན་པ་ཡིན་ནམ་ཡང་ན་དུས་སྐབས་ཤིག་ལ་རླུང་རྟ་མ་དར་བ་ཡིན། མ་འོངས་པར་ཇི་ལྟར་བྱ།  ཐོག་མཐའ་བར་གསུམ་དུ་མི་གཞན་ལས་ཞན་པར་བྱའམ།  ཡང་ན་ཉིན་མཚན་ཀུན་ཏུ་འཕྲིན་ལས་དང་སྤྲོ་བ་རྒྱས་སུ་འཇུག་གམ།

མི་གཞན་དང་ཞིབ་བསྡུར་བྱེད་པའི་བརྒྱུད་རིམ་ཁྲོད་རང་ཉིད་མི་གཞན་ལས་ཞན་པའི་རྒྱུ་རྐྱེན་ཧ་ཅང་སླ་སྟེ།
༡.ཕྱི་ངོས་སྟེང་མཐོང་བའི་རང་ཉིད་ལས་ཞན་པའི་མི་དང་ཞིབ་བསྡུར་བྱེད་པ་ཉུང་།
༢.ཕྱི་ངོས་སྟེང་བལྟས་ན་རང་ཉིད་ལས་བཟང་བའི་མིའི་ཞན་ཆ་མི་གཞན་པས་མཐོང་མི་ཐུབ།

གཞན་པ་ཅི་ཞིག་ལ་གཞན་པའི་དོན་དག་ཡིན་སོང་ངམ།  རང་ཉིད་ཀྱིས་སུན་སྣང་བཙལ་དགོས་ན་རྒྱུན་པར་མི་གཞན་དང་ཞིབ་བསྡུར་བྱོས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།