ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > ད་ལོའི་ལོ་སར།

ཆབ་འགག་གསེར་མོ་ལྗོངས་ནས«བཀྲ་ཤིས་གཡང་དཀར་ལུག་ལོའི»ལེ་ཚན་སྒྲ་བླངས་ནས་ཚར་བ།

སྤེལ་དུས། 2015-01-12 20:10:26   ཡོང་ཁུངས།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། 

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བའི་གསར་འགོད་པ་རྣམ་རྒྱལ་རིག་འཛིན་ནས་བཀོད་པའི་གསར་འགྱུར།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་བོད་ཤིང་མོ་ལུག་ལོའི་ལོ་སར་ཆེད་སྒྲིག་ལེ་ཚན«བཀྲ་ཤིས་གཡང་དཀར་ལུག་ལོ»འི་སྒྲ་ལེན་ས་ཚིགས་གཉིས་པ་སྟེ། ཆབ་འགག་གསེར་མོ་ལྗོངས་ཀྱི་སྒྲ་ལེན་བྱ་བ་དེ་རིང་བདེ་བླགས་ངང་མཇུག་སྒྲིལ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པས་རྒྱབ་སྐྱོར་ལ་བརྟེན་ནས་ཆབ་ཆ་ས་ཁུལ་གྱི་སྒྲ་ལེན་བྱ་བ་ད་ལྟ་ཡོངས་སུ་མཇུག་སྒྲིལ་སོང་ལ། ཐེངས་འདིར་གཙོ་བོ་བོད་ཀྱི་དམངས་གླུ་དང་རྡུང་ལེན་གཉིས་དམིགས་སུ་བཟུང་ནས་སྒྲ་བླངས་ཡོད་པ་མ་ཟད། དམངས་སྲོལ་རིག་པའི་ཆེད་མཁས་པ་ཆབ་འགག་རྡོ་རྗེ་ཚེ་རིང་གདན་དྲངས་ནས་དམངས་གླུ་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་ཐད་ཡུལ་དངོས་ནས་བཅར་འདྲི་བྱས་ཡོད། དེ་རིང་གི་ལེ་ཚན་འདི་དག་ལོ་སར་ཚེས་གཅིག་དགོང་མོར་ཀུན་གྱི་སྙན་ལམ་དུ་འབུལ་རྒྱུ་རེད།

IMG_9586.jpg

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།