ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > འཆམ་མཐུན་གླེང་ནས་འཕེལ་རྒྱས་བསྟོད།

མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་སྡོང་རྒན་ཐང་སྡེ་བར་བཞད།

སྤེལ་དུས། 2014-04-10 09:20:24   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། གཡང་འབུམ་རྒྱལ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དཀར་བརྗིད་ཞང་དུ་སྡོང་རྒན་ཐང་ཟེར་བའི་སྡེ་བ་ཞིག་ཡོད་པ་དང་། སྡེ་བ་དེ་ནི་ཁྲི་ཀ་རྫོང་མཁར་དང་སྤྱི་ལེ་ལྔ་བཅུ་ལྷག་གི་མཚམས་སུ་ཡོད། ཉིན་འགའི་སྔོན་དུ་སྡེ་བ་དེའི་ཁྱིམ་ཚང་སུམ་ཅུ་ལྷག་གིས་སྡེ་བའི་ནང་གི་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱིམ་ཚང་ཞིག་ལ་སྒོར་མོ་སྟོང་དྲུག་གི་རོགས་སྐྱོར་བྱས་པའི་གནས་ཚུལ་དེ་ཀུན་ཀྱིས་གླེང་བཞིན་འདུག ང་ཚོ་གསར་འགོད་པ་རྣམས་བཅར་འདྲིར་འགྲོ་བའི་ལམ་བར་ནས་ང་ཚོས་སེམས་སུ་མི་རིགས་མཐུན་སྒྲིལ་གྱི་སྡེ་བ་དེ་ནི་དོན་གྱིས་སྡེ་བ་ག་འདྲ་ཞིག་ཡིན་ནམ་སྙམ་ཞོར་སོང་བ་ཡིན།

དཔྱིད་ཀྱི་དུས་ཚིགས་སླེབས་བྱུང་ནའང་ཡུལ་འདིའི་གྲང་རླུང་ནི་མིའི་རུས་རྐང་དུ་ཟུག་པར་བྱེད་ཅིང་། ཀྱག་ཀྱོག་གི་རི་ལམ་དང་ཁངས་ཆར་ཞུ་བའི་ཆུ་ཀློང་ཕྲ་མོའི་རྒྱུན་བཅས་ཀྱིས་ང་ཚོ་ལམ་དུ་བགྲོད་པར་དཀའ་ཁག་ཚད་མེད་བཟོ་ཀྱིན་འདུག ཏང་ཀྲི་པུའུ་ཧྲུའུ་ཅི་དཀོན་མཆོག་རྒྱ་མཚོས་སྔ་མོ་ནས་ལམ་སྐེད་ནས་ང་ཚོར་སྒུག་འདུག་པ་དང་། ཁོས་སྣེ་ཁྲིད་འོག ང་ཚོ་མཉམ་དུ་གཅོད་པ་དོན་གྲུབ་ཚང་གི་ཁྱིམ་དུ་ཐོན་པ་རེད། ཁོ་ཚང་གི་སྒོ་ཁ་ན་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་སྦྱར་སྡོང་ཆེན་པོ་ཞིག་ཡོད་པ་དང་། ཆར་རླུང་གི་རྩུབ་སྤྱོད་འོག་ཏུ་སྡོང་རྒན་དེའི་ར་ལག་སྐོར་ཞི

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།