ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > ༡༦ལོའི་རང་ཞིང་གི་ཚོགས་ཆེན་གཉིས། > སྒྲ་ལྡན་གསར་འགྱུར།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་གཟབ་རྒྱས་ངང་ཚོགས་འགོ་བརྩམས།

སྤེལ་དུས། 2018-01-25 15:37:18   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཕྱུག་ལོ།

906886972807829842.jpg

མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར་ཟི་ལིང་ནས་གཟབ་རྒྱས་ངང་ཚོགས་འགོ་བརྩམས།

108649382361275844.jpg

མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར་ཟི་ལིང་ནས་གཟབ་རྒྱས་ངང་ཚོགས་འགོ་བརྩམས།

745985709657608131.JPG

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་གོ་ཧྲིན་གྱིས་ཚོགས་ཆེན་ལ་འགོ་འཛིན་བྱས།

152816022303815933.jpg

ཝང་ཅན་ཅུན་གྱིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།

208410130939570951.jpg

འཐུས་མི་རྣམས་ཀྱིས་སྙན་ཞུར་ཉན་བཞིན་པ།

_IU_0432.JPG

འཐུས་མི་རྣམས་ཀྱིས་སྙན་ཞུར་ཉན་བཞིན་པ།

100061539049739349.jpg

འཐུས་མི་རྣམས་ཀྱིས་སྙན་ཞུར་ཉན་བཞིན་པ།

_IU_0402.JPG

དགའ་བསུའི་ཐལ་མོ་རྡེབ་བཞིན་པ།

མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར་ཟི་ལིང་ནས་གཟབ་རྒྱས་ངང་ཚོགས་འགོ་བརྩམས།

གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི་སུམ་བརྒྱ་དང་གོ་གཉིས་ཡོད་པ་དང་། འཐུས་མི་སུམ་བརྒྱ་དང་གྱ་དྲུག་དངོས་སུ་ཚོགས་ཐོག་ཏུ་འབྱོར་བས། བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།

སྔ་དྲོའི་དུས་ཚོད་དགུའི་སྟེང་། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་གོ་ཧྲིན་གྱིས་ཚོགས་ཆེན་འགོ་བརྩམས་པ་ཁྱབ་སྒྲོག་བྱས།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་གོ་ཧྲིན་དང་ལིག་ཉིང་། ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅ་ཚེ། ཀྲང་ཞི་མེན། ཝང་ཡུས་ཡན། ཡུས་ཚུང་ལི། མཱ་ཅི་ཞའོ། ཆུས་ཞིན་ཡུང་། ཀྲང་ཀོང་རོང་། མཱ་ཝེ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཝང་ཅན་ཅུན་དང་རིན་ཆེན་རྒྱལ། ཝང་ཡུས་པོ། ཡན་ཅིན་ཧེ། རྡོ་རྗེ་རབ་བརྟན་བཅས་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་དམག་ཁུལ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་དང་ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རྣམས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

ཝང་ཅན་ཅུན་གྱིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། སྙན་ཞུ་ཁག་གསུམ་དུ་བགོས་ཡོད། གཅིག འདས་པའི་ལོ་ལྔའི་བྱ་བའི་སྤྱི་བསྡོམས། གཉིས། མ་འོངས་པའི་ལོ་ལྔའི་བྱ་བའི་སྤྱིའི་བཀོད་སྒྲིག གསུམ། ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བ་གཙོ་བོའི་བཀོད་སྒྲིག་བཅས་རེད།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ཉིས་སྟོང་བཅུ་བདུན་ལོ་ནི་མཚོ་སྔོན་གྱི་ལོ་རྒྱུས་སྟེང་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་ཏེ། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ངང་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱས་པ་མ་ཟད་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་པ་དེ་སྒུལ་ཤུགས་སུ་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པས་གཏན་ལ་ཕབ་པའི་ཇུས་ཆོད་བཀོད་སྒྲིག་ལྟར། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་རྒྱབ་རྟེན་བྱས་ཏེ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་ཐབས་ལམ་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱས་ནས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་ཐིག་བྱས་པ་དང་། བསྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་ཞིང་། འཕར་སྣོན་བརྟན་འཇགས་སུ་གཏོང་བ་དང་བཅོས་སྒྱུར་ལ་ཡར་སྐུལ་བྱེད་པ། གྲུབ་ཚུལ་ལེགས་སྒྲིག་བྱེད་པ། དམངས་ཚིས་ལ་ཕན་འདོགས་པ། སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ། ཉེན་ཁ་འགོག་པ་སོགས་ཀྱི་བྱ་བ་སྣ་ཚོགས་གཅིག་གྱུར་གྱིས་སྤེལ་བས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་དང་། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བྱུང་། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་སྒོར་ཁྲག་ཁྲིག་གཉིས་དང་ཐེར་ཆེན་དྲུག་ཐེར་འབུམ་བཞི་དུང་ཕྱུར་གཉིས་བྱེ་བ་བརྒྱད་ལ་བསླེབས་ཏེ། སྔོན་ལོ་ལས་བརྒྱ་ཆའི་བདུན་དང་གྲངས་ཆུང་གསུམ་འཕར། དམངས་ཡོངས་ཀྱི་སྡོད་དམངས་མི་རེའི་བཀོལ་སྤྱོད་བྱས་ཆོག་པའི་ཡོང་སྒོ་བརྒྱ་ཆའི་དགུ་དང་གྲངས་ཆུང་བརྒྱད་འཕར། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆའི་གཅིག་དང་གྲངས་ཆུང་ལྔ་རུ་ཚོད་འཛིན་བྱས་ཏེ། ལོ་བཅུ་གཉིས་ཀྱི་རིང་ལ་ཆེས་དམའ་བའི་ཚད་དུ་བསླེབས་པ་དང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པས་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱས།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ལོ་གཅིག་གི་རིང་ལ། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་འོག་ཏུ། ང་ཚོས་ཆེ་ཕྱོགས་ལ་ལྟ་བ་དང་ཁྱོན་ཡོངས་ལ་ཇུས་འགོད་བྱེད་པ། བྱེད་ཐབས་རྣལ་མ་སྤྱོད་པ། དོན་དག་ངོ་མ་སྒྲུབ་པ་བཅས་རྒྱུན་འཁྱོངས་བྱས་ཏེ། སྲིད་གཞུང་གི་ཆེ་ཕྱོགས་སྙོམས་སྒྲིག་དང་ཁྲོམ་ར་ལྟ་སྐུལ་དོ་དམ། སྤྱི་ཚོགས་དོ་དམ། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་འགན་ནུས་ལག་བསྟར་ཅུང་བཟང་པོ་བྱས་ཏེ། བྱ་བ་སྣ་ཚོགས་ཐད་ནས་རྣམ་པ་གསར་པ་བསྐྲུན། དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། རྨང་གཞིའི་སྒྲིག་ཆས་ལ་གསར་དུ་ཤུགས་སྣོན་བྱས་ཤིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གོང་འཕེལ་གསར་པ་བྱུང་བ་དང་། བཅོས་སྒྱུར་སྒོ་འབྱེད་ཐད་གོམ་སྟབས་གསར་པ་སྤོས་ལ། སྤྱི་ཚོགས་ལས་དོན་གོང་འཕེལ་གསར་པ་བྱུང་བ་དང་། དམངས་ཚིས་བདེ་སྐྱིད་མཐོར་འདེགས་གསར་པ་བྱུང་། ལོ་འགོར་མི་དམངས་ལ་དམ་བཅས་པའི་དམངས་ཚིས་དོན་དངོས་བཅུ་པོ་ཚང་མ་ཡོངས་སུ་ལག་བསྟར་བྱས་ཡོད།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ཉིས་སྟོང་བཅུ་བདུན་ལོའི་བྱ་བ་སྣ་ཚོགས་ཡོངས་འགྲུབ་བྱས་ཏེ། སྐབས་འདིའི་སྲིད་གཞུང་གི་ལོ་ལྔའི་འགན་ཡུན་གྱི་དམིགས་འབེན་ལ་རྫོགས་ཚིག་བཀོད་ཡོད། ལོ་ལྔའི་རིང་ལ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་། ལྷག་པར་དུ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བརྒྱད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་བཤེར་མཛད་སྐབས་བཏོན་པའི་བླང་བྱ་གལ་ཆེན་དངོས་འབེབས་བྱས་ཏེ། མཐུན་སྒྲིལ་འབད་འཐབ་དང་དཀའ་སྤྱད་ལས་སྐྲུན་གྱིས་རེ་བའི་ས་བོན་བཏབ་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ལོ་འདི་ལྔ་ནི་འབད་འབུངས་ཡར་བརྩོན་བྱས་པའི་ལོ་ལྔ་ཡིན་པ་དང་། ལོ་འདི་ལྔ་ནི་སྐྱེ་ཁམས་བཟང་ཕྱོགས་སུ་འཕེལ་བའི་ལོ་ལྔ་ཡིན་ལ། ལོ་འདི་ལྔ་ནི་དམངས་ཚིས་ལེགས་བཅོས་བྱས་པའི་ལོ་ལྔ་དང་། ལོ་འདི་ལྔ་ནི་སྐྱེ་སྟོབས་འབར་བའི་ལོ་ལྔ་ཡིན་ལ། ལོ་འདི་ལྔ་ནི་དྲང་བདེན་མ་འཆོལ་བ་དང་གསར་གཏོར་མ་ཆད་པའི་ལོ་ལྔ་ཡིན་པ་དང་། ལོ་འདི་ལྔ་ནི་རྟིང་ཤུགས་འཕེལ་བའི་ལོ་ལྔ་ཡིན།

ཝང་ཅན་ཅུན་གྱིས་བཤད་རྒྱུར། འདས་པའི་ལོ་ལྔའི་ནང་མཚོ་སྔོན་གྱིས་གྲུབ་འབྲས་མངོན་གསལ་བླངས་པ་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོམ་པ་ཆེན་པོས་མདུན་སྐྱོད་བྱས་པའི་བསྡུས་གཟུགས་ཡིན། ལོ་ལྔའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དཀའ་ཚེགས་ཆེ་བ་དང་ལོ་ལྔའི་ནང་བསགས་པའི་ཉམས་མྱོང་ལ་རིན་ཐང་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་ཞུགས་ཅེས་བསྟན་པ་དང་། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྟེང་མཚོ་སྔོན་གྱི་འཕེལ་རྒྱས་དེ་འགོ་ཚུགས་ས་གསར་བའི་སྟེང་གནས་ཡོད་ཅེས་བསྟན། དུས་དང་རྣམ་པ་ཀུན་ཏུ་ང་ཚོར་དུས་རབས་གསར་པ་དང་འགོ་ཚུགས་ས་གསར་བ་ནས་ངེས་པར་དུ་བསམ་ཕྱོགས་གསར་པས་མཛུབ་ཁྲིད་བྱེད་པ་དང་། དུས་རབས་གསར་པ་དང་འགོ་ཚུགས་ས་གསར་བ་ནས་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བཟང་བྱེད་པ། དུས་རབས་གསར་པ་དང་འགོ་ཚུགས་ས་གསར་བ་ནས་ངེས་པར་དུ་ཐབས་ལམ་གསར་པ་གསར་སྐྲུན་བྱེད་པ། དུས་རབས་གསར་པ་དང་འགོ་ཚུགས་ས་གསར་བ་ནས་ངེས་པར་དུ་ངོས་འཛིན་གསར་པ་ཡོད་དགོས་པ། དུས་རབས་གསར་པ་དང་འགོ་ཚུགས་ས་གསར་བ་ནས་ངེས་པར་དུ་སྒུལ་ནུས་གསར་པ་གསོ་སྐྱོང་བྱེད་པ། དུས་རབས་གསར་པ་དང་འགོ་ཚུགས་ས་གསར་བ་ནས་ངེས་པར་དུ་འཚོ་བ་གསར་བ་གསར་སྐྲུན་བྱེད་པ། དུས་རབས་གསར་པ་དང་འགོ་ཚུགས་ས་གསར་བ་ནས་ངེས་པར་དུ་བྱ་སྤྱོད་གསར་བ་ཡོད་དགོས་པའི་མྱོང་ཚོར་ཟབ་མོ་སྐྱེས་ཟེར།

མ་འོངས་པའི་ལོ་ལྔའི་བྱ་བའི་སྤྱིའི་བཀོད་སྒྲིག་སྐོར་གླེང་སྐབས། ཝང་ཅན་ཅུན་གྱིས་བཤད་རྒྱུར། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་དུས་རབས་གསར་བར་གནས་ཤིང་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འབྲེལ་མཚམས་དུས་སྐབས་སུ་འགྲེང་སྟེ་སྔར་ལས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་མཛེས་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་ནི་ང་ཚོའི་ཕྲག་ཏུ་བབས་པའི་ལས་འགན་གལ་ཆེན་ཞིག་ཡིན། མ་འོངས་པའི་ལོ་ལྔ་ནི་གྲུབ་འབྲས་ཆེན་པོ་ལེན་པའི་ལོ་ལྔ་ཡིན་ལ། མ་འོངས་པའི་ལོ་ལྔ་ནི་དམངས་ཕྱུག་དང་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་ལོ་ལྔ་ཡིན་པ་དང་། མ་འོངས་པའི་ལོ་ལྔ་ནི་རྨང་གཞི་སྲ་བརྟན་དུ་གཏོང་བའི་ལོ་ལྔ་ཡིན་ལ། མ་འོངས་པའི་ལོ་ལྔ་ནི་མཁྲེགས་གཏོར་དཀའ་སེལ་གྱི་ལོ་ལྔ་ཡང་ཡིན། མ་འོངས་པའི་ལོ་ལྔའི་བྱ་བ་བཟང་བོར་བསྒྲུབ་སྐབས། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་བསྟར་མཐའ་འཁྱོལ་དང་དངོས་འབེབས་བཟང་བོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཐབས་ཇུས་དང་བཀོད་སྒྲིག་ལྟར། ཏང་གིས་དཔལ་འབྱོར་བྱ་བར་འགོ་ཁྲིད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་འཆར་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་དང་པོར་འཇོག་པ་དང་ཕན་འབྲས་གཙོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། རང་རྒྱལ་གྱི་སྤྱི་ཚོགས་འགལ་བ་གཙོ་བོ་བསྒྱུར་བའི་མཚོ་སྔོན་གྱི་མཚོན་བྱེད་བྱེ་བྲག་དང་སྦྲེལ་ཏེ། ཧུར་ཐག་སྒོས་མི་དམངས་ཀྱིས་མཛེས་པའི་འཚོ་བར་བཅངས་པའི་རེ་སྒུག་གསར་བ་སྐོང་བར་བྱེད་པ་དང་། གཅིག་གྱུར་སྒོས་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལག་བསྟར་བྱེད་པ་དང་མཐུན་སྦྱོར་སྒོས་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་དགོས་ལ། ཏན་ཏན་ཏིག་ཏིག་བཞི་ཡི་རེ་བ་གལ་ཆེན་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་། བསྒྱུར་བ་བཞི་གཙོར་བཟུང་ནས་ལག་བསྟར་བྱེད་པར་མ་ཟད། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱེད་པ་དང་རྒྱལ་ཡོངས་ནས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱས་ཏེ། འགོ་ཚུགས་ས་གསར་བ་ནས་སྔར་ལས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་མཛེས་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་དགོས། རང་ཞིང་གི་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ཁོར་ཡུག་དང་བྱེ་བྲག་ཆ་རྐྱེན་ལ་ཕྱོགས་བསྡུས་སྒོས་དབྱེ་ཞིབ་བྱས་ཚེ་མ་འོངས་པའི་ལོ་ལྔ་དེ་རིམ་པ་གཉིས་སུ་བགར་ནས་བཀོད་སྒྲིག་བྱས་ཆོག རིམ་པ་དང་པོ་ནི་ཉིས་སྟོང་ཉི་ཤུ་ལོའི་བར་དུ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱས་ཏེ། སྔར་ལས་ལྷག་པ་བཞི་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་པ་དང་། རིམ་པ་གཉིས་པ་ནི་ཉིས་སྟོང་ཉི་ཤུ་ལོ་ནས་ཉིས་སྟོང་ཉེར་གཉིས་ལོའི་བར་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྨང་གཞིའི་སྟེང་སྔར་ལས་ལྷག་པ་བཞི་ཕུན་སུམ་ཚོགས་པར་གཏོང་བ་དང་། མང་ཚོགས་ཕྱུག་སྒྱུར་དང་སྒོ་འབྱེད་བཟོད་སྒོམ། རང་རྟོན་གྱིས་ཁེངས་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་དགོས་ཟེར།

བང་ཅན་ཅུན་གྱིས་བཤད་རྒྱུར། སྐབས་གསར་བའི་སྲིད་གཞུང་གིས་འགན་འཁུར་བའི་ལོ་ལྔ་ནི། ཐབས་ལམ་གསར་བ་ཞིག་དང་འགན་འཁྲི་གསར་བ་ཞིག་གི་འགོ་བརྩམས་པའི་ལོ་ཡིན་ལ།མ་འོངས་པའི་ལོ་ལྔའི་ནང་གི་སྲིད་གཞུང་གི་འགན་འཁྲི་ནི་ཡིད་ཆེས་དང་སྤོབས་པ་ཆེན་པོས་མདུན་བསྐྱོད་དང་། རིག་སྟོབས་དང་བཟོད་བསྲན་གྱིས་བྱ་གཞག་ལ་གྲུབ་འབྲས་ལེན་པ། དངོས་གཉེར་དང་གྲུབ་འབྲས་ཀྱིས་དམངས་སེམས་ལ་བརྩོན་ལེན་བྱེད་པ་བཅས་བྱས་ནས། ནམ་ཡང་རྒྱུན་འཁྱོངས་བྱེད་པ་བཞི་བསྒྲུབ་དགོས་ཏེ། གཅིག་ནི་ནམ་ཡང་ཏང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་པ་དང་། གཉིས་ནི་ནམ་ཡང་མི་དམངས་གཙོ་ཡིན་པའི་གོ་གནས་རྒྱུན་འཁྱོངས་བྱེད་པ། གསུམ་ནི་ནམ་ཡང་སྲིད་གཞུང་གི་སྤྱོད་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པ། བཞི་ནི་ནམ་ཡང་མཚོ་སྔོན་ལ་དགའ་བ་དང་། མཚོ་སྔོན་འཛུགས་སྐྲུན། མཚོ་སྔོན་ལ་བྱས་རྗེས་འཇོག་པ་རྒྱུན་འཁྱོངས་བྱེད་དགོས།

བང་ཅན་ཅུན་གྱིས་བཤད་རྒྱུར། མཚོ་སྔོན་གྱི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཀྱི་སྤྱིའི་བསམ་ཕྱོགས་ལ། ཏན་ཏན་་ཏིག་ཏིག་བཞི་དང་། སྒྱུར་བ་བཞི། འགྲོས་མཉམ་བཞི། སྔར་ལས་ལྷག་པ་བཞི། ནུས་པ་བཞི་བཅས་གཙོ་ཡིན་པའི་ལྔ་བཞིའི་འཐབ་ཇུས་ལག་བསྟར་དངོས་འབེབ་ལ་འཆར་འགོད་བྱེད་དགོས། ཏན་ཏན་ཏིག་ཏིག་བཞི་ནི་མཚོ་སྔོན་གྱི་བྱ་བ་ལེགས་པོར་སྒྲུབ་པའི་རྩ་བའི་བརྩི་བྱ་དང་། སྒྱུར་བ་བཞི་ནི་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་གྱི་དངོས་འབེབ་ལ་སྐུལ་འདེད་གཏོང་པའི་ཐབས་ལམ་ཡིན། འགྲོས་མཉམ་བཞི་ནི་ཏན་ཏན་ཏིག་ཏིག་བཞི་དང་སྒྱུར་བ་བཞི་མངོན་འགྱུར་བྱེད་པའི་ཤུགས་ཡོད་འདེགས་སྐྱོར་ཡིན། སྔར་ལས་བཞི་ནི་སྟོབས་འབྱོར་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྒྱལ་དར་ཕུགས་འདུན་མངོན་འགྱུར་བྱེད་པའི་མཚོ་སྔོན་གྱི་བྱེ་བྲག་གི་མཚོན་བྱེད་ཡིན་ལ། ནུས་པ་བཞི་ནི་དམིགས་འབེན་དང་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པའི་གཞི་རྩའི་འགན་སྲུང་ཡིན་པས། ང་ཚོས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ལྔ་བཞི་འཐབ་ཇུས་ལག་བསྟར་བཟང་བོ་བྱས་ནས། དུས་མཉམ་གཅིག་མངོན་འགྱུར་བྱེད་པ་དང་། སྔར་ལས་བཞི་འཛུགས་སྐྲུན་བྱེད་པའི་ཐད་རྨང་གཞི་བརྟན་པོ་འདིངས་པ་དང་། ཧུར་ཐག་གིས་མཚོ་སྔོན་གྱི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་གཏོད་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་བཤད་རྒྱུར། 2018ལོར། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དཔལ་འབྱོར་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་ཇུས་ཆོད་བཀོད་སྒྲིག་གཞིར་བཟུང་བ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བླང་བྱ་ལག་བསྟར་བྱས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། ད་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔོག་དམིགས་འབེན་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་གྲངས་བརྒྱ་ཆའི་བདུན་ཡས་མས་འཕར་སྣོན་བྱེད་པ་དང་། སྡོད་དམངས་ཡོངས་ཀྱི་མི་རེའི་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་སྒོ་བརྒྱ་ཆའི་དགུ་ཁ་སྣོན་བྱེད་པ། གྲོང་གསེབ་ཀྱི་མི་ཁྲི་དྲུག་ལས་ཞུགས་བྱེད་ཐུབ་པ། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་ས་ཡ་གཅིག་དང་ཁྲི་ལྔ་ཕྱིར་མངག་ནས་ལས་ཞུགས་བྱེད་དུ་འཇུག་པ། གྲོང་གསེབ་ཀྱི་ཐོ་འགོད་བྱས་པའི་ལས་ཤོར་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་ལྔའི་ནང་དུ་ཚོད་འཛིན་བྱེད་པ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་སྣོན་ཚད་དེ་བརྒྱ་ཆའི་གསུམ་ནང་དུ་ཚོད་འཛིན་བྱེད་པ། གྲོང་ཁྱེར་གཙོ་བོའི་མཁའ་དབུགས་ཀྱི་རྒྱུ་སྤུས་བཟང་བའི་ཉིན་གྲངས་ཀྱི་བསྡུར་ཚད་བརྒྱ་ཆའི་དོན་བརྒྱད་ཡན་དུ་བསླེབ་པ། ཞིང་ཆེན་ཕྱི་རུ་བཞུར་བའི་ཙོང་ཆུའི་བཞུར་རྒྱུན་གྱི་ཆུའི་རྒྱུ་སྤུས་གཏན་འཇགས་ཡིན་ཞིང་ཇེ་བཟང་དུ་འགྲོ་བར་བྱེད་རྒྱུ་དེ་ཡིན་ཟེར།

ཝང་ཅན་ཅུན་གྱིས་བཤད་རྒྱུར། གོང་གི་དམིགས་འབེན་དེ་དག་མངོན་འགྱུར་བྱེད་ན། གཙོ་བོར་གཤམ་གྱི་ཕྱོགས་བརྒྱད་ཐད་ཀྱི་བྱ་བ་དམ་འཛིན་བྱེད་དགོས་ཏེ། གཅིག་ནས་མཁྲེགས་གཏོར་ཆེན་པོ་གསུམ་གྱི་བྱ་བ་བཟང་བོར་བསྒྲུབ་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་རྨང་གཞི་བརྟན་པོ་འདིང་དགོས། གཉིས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ཏེ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ཐད་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས། གསུམ་ནས་ཚན་རིག་དང་མཐུན་པ་དང་གནད་ལ་ཁེལ་བའི་སྒོ་ནས་བྱེད་ཐབས་སྤྱད་དེ། དཔལ་འབྱོར་འོས་འཚམ་གྱི་བར་མཚམས་སུ་འཁོར་རྒྱུག་བྱེད་པར་སྲུང་འཛིན་བྱེད་དགོས། བཞི་ནས་སྐྱེ་ཁམས་དཔལ་ཡོན་སྒྲིག་གཞི་བཅོས་བསྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ལྗང་མདོག་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས། ལྔ་ནས་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་དོ་སྣང་ཆེན་པོ་བྱས་ཏེ། འཕེལ་རྒྱས་ཁྲོད་ནས་དམངས་ཚིས་ལ་འགན་སྲུང་དང་ལེགས་བསྒྱུར་བྱེད་པར་རྒྱུན་འཁྱོངས་བྱེད་དགོས། དྲུག་ནས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་གསར་གཏོད་བྱས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་དགོས། བདུན་ནས་མཁར་གྲོང་ཁུལ་ཁོངས་ཀྱི་གཅིག་བསྡུས་བཅོས་སྐྱོང་ལ་དམ་འཛིན་བྱས་ཏེ། འཕེལ་རྒྱས་ཀྱི་བར་སྟོང་གསར་བ་རྒྱུན་མ་ཆད་པར་རྒྱ་སྐྱེད་དགོས། བརྒྱད་ནས་གཙོ་གནད་དམ་འཛིན་དང་ཞན་ཆ་ཁ་གསབ། ཉམས་ཞན་ཇེ་ལེགས་སུ་གཏོང་བར་རྒྱུན་འཁྱོངས་བྱས་ནས། ཧུར་ཐག་གིས་བྱ་བ་སྣ་ཚོགས་ཐད་ཀྱི་རྣམ་པ་གསར་བ་བསྐྲུན་དགོས་ཟེར།

ཚོགས་ཐོག་ཏུ་ད་དུང་མཚོ་སྔོན་ཞིང་ཆེན་གྱི2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་། 2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱི2017ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2018ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས།

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན་ཡོངས་དང་། མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་ཚོགས་འདུར་ཟུར་ཞུགས་བྱས།
 

གསར་འགོད་པ། ཕྱུག་ལོ། ལྷ་རྒྱལ་བཀྲ་ཤིས།

ལྟ་སྐུལ་པ། དབྱངས་ཅན།

སྤྱིའི་ལྟ་སྐུལ་པ། རྣ་བྷ།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།