ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > གསུང་རབ།

༄༅། །རྗེའི་གསུང་སྦྱོར་དྲུ་གི་ཟིན་བྲིས་ཤར་ཁ་བ་རིན་ཆེན་ཆོས་རྒྱལ་གྱིས་གནང་བ་ཞུས་ནས་བཀོད་པ་བཞུགས། །

སྤེལ་དུས། 2015-01-07 10:34:04   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།

༄༅། །རྗེའི་གསུང་སྦྱོར་དྲུ་གི་ཟིན་བྲིས་ཤར་ཁ་བ་རིན་ཆེན་ཆོས་རྒྱལ་གྱིས་གནང་བ་ཞུས་ནས་བཀོད་པ་བཞུགས། །
 

༄༅༅། །ཤྲཱི་ཀཱ་ལ་ཙཀྲ་ཡེ། དཔལ་ལྡན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཞབས་ལ་ཡིད་གུས་པ་ཆེན་པོས་ཉེ་བར་བཏུད་དེ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ལུས་རྣམ་སྣང་གི་ཆོས་དང་ལྡན་པའི་སྨིན་མའི་དབུས་དབུ་མའི་རྩ་ནང་དུ་སེམས་དང་མིག་འབྲས་གཉིས་སྣའི་ཕྱོགས་སུ་ཧྲིལ་བྱས་ལ་ཕྱེད་མིག་གྱེན་དུ་ཕྱོགས་པའི་ལྟ་སྟངས་ཀྱི་རྩེ་གཉིས་དབུ་མའི་ནང་དུ་འཕྲད་པ་སྒོམ་པ་ཡིན་པས་རྩ་འཁོར་ནས་ཐད་དཀར་སོར་བཞི་ན་ཡོད་ན་མི་འགལ་ལོ། །དེ་ལྟར་མཚན་མོ་དང་ཉིན་མོའི་རྣལ་འབྱོར་གཉིས་བསྒོམས་པས་རྟགས་བཅུ་གོ་རིམས་ངེས་ཅན་དུ་རྫོགས་པ་སྟེ། བསམ་གཏན་གྱི་ཡན་ལག་ལྔའི་སྒོ་ནས་བརྟན་པར་བྱེད་དགོས་སོ། །་དེ་ལྟར་་ཡིན་ཡང་ད་ལྟ་གོ་རིམས་ངེས་པའི་སྒོམ་པ་མིན་པས། རྟགས་བཅུ་གོ་རིམས་ངེས་པ་ཅན་རྫོགས་པར་འཆར་བ། གསལ་བ། སྲ་བ། རང་གི་ལུས་ལ་འོད་ཀོར་གྱིས་འཁོར་བ་སོགས་འབྱུང་ཡང་། རྟགས་བཅུ་གཅིག་པ། དུས་ཀྱི་རྩ་ལ་མཐོང་བ་ཅུང་དཀའ་ལ། དེ་མཐོང་བར་བྱེད་པ་དང་། ཁྱད་པར་གསུང་འདུས་སོགས་སུ། གཉིད་ཀྱི་འོད་གསལ་རླུང་སྟོབས་ཀྱིས་ཟིན་པས་བླ་མའི་མན་ངག་གིས་ལུས་ཀྱ

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།