ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > འབོལ་རྩོམ།

ནམ་ལངས་རགས་བར་དུ།

སྤེལ་དུས། 2015-08-28 11:15:20   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དཔལ་འཛོམས།

ཕུན་ཚོགས་བཀྲ་ཤིས། 

དགེ་རྒན་དང་ཕ་མས་ང་ལ་རྒྱུན་པར་འཆར་གཞི་ལྡན་པའི་མི་ཞིག་བཅའ་དགོས་ཟེར། འོན་ཀྱང་ང་ནི་དེ་ལས་ལྡོག་པར་མགོ་རྔ་མེད་པ་དང་སྒྲིག་བཀོད་མེད་པའི་མི་ཞིག་བཅའ་བར་མོས། མི་ཞིག་གི་མི་ཚེ་ནི་མཐར་དེད་ན་སོ་སོ་རང་གི་དགའ་མོས་སྙེགས་པའི་རྒྱུད་རིམ་ཞིག་ཡིན་འོས། སུས་ཀྱང་ང་ལ་མི་ཚེ་ཡི་གདམས་པ་དང་མན་ངག་གནང་སྲིད་མོད། དོན་དུ་སུས་ཀྱང་ངའི་ནང་སེམས་ཀྱི་འཇིག་རྟེན་རྟོགས་མི་སྲིད།

དེ་ལྟ་ནའང་ང་རང་སློབ་ཆུང་དང་སློབ་འབྲིང་། དེ་ནས་ཡང་སློབ་ཆེན་སོགས་རིམ་པས་འགྲིམས། འདི་ནི་ང་ངེས་པར་འགྲོ་དགོས་པའི་ལམ་དེ་ཡིན་ནམ་ཡང་ན་ང་ཤིན་ཏུ་འགྲོ་མོས་པའི་ལམ་དེ་རེད། དེ་ལྟར་དྲི་བ་མང་པོ་ཞིག་ནག་ཧྲེང་ཧྲེང་གི་སྒེའུ་ཁུང་ནས་གནར་ཡོང་དུས། ངས་རང་གི་དབང་པོ་གང་ཞིག་གིས་འདི་ལ་ལན་ཞིག་བསྐྱོན་མི་ཡོང་ངམ་སྙམ་པའི་རེ་དོགས་ཀྱིས་མཉན། ཡུན་ཙམ་འགོར་སོང་། ཕྱི་རོལ་ཏུ་ཤག་ཤག་འབབ་པའི་ཆར་བ་ལས་ངས་ཅི་ཡང་མ་གོ གཞི་ནས་འདི་ཡང་དྲིས་ལན་མེད་པ་དེ་དག་གི་ནང་དུ་གཡུག་དགོས་བྱུང་། མི་ཞིག་གི་མི་ཚེའི་ནང་དུ་དྲིས་ལན་མེད་པའི་དྲི་བ་ག་ཙམ་ཡོད་སྲིད་ཨང་། ཤི་རགས་བར་དུ་དྲི་བ་དེ་འདྲ་ག་ཙམ་ལ་ཐུག་དགོས་སམ། ངས་ཧ་མི་གོ  ཡིན་ནའང་ནམ་ཁ་སང་ལྟར་ལངས་སོང། ཉི་མའང་ཁ་སང་ལྟར་དལ་བ་དལ་བུར་ངའི་མདུན་དུ་འཕགས་བྱུང་། རྩིགས་པའི་ངོས་སུ་ཉི་འོད་ཀྱི་ཟགས་མ་འབྱར་ནས་འོད་ལམ་ལམ་དུ་འཚེར། སྒེའུ་ཁུང་ལས་རྒྱ་སྒོའི་ཁང་ཐོག་དུ་ནག་རིལ་རིལ་གྱི་གྲིབ་གཟུགས་ཤིག་ཡར་མར་ལ་སྤོ་འགུལ་བྱེད་པ་རིག  འོ་དེ་ནི་ཨ་རྒྱ་རེད། ངེད་ཚང་གིས་རྒྱ་སྒོ་གསར་པ་ཞིག་རྒྱག་དགོས་པས་ཁོང་སྔ་མོར་ལངས་ནས་རྒྱ་སྒོ་རྙིང་པ་དེ་བཤིག་གིན་འདུག  ང་ཉལ་འདུག་སའི་ཁང་པ་གསར་བ་འདི་རྒྱག་པའི་ཆེད་དུའང་ཕ་མ་གཉིས་ཀྱིས་དཀའ་ལས་ཞེ་དྲག་མྱངས་སོང་། ཡིན་ནའང་མཚམས་ལན་རེར་རོང་ཁང་དུ་ས་རྡུལ་མང་བ་དང་ཡར་སློག་མར་བཤིག་མང་བས། ངས་རང་ཉིད་བསྡད་མ་མྱོང་བའི་གནའ་པོའི་སྦྲ་ནག་དང་སྤངས་ལྗོངས་དྲན་བྱུང་། མུ་མཐའ་མི་མངོན་པའི་ཕ་རོལ་གྱི་ནུབ་ཁ་དེའང་དྲན་བྱུང་།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།