ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > འབོལ་རྩོམ།

མིའི་བདེ་སྐྱིད་ངོ་མ་དེ་གང་ཡིན།

སྤེལ་དུས། 2015-04-16 08:42:29   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།

བཀྲ་ཤིས་རྒྱལ།༼རྨ་ལྷོ༽

མིས་སྐྱེ་བ་ནས་འཆི་བའི་བར་བདེ་སྐྱིད་འཚོལ་ཀྱིན་ཡོད། ཅི་ཞིག་ལ་ཟེར་ན། ནང་བསྟན་གྱི་བཞེད་དགོངས་ལྟར། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་པའི་ཕྱིར། སྐྱེ་རྒ་ན་འཆི་དང་བར་གྱི་འདོད་སྲེད། བརྩེ་དུང་ལ་སོགས་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་མཆིས་ཕྱིར། ང་ཚོས་དེ་དང་ཟློས་ཟླར་གྱུར་བའི་བདེ་སྐྱིད་ཅིག་ལ་རེ་སྙེག་བྱེད་པ་ནི་ཆོས་ཉིད་ཅིག་ཏུ་གྲུབ་འདུག་གོ དོན་ངོ་མར་བདེ་སྐྱིད་ཟེར་བ་ནི་ཅི་ཞིག་གོ འདི་ནི་མི་མང་པོས་དོ་སྣང་བྱེད་པའི་གླེང་གཞི་གལ་ཆེན་ཞིག་རེད། ཡིད་སྐྱོ་བ་ཞིག་ལ། ང་ཚོ་མི་མང་བོ་ཞིག་གིས་རང་ཉིད་བདེ་སྐྱིད་ཀྱི་རྣམ་པས་འཚོ་གཞེས་གནང་ཡོད་ནའང་། དེ་མི་ཤེས་མི་ཚོར་བར། སྡུག་བསྔལ་འབའ་ཞིག་ཚུར་བསུ་བཞིན་ཡོད་པ་དེ་རེད། དེ་བས། ངས་བཤད་ན་འདོད་པ་ནི་འཁོར་བ་མ་གཞི་ནས་སྡུག་བསྔལ་ཞིག་ཡིན་པ་མི་རློམ་ལ། མི་གང་ཞིག་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་ཡིན་པའང་ཁས་མི་ལེན། རྒྱུ་མཚན། “འགྲོ་བའི་བདེ་སྡུག་འགྲོ་བ་རང་ལ་རག ། རང་སེམས་རང་གིས་གཅུན་ན་བདེ་སྐྱིད་ཐོབ།”རེད་ཡ། འདིར་ང་ཚོས་གསལ་བོར་ཤེས་རྒྱུ་ཞིག་ལ། བདེ་སྐྱིད་ཅེས་པ་དེ་མིའི་ནང་སེམས་ལ་ཐད་ཀར་དུ་རག་ལས་ཡོད་ཅིང་། མིའི་ནང་སེམས་ཀྱིས་བསྐྱེད་པའི་སྟོབས་ཤུགས་ཡག

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།