ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས70ལོན་པ། > འོས་སྦྱོར་ནང་དོན།

མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་བདུན་ཅུ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས།


སྤེལ་དུས། 2015-09-05 11:07:21   ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་བདུན་ཅུ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཟླ་དགུ་བའི་ཚེས་བཞི་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་གལ་ཆེན་སྤེལ། ཁོས་ནན་གྱིས་བསྟན་དོན། ང་ཚོས་ནམ་ཡང་སྔོན་གཤེགས་དཔའ་བོའི་འཇར་འགོག་དམག་འཁྲུག་ཐད་བཞག་པའི་བྱས་རྗེས་ཡིད་ལ་དམ་པོར་བཟུང་ནས། ཧུར་ཐག་གིས་ཞི་བདེ་དྲང་བདེན་ལས་དོན་སྤེལ་བ་དང་། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག བགྲོད་ལམ་དང་རིགས་གཞུང་། ལམ་ལུགས་བཅས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱེད་པ། རླབས་ཆེན་གྱི་འཇར་འགོག་སྙིང་སྟོབས་དར་སྤེལ་གཏོང་བ། དཀའ་ངལ་ཁྱད་སེལ་བྱས་ནས། མཚོ་སྔོན་དེ་སྔར་ལས་འཆམ་མཐུན་དང་མཛེས་སྡུག་ལྡན་པར་འཛུགས་སྐྲུན་བྱེད་པ་དང་། སྔོན་རབས་པ་དང་ལོ་རྒྱུས། མི་དམངས་བཅས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་བ་ལེན་པར་འབད་བརྩོན་བྱེད་དགོས་ཟེར།

ཚོགས་འདུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་བདུན་ཅུ་ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་སྟེང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལོ་རྒྱུས་ཡིད་ལ་དམ་པོར་འཛིན་པ་དང་། སྔོན་གཤེགས་དཔའ་བོར་རྗེས་དྲན་བྱེད་པ། ཞི་བདེ་ལ་གཅེས་སྤྲས་བྱེད་པ། མ་འོངས་གསར་གཏོད་བྱེད་པའི་བརྗོད་བྱར་དམིགས་ནས་བཞུགས་མོལ་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས།

ལོ་ཧོས་ཉིན་གྱིས་གཏམ་བཤད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་དྲན་གསོའི་ཚོགས་ཆེན་སྟེང་གི་གསུངས་བཤད་གལ་ཆེན་གྱིས། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་གི་དཀའ་ཁག་བརྒྱུད་རིམ་ལ་རྗེས་དྲན་བྱས་ཡོད་པ་དང་། ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་རྒྱལ་ཁ་ལེན་པའི་ཐད་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། ཀྲུང་གོ་ཞི་བདེ་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་དང་། འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྟན་པོ་གསལ་བོར་མཚོན་པར་བྱས་ཡོད། གསུང་བཤད་ཀྱིས་མི་རིགས་བསྐྱར་དར་གྱི་མཐོ་ཚད་ནས། མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་སེམས་ཁུར་བྱེད་པ་དང་། ལོ་རྒྱུས་དང་མ་འོངས་པར་འབྲེལ་ནས། དྲང་བདེན་རྣམ་པར་རྒྱལ་བ་དང་། ཞི་བདེ་རྣམ་པར་རྒྱལ་བ། མི་དམངས་རྣམ་པར་རྒྱལ་བའི་རླབས་ཆེན་གྱི་གནས་ལུགས་གསལ་སྟོན་བྱས་ཡོད། དེ་ནི་ལོ་རྒྱུས་དཔྱད་གཞིར་འཛིན་པའི་བློ་སྒོ་འབྱེད་པའི་ཟིན་ཐོ་དང་། མ་འོངས་གསར་གཏོད་བྱེད་པའི་སྒྲོག་ཡིག་ཡིན་པས། མི་རིགས་ཀྱི་སྙིང་སྟོབས་ཇེ་ཆེར་བཏང་སྟེ། འཛམ་གླིང་ཡོངས་ཀྱི་ཞི་བདེ་ལ་དགའ་བའི་མི་རྣམས་ལ་ཤན་ཤུགས་དྲག་པོ་ཐེབས་ཟེར།

ལོ་ཧོས་ཉིན་གྱིས་བསྟན་དོན། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ནི། དྲང་བདེན་དང་གཡོ་ངན། འོད་སྣང་དང་མུན་ནག ཡར་ཐོན་དང་ལོག་སྤྱོད་བར་གྱི་འཐབ་འཛིང་ཆེན་པོ་ཡིན་ལ། ཀྲུང་ཧྭའི་བུ་དང་བུ་མོ་ཚོས་དཔའ་ངར་ཞུམ་མེད་དང་རང་སྲོག་བློས་བཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ལྔའི་འཕེལ་རྒྱས་ཀྱི་དཔལ་ཡོན་གྲུབ་འབྲས་ལ་སྲུང་སྐྱོབ་དང་མིའི་རིགས་ཀྱི་ཞི་བདེ་ལས་དོན་ལ་སྲུང་སྐྱོབ་བྱས་པས། མི་རིགས་ཀྱི་བརྩི་འཇོག་དང་། འཛམ་གླིང་གི་བརྩི་བཀུར་ཐོབ། འཇར་འགོག་དམག་འཁྲུག་སྐབས་སུ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་སྟོབས་ཤུགས་ཡོད་རྒུས་འཇར་འགོག་དམག་འཁྲུག་ལ་རྒྱབ་སྐྱོར་དང་འཇར་འགོག་དམག་འཁྲུག་ཁྲོད་ཞུགས་ནས་བྱས་རྗེས་མི་དམན་པ་བཞག་ཡོད་ཟེར།

ལོ་ཧོས་ཉིན་གྱིས་བསྟན་དོན། རླབས་ཆེན་གྱི་འཇར་འགོག་སྙིང་སྟོབས་དར་སྤེལ་གཏོང་དོན་ནི། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རྒྱལ་གཅེས་སེམས་པ་སྔར་ལས་ཆེར་བསྐྱེད་པའི་ཆེད་ཡིན། རྒྱལ་གཅེས་རིང་ལུགས་ནི་རང་ཀྲུང་ཧྭའི་མི་རིགས་སྙིང་སྟོབས་ཀྱི་ཇི་སྲིད་བར་གྱི་ནང་དོན་གཙོ་བོ་ཡིན་པས། ང་ཚོས་མུ་མཐུད་དུ་རྒྱལ་གཅེས་རིང་ལུགས་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། སྟོབས་ཤུགས་ཡོད་རྒུས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པ་དང་། རྒྱུན་མ་ཆད་པར་མི་རིགས་ཀྱི་རང་བརྩི་བྱེད་པའི་སེམས་པ་དང་། ཡིད་ཆེས་སེམས་པ། རང་རློམ་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་དགོས། ན་གཞོན་ལོ་ཆུང་ལ་ལོ་རྒྱུས་ཐད་ཀྱི་སློབ་གསོ་གཏོང་བར་ཤུགས་སྣོན་པ་དང་། ཁོ་ཚོའི་རྒྱལ་གཅེས་སེམས་པ་དང་མེས་རྒྱལ་ལ་དྲིན་ལན་འཇལ་བའི་སེམས་པར་སྐུལ་སློང་བྱེད་པ་དང་། ཁོ་ཚོ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཛུགས་སྐྲུན་པ་དང་རྒྱུད་འཛིན་པར་སྐྱེད་སྲིང་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མེས་རྒྱལ་སེམས་སུ་འཛིན་པ་དང་། ཀྲུང་ཧྭར་དགའ་ཞེན་བྱེད་པའི་རང་རྟོགས་འགུལ་སྐྱོད་སྔར་ལས་བརྟན་པོ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ལོ་ཧོས་ཉིན་གྱིས་ནན་གྱིས་བསྟན་དོན། འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་གཏོང་བར་ཅིས་ཀྱང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་མངོན་དུ་འགྱུར་བར་འབད་འབུངས་བྱེད་དགོས། འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་ནི། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་གི་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་རྒྱལ་ཁ་བླངས་པ་མཚོན་པར་མ་ཟད། ད་དུང་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོའི་བྱ་བར་རྒྱལ་ཁ་བླངས་པའང་མངོན་པར་མཚོན་ཐུབ། ང་ཚོས་ཐོག་མཐའ་བར་གསུམ་ཀུན་ལ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་མཚོ་སྔོན་གྱི་བྱ་བ་ཡོངས་ལས་གཙོ་གནད་དུ་བཟུང་ནས། ཟམ་མ་ཆད་པའི་སྒོ་ནས་སྔོན་ཐོན་ཁུལ་གསར་འཛུགས་ཀྱི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། རིགས་སོ་སོའི་མི་རིགས་ཁག་བར་གྱི་མཛའ་མཐུན་འགྲོ་འོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ཐོག བདེ་སྡོད་ཡུན་བརྟན་གྱི་ལྕགས་རི་བརྟན་པོ་ཞིག་གྲུབ་པར་སྒོ་ཀུན་ནས་འབད་འབུངས་ཧུར་བསྐྱེད་བྱེད་དགོས། སྒོ་ཀུན་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བར་ཡར་སྐུལ་ཆེན་པོ་བྱས་ཏེ། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་ནས། ཁྲིམས་ལྟར་ལས་དོན་སྒྲུབ་པའི་བྱེད་ནུས་མངོན་གསལ་མཐོར་འདེགས་གཏོང་དགོས་པ་ལས་གཞན། ད་དུང་ཁྲིམས་སྐྱོང་གི་འོག་ནས་བཅོས་སྒྱུར་བྱ་བ་བཟང་བོར་སྤེལ་དགོས་པ་དང་། བཅོས་སྒྱུར་གྱི་ཁྲོད་ནས་ཁྲིམས་སྐྱོང་བྱ་བ་འཐུས་ཚང་དུ་གཏོང་བ་བཅས་བྱས་མཐར། བཅོས་སྐྱོང་གི་མ་ལག་ཅུང་འཐུས་སྒོ་ཚང་བ་ཞིག་དང་བཅོས་སྐྱོང་གི་བྱེད་ནུས་ཤུགས་ཆེན་ལྡན་པའི་དེང་རབས་ཅན་གྱི་རྣམ་པ་དེ་ངང་ངམ་ཤུགས་ཀྱིས་གྲུབ་པར་འབད་དགོས།

ལོ་ཧོས་ཉིན་གྱིས་ནན་གྱིས་བསྟན་དོན། འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་གང་ལེགས་གཏོང་བར། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་མགོ་ཁྲིད་དེ་ཐོག་མཐའ་བར་གསུམ་ཀུན་ལ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། ལོ་རྒྱུས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་ཟིན་ལ། ང་ཚོ་ཏང་གིས་སྔོན་བསྐྱོད་རང་བཞིན་གྱི་བྱེད་ནུས་སྤྱད་དེ་ཏང་གི་ཡང་དག་པའི་རང་བཞིན་དེ་ར་སྤྲོད་གསལ་བོ་བྱས། མ་འོངས་པར་ཁ་གཏད་གཞལ་ཆེད། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་ཀྱིས་མུ་མཐུད་དུ་ཏང་གི་མགོ་ཁྲིད་ལ་ཉན་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་པ། ཏང་གི་སྣེ་སྟོན་འོག་འོད་ཟེར་སྟོང་ལྡན་གྱི་ལམ་ཆེན་སྟེང་བགྲོད་དགོས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རང་རྟོགས་རང་བཞིན་གྱི་སྒོ་ནས་ཏང་ཀྲུང་དབྱང་དང་གཅིག་གྱུར་ཡོང་བར་འབད་དེ། ཏང་གི་སྲིད་ཇུས་རབས་དང་རིམ་པ་ལྷག་ལུས་མེད་པའི་སྒོ་ནས་ཇི་བཞིན་མཚོ་སྔོན་ཞིང་ཆེན་ནས་ལག་བསྟར་དོན་འཁྱོལ་ཡོང་བར་འབད་དགོས། ང་ཚོས་ཏང་གིས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་ལྷོད་མེད་དང་། ཏང་རང་སྟེང་གི་འཛུགས་སྐྲུན་བྱ་བ་སྔར་ལས་ཇེ་དྲག་ཏུ་གཏོང་བར་འབད་དེ། སྲིད་འཛིན་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ནུས་པ་ཇེ་དྲག་ཏུ་བཏང་ནས། ཏང་གི་གལ་ཆེན་རང་བཞིན་དུས་རྟག་པར་ཡིད་ལ་བརྟན་པོར་ངེས་སུ་འཇུག་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་སྟེང་དུ། འཇར་འགོག་དམག་མི་རྒན་པ་དང་དམག་དཔུང་གི་དཔོན་དམག མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཆེད་མཁས་པ། ལྔ་བཞི་རྒྱལ་གཅེས་ན་གཞོན་གྱི་གཟེངས་རྟགས་ཐོབ་མཁན་སོགས་ཀྱི་འཐུས་མིས་སྔ་ཕྱིར་གཏམ་བཤད།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལིས་སུང་ཧྲན་དང་། ཝང་ཡུས་པའོ། ཧུའུ་ཁྲང་ཧྲིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན། ཧྲིན་ཀྲང་གཞོན་པ་ཀའོ་ཧྭ་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།
 

མཉམ་སྤྱོད་བྱེད་གནས། 
 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།