ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > གླུ་ཤགས་འགྲན་སྡུར།

གླུ་ཤགས་འགྲན་སྡུར་སྐབས་དང་པོའི་བསྐྱར་འགྲན་འཕར་མའི་ཉིན་གཉིས་པའི་ཕྱི་དྲོའི་འགྲན་སྡུར།

སྤེལ་དུས། 2015-04-11 19:29:53   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྙིང་བྱམས་ཚེ་རིང་།

ཞིང་ཆེན་ཡོངས་ཀྱི་གླུ་ཤགས་འགྲན་སྡུར་སྐབས་དང་པོའི་བསྐྱར་འགྲན་འཕར་མའི་འགྲན་རྩོད་ཟླ་བཞི་པའི་ཚེས་བཅུ་གཅིག་ཉིན་མུ་མཐུད་དུ་འཚོགས་ལ། སྔ་དྲོ་གླུ་བ་གླུ་མ་སྐོར་གསུམ་གྱི་འགྲན་རྩོད་བྱས་ཚར་བ་དང་། ཕྱི་དྲོ་དེར་མཐུད་ནས་གླུ་ཤགས་ཀྱི་རྒྱ་མཚོ་བསྐྱིལ་ཞིང་། ཤགས་ལན་གྱི་རི་བོ་བརྩིགས་བཞིན་གངས་ཅན་བོད་པའི་སྲོལ་རྒྱུན་རིག་གནས་ལས། གླུ་ཤགས་ཀྱི་ཁྱད་ཆོས་ངོ་མཚར་བར་བསྟན་ལ། བློ་གྲོས་ཀྱི་དྭངས་མ་ལས་འཁྲུངས་པའི་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་ཁྲི་ཀའི་འོད་སྣང་དང་ལྷན་དུ་ཕྱོགས་སོ་སོ་ནས་ཕེབས་པའི་ལྟད་མོ་བ་རྣམས་ཀྱི་མིག་ལམ་དང་རྣ་བའི་དབང་བོར་དྲངས་སོང་།
ཕྱི་དྲོ་འགྲན་ཞུགས་བྱེད་པ་སྐོར་ལྔ་ཡོད་ལ་བསྡོམས་པས་མི་བཅུ་ཡོད། དེ་དང་སྔ་དྲོའི་མི་དྲུག་དང་བཅས་བསྡོམས་པས་མི་བཅུ་དྲུག་ཡོད་ལ། ཁ་སང་གི་སྐོར་ལྔའི་འགྲན་ཞུགས་མི་སྣ་བཅུ་བཅས་ཐེངས་འདིར་ཞུགས་པའི་གླུ་བ་གླུ་མ་སུམ་ཅུའི་བསྐྱར་འགྲན་འཕར་མའི་འགྲན་སྡུར་དེ་རིང་མཇུག་རྫོགས་པ་དང་། སང་ཉིན་ཚེས་བཅུ་གཉིས་ཉིན་བསྐྱར་འགྲན་གྱི་མགོ་བརྩམ་པར་བྱ་ལ། ཁ་སང་དང་དེ་རིང་ཉིན་གཉིས་ལ་དཔྱད་འདེམས་པས་བྱིན་པའི་སྐར་མར་གཞིགས་ནས། མི་བཅུ་དྲུག་བསྐྱར་འགྲན་གྱི་རིམ་པར་ཞུགས་དགོས།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།