ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > འཆམ་མཐུན་གླེང་ནས་འཕེལ་རྒྱས་བསྟོད།

མཚོ་སྔོན་དམངས་སྲིད་ཀྱི་ལོ་ལྔའི་འོད་སྟོང་འབར་བའི་གྲུབ་འབྲས།

སྤེལ་དུས། 2012-12-14 09:32:33   ཡོང་ཁུངས།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། 

རང་ཞིང་གི་གཞི་རྩའི་དམངས་འཚོ་འགན་སྲུང་ལ་ཉེ་བའི་ལོ་འགའི་ནང་གྲུབ་འབྲས་མངོན་གསལ་ཐོབ། ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་སུ་བསྡོམས་པས་དམངས་སྲིད་ལས་དོན་ཐད་ལ་གྲོན་དངུལ་སྒོར་དུང་ཕྱུར་བརྒྱ་དང་བཅོ་བརྒྱད་བཏང་སྟེ། བསྟུད་མར་ལོ་འགར་སྤྱི་ཚོགས་ཀྱི་རོགས་སྐྱོར་དང་དམངས་སྲིད་འགན་སྲུང་གི་ཚད་གཞི་ཇེ་མཐོར་བཏང་ཞིང་། རྒྱུན་ཆད་མེད་པར་རོགས་སྐྱོར་ཁྱབ་ཁོངས་རྒྱ་བསྐྱེད་དང་འགན་སྲུང་མི་ཚོགས་ཇེ་མང་དུ་བཏང་ནས། སྤྱི་ཚོགས་རོགས་སྐྱོར་ལམ་ལུགས་ཀྱི་ཁེབས་རྒྱ་ཕལ་ཆེར་མངོན་འགྱུར་བྱས་པ་དང་། དམངས་འཚོའི་དམིགས་ཚད་ཁག་ཅིག་ནུབ་རྒྱུད་ས་ཁུལ་གྱི་མདུན་གྲས་སུ་བསླེབས། སྔ་གཞུག་ཏུ་གནོད་ཐེབས་མང་ཚོགས་མི་ཐེངས་ས་ཡ་གཅིག་འབུམ་གཉིས་ཁྲི་གཅིག་གནས་སྤོར་བཀོད་སྒྲིག་བྱས་བ་དང་། གནོད་ཐེབས་མང་ཚོགས་མི་ཐེངས་ས་ཡ་བཞི་ཁྲི་དགུར་རོགས་སྐྱོར་བྱས། རྒྱུན་ལྡན་རང་བཞིན་གྱི་རོགས་སྐྱོར་བྱ་ཡུལ་མི་འབུམ་བཞི་ཁྲི་བདུན་ནས་མི་འབུམ་དྲུག་ཁྲི་དྲུག་ཏུ་འཕར། མཁར་གྲོང་གི་མ་མཐའི་འཚོ་བ་འགན་སྲུང་དང་སྨན་བཅོས་རོགས་སྐྱོར། ལྔ་སྲུང་སྲི་ཞུ་སོགས་སྤྱི་ཚོགས་རོགས་སྐྱོར་གྱི་ཚད་གཞི་ཆ་སྙོམས་ལོ་རེའི་འཕར་ཚད་བརྒྱ་ཆའི་བཅུ་ཡན་དུ་བསླེབས། ཞིང་སྡེའི་ཁྱིམ་ཚང་འབུམ་གཅིག་ཁྲི་གཅིག་ལྷག་གི་ཁང་རྙིང་བསྒྱུར་བཀོད་བྱ་བ་ལག་བསྟར་བྱས

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།