ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས70ལོན་པ། > འོས་སྦྱོར་ནང་དོན།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་དྲན་གསོ་ཞུ་བའི་བྱ་འགུལ་ལ་གདེང་འཇོག་ཚད་མཐོན་པོ་བྱས།


སྤེལ་དུས། 2015-09-07 10:34:07   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཏུང་ཞོ་ཡན།

ཁུ་པ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོ་ཞོར་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་གཞོན་པ་དང་པོའི་འགན་འཁུར་མཁན་ཏིས་ཡ་སི་ཁ་ནེ་ཨར་གྱིས་ཉེ་ལམ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པའི་བཅར་འདྲིར་དང་ལེན་བྱེད་སྐབས་ཐེངས་འདིར་ཀྲུང་གོས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་དྲན་གསོ་ཞུ་བའི་བྱ་འགུལ་ཕན་འབྲས་ལྡན་པའི་ངང་སྤེལ་བ་དང་། ཁྱད་པར་དུ་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས་ཀྲུང་གོས་འཛམ་གླིང་གི་ཞི་བདེར་སྲུང་སྐྱོབ་བྱེད་པའི་ལངས་ཕྱོགས་བརྟན་པོ་རྒྱུན་འཁྱོངས་བྱེད་རྒྱུ་ཞེས་ནན་གྱིས་བསྟན་ཡོད་ཟེར།

རྒྱལ་ཁབ་མང་པོའི་ཆེད་མཁས་པ་དང་རིག་གནས་པ། སྨྱན་བྱད་མི་སྣ་བཅས་ཀྱིས་ཀྲུང་གོས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་དྲན་གསོ་ཞུ་བའི་བྱ་འགུལ་སྤེལ་བར་གདེང་འཇོག་ཚད་མཐོན་པོ་མཛད། ཚང་མས་བལྟས་ན་ཀྲུང་གོས་བསྡུས་པའི་དྲན་གསོ་བྱ་འགུལ་ལ་དོན་སྙིང་གལ་ཆེན་ལྡན་པར་མ་ཟད། དེ་ལས་ལོ་རྒྱུས་ཡིད་ལ་དམ་པོར་བཅངས་པ་དང་། ཞི་བདེར་སྲུང་སྐྱོབ་བྱེད་པའི་ཆོད་སེམས་དང་སྟོབས་ཤུགས་མངོན་གསལ་སྒོས་མཚོན་པར་བྱས་ཡོད་པར་སྙམ།

ཨུ་རུ་སིའི་རྒྱང་སྒྲོག་བརྙན་འཕྲིན་ཀུང་ཟིའི་མངའ་འོག་གི་འཕྲིན་ལམ་དང་པོ་དང་འཕྲིན་ལམ་ཉེར་བཞི་བས་ཀྲུང་གོའི་དྲན་གསོ་བྱ་འགུལ་ལ་ཐད་གཏོང་བྱེད་སྐབས། དམག་གཟིགས་མཛད་སྒོ་ནི་ཀྲུང་གོ་མི་དམངས་ཀྱི་ང་རྒྱལ་ཡིན་ལ། འཛམ་གླིང་སྟེང་ཀྲུང་གོའི་དམག་མིའི་བསམ་པའི་རྣམ་པ་ངོམ་པར་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕེན་གྱི་གསུང་བཤད་ལས་འཛམ་གླིང་ཡོངས་ལ་ཀྲུང་གོས་ཞི་བདེར་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྒྱུད་སྒྲོག་བྱས་ཡོད་ཅེས་དཔྱད་བརྗོད་བྱས།

འཇར་པན«ཁྲའོ་རི་གསར་འགྱུར»སྟེང་བཀོད་དོན། ཀྲུའུ་ཞི་ཞི་ཅིན་ཕེན་གྱི་གསུང་བཤད་ལས་ཀྲུང་གོས་ཞི་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ལ་རེ་སྙེག་བྱེད་པའི་བསམ་བློ་མཚོན་པར་བྱས་པ་དང་། དམག་མི་འབུམ་གསུམ་ཇེ་ཉུང་དུ་གཏོང་རྒྱུ་གསལ་བོར་བསྟན་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་འབེན་དང་རྩ་དོན་གཙོ་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་རྒྱུའི་ཆོད་སེམས་བསྒྲགས་ཡོད་ཟེར།

པ་ཞིའི«ཧྲིན་པའོ་ལོ་ཚགས་པར»སྟེང་བཀོད་དོན། ཀྲུང་གོས་དམག་མི་འབུམ་གསུམ་ཇེ་ཉུང་དུ་གཏོང་རྒྱུ་ལས་ཀྲུང་གོས་ཞི་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་པའི་དམ་བཅའ་མཚོན་པར་བྱས་པ་དང་། ཀྲུང་གོས་བཙན་དབང་རིང་ལུགས་གཏན་ནས་མི་བྱེད་པའི་ཆོད་སེམས་གསལ་བོར་བསྟན་ཡོད་ཟེར།  

མཉམ་སྤྱོད་བྱེད་གནས། 
 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།