ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > འབོལ་རྩོམ།

ང་དང་ཡུལ་མི་ཚོ།

སྤེལ་དུས། 2015-04-09 08:45:02   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།

གཅན་རྣམ་ཐར།

མེས་པོའི་གཞི་ཁྱིམ་སྟོང་བར་བསྐྱུར་ལ། ཕ་ས་གོར་མོ་གྱང་རོར་བསྒྱུར་ཞིང་། ལྟེ་ཁྲག་འཕོ་སའི་ཕ་ཁྱིམ་བློ་ཡིས་དོར་ཏེ། ཟང་ཟིང་འདུ་འཛི་རྒོད་པའི་ལུང་ཁོག་སྐམ་པོ་དེ་རུ་གཞི་བཅོལ་ཞིང་གནས་བཅའ་བའི་ཡུལ་མི་ཚོས། དཀའ་སྡུག་གི་འཚོ་བར་གདོང་གཏད་དེ་བརྩོན་འགྲུས་ཀྱི་གོ་ཆ་ལུས་ལ་བགོས་ཏེ། རྔུལ་ཁྲག་གི་གཏམས་པའི་ཁྱིམ་གཞི་གསར་བ་ཞིག་ངང་གིས་གྲུབ་པར་བྱས་ཡོད་པ་ལ་བློ་ཡིས་བསྟོད་པར་བྱེད་དཀའ་བར་གདའ།

ཡིན་ཡང་ཕ་ས་སྟོང་རི་ཕྱུག་མོ་གྱང་ཆག་དང་ས་རྡུལ་གྱིས་གྲུབ་ཅིང་། སྟོང་འཇགས་དང་སུན་སྣང་གི་འཇག་གླུ་བྲག་ཅར་འཁོར། ལྷིང་འཇགས་ཀྱིས་བཏུམ་པའི་སྐྱེས་ལྷའི་ལབ་ཙེ་དང་། འཇག་རྩྭའི་ཁེངས་པའི་མ་ཎི་ཁང་ནི་མཚན་ངོགས་ཀྱི་ཟླ་འོད་ཁྲོད་ན་སྔར་ལས་སྐྱོ་སྡུག་གི་ངང་ན་མལ་དུ་གཟིམས་ཡོད།

རྒས་མེད་འགྱུར་མེད་ཀྱི་ནགས་ཀློང་ཕྱུག་མོ་དང་། ཤག་ཤག་ཏུ་བཞུར་བའི་གྲམ་ཆུ་རིང་མོས་སུན་སྣང་གི་སྐྱོ་སྡུག་རིང་དུ་དོར་ནས་ཕ་ཁྱིམ་དྲོན་མོར་ནམ་ཡང་ཞབས་ཞུ་ལྷུར་ལེན་བྱེད་འདོད་ཀྱི་སྙིང་སྟོབས་ཉམས་པ་མེད་པར་མངོན་ནས་གདའ།

ཕ་ཡུལ་གྱི་ངོ་གདོང་འགྱུར་སོང་། ཡུལ་མི་ཚོའི་སེམས་ཁམས་འགྱུར་སོང་། ང་དང་ཡུལ་མི་ཚོའི་བར་ཐག་རིང་དུ་གྱེས་སོང་། ང་དང་ཡུལ་མི་ཚ

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།