ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > གླུ་ཤགས་འགྲན་སྡུར།

གླུ་ཤགས་འགྲན་སྡུར་གྱི་པར་བརྙན་ལས་མཐོང་བའི་ཡིད་འོང་སྣང་བརྙན་གཉིས་པ།

སྤེལ་དུས། 2015-04-12 21:03:15   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྙིང་བྱམས་ཚེ་རིང་།

གླུ་ཤགས་རིག་གནས་ནི་བོད་ཁ་བ་ཅན་གྱི་གླུའི་རིག་གནས་ལས་སྣ་གཅིག་ཡིན་ལ། འདི་ནི་གླུ་བའི་ཤེས་རབ་ཀྱི་གདེང་དང་བློ་གྲོས་ཀྱི་མྱུར། གསར་གཏོད་ཀྱི་རྩལ་རྗེན་པར་མཚོན་པར་བྱེད་པའི་རིག་གནས་ཁྱད་དུ་འཕགས་པ་ཞིག་ཡིན་པ་དང་། དེ་ནི་དུས་སྟོན་ཁྲོམ་ཚོགས་དང་ལས་ཞོར་གྱི་སྐབས་རོལ་བའི་རིག་རྩལ་གྱི་རྣམ་པ་ཞིག་སྟེ། རྩེད་མཚར་སྒོས་ཕ་རོལ་པོར་ཟུར་ཟ་བྱེད་པ་དང་། འཇིགས་སྐུལ་བ། གཉའ་གཅོག་པ། དྲི་བ་དྲིས་ལན་འདེབས་པ་བཅས་བརྗོད་བྱ་ཕུན་སུམ་ཚོགས་ཤིང་། རྗོད་བྱེད་ཀྱི་ཚིག་རྣོ་ཞིང་གནད་དུ་ཁེལ་བ། ཉམས་ཆེ་ཞིང་བབ་ཆགས་པ། ཉན་སྤྲོ་ལ་གད་མོ་སློང་ཐུབ་པ། དཔེར་གསོན་ཉམས་ལྡན་ཞིང་བརྗོད་བྱ་འབུར་དུ་ཐོན་པ། རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པར་བྱེད་པའི་བོད་ཀྱི་རིག་གནས་ཐུན་མོང་མ་ཡིན་ཞིག་ཡིན་ལ། འདི་ནི་དབྱངས་རྟ་དང་ནང་དོན་སོགས་ཀྱི་ཐད་ནས། དམངས་གླུ་དང་ཆང་གཞས། ལ་གཞས། རྩེད་རིག་སོགས་དང་མི་མཐུན་པའི་ཁྱད་ཆོས་མངའ་བས་བོད་ཀྱི་དམངས་ཁྲོད་རིག་གནས་བང་མཛོད་ཁྲོད་ཀྱི་བློ་གྲོས་ཀྱི་ཉིང་ཁུ་ཞིག་ཀྱང་རེད།

དེ་བཞིན་གླུ་ཤགས་སུ་འགྲོ་དུས་ཤགས་རོགས་ཕུགས་ལ་བསྡུ་རྒྱུ་དང་། རྩེད་འཇོའི་སྐྱིད་ལ་རོལ་རྒྱུ་ནི་བོད་པའི་གླུ་ཤགས་ཀྱི་ཁྱད་ཆོས་ཡིན་ལ། ཁྲོམ་ཆེན་གྲལ་ནས་རྩེས་ན་ནང་ཁྲོམ་པ་དགའ་སྤྲོའི་ཡང་རྩེ་ཡིན་སྟབས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།