ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > གསུང་རབ།

༄༅། །དཔལ་རྡོ་རྗེ་འཇིགས་བྱེད་སེར་པོ་ལ་བརྟེན་པའི་ཤིན་ཏུ་ཟབ་པའི་མན་ངག་བཞུགས་སོ། །

སྤེལ་དུས། 2015-01-07 10:32:37   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།

༄༅། །དཔལ་རྡོ་རྗེ་འཇིགས་བྱེད་སེར་པོ་ལ་བརྟེན་པའི་ཤིན་ཏུ་ཟབ་པའི་མན་ངག་བཞུགས་སོ། །
 

༄༅༅། །ན་མོ་བཛྲ་བྷཻ་ར་ཝཱ་ཡ། རང་ཉིད་རྡོ་རྗེ་འཇིགས་བྱེད་དུ་གསལ་བའི་མདུན་དུ། ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བའི་ནང་དུ། སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་སྟེང་དུ། སྣ་ཚོགས་རྡོ་རྗེའི་ལྟེ་བར་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ལྟེ་བར། པདྨ་ཟླ་བ་ཉི་མའི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་རིན་པོ་ཆེ་ཧཱུཾ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་འཇིགས་བྱེད་སྐུ་མདོག་སེར་པོ་མ་ཧེའི་ཞལ་ཅན་ཕྱག་གཉིས་པ། ཕྱག་གཡས་པ་ནོར་བུ་དབང་གི་རྒྱལ་པོ་ནམ་མཁའ་ལ་འཕྱར་བ། གཡོན་མཚན་ལྡན་གྱི་ཐོད་པ་བདུད་རྩིས་གང་བ་དང་། རྩྭ་དུར་བའི་སྡོང་པོ་སྦྲགས་ནས་འཛིན་པ། སྐུ་སྟོང་ལ་དར་སེར་པོ་སྣ་ཚོགས་ཀྱི་ན་བཟའ་གསོལ་ཞིང་། རིན་པོ་ཆེ་སེར་པོ་སྣ་ཚོགས་ཀྱིས་བརྒྱན་པ། སྤྱི་བོར་འཇམ་དཔལ་གྱི་ཞལ་སེར་པོ་ཡིད་ཙམ་འཛུམ་པ། གཞོན་ནུའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པ། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས། ཕྱག་གཡས་ནོར་བུ་དབང་གི་རྒྱལ་པོ་དང་

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།