ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > ༡༥ལོའི་རང་ཞིང་གི་ཚོགས་ཆེན་གཉིས། > སྒྲ་ལྡན་གསར་འགྱུར།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་རྒྱལ་ཁའི་ངང་གྲོལ།

སྤེལ་དུས། 2015-01-27 17:25:51   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དཔའ་བརྟན་རྒྱལ།

44444.jpg 

 མགོ་ལོག་རྨ་སྟོད་ནས་ཐོན་པའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་རྫོང་དཔོན་འབྲུག་སྐྱིད་ཀྱིས་བཤད་རྒྱུར། “ང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་བྱས་ནས་ད་ལོ་བརྩིས་ན་གྲོས་ཚོགས་སུ་ཞུགས་ཐེངས་གསུམ་པ་ཡིན། ད་ཐེངས་ཧྲིན་ཀྲང་ཧའོ་ཕིན་གྱིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་དང་དེ་རིང་གི་མཇུག་བསྡུའི་གྲོས་ཚོགས་སྟེང་གི་ཧྲུའུ་ཅི་ལའོ་ཧོས་ཉིན་གཉིས་ཀྱི་གཏམ་བཤད་གང་ཡིན་རུང་ཆེས་གལ་ཆེན་ནང་གི་འགང་ཆེན་དུ་བཟུང་ནས་བཤད་བཞིན་པའི་དོན་དེ་མདོར་བསྡུས་ན་སྐྱེ་ཁམས་དང་མང་ཚོགས་ཀྱི་བྱ་བ་ཁོ་ན་རེད། ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུ་དེ་ན་ནིང་དང་མི་འདྲ་ས་ཞིག་ཡོད་པ་ནི་གཙོ་བོ་སྐྱེ་ཁམས་ཁོར་ཡུག་གི་བྱ་བ་དེ་ཆེས་གཙོ་བོར་བཟུང་ནས་བཤད་ཡོད་པ་རེད།  ལྷག་པར་དུ་དེ་རིང་གི་ཧྲུའུ་ཅི་ལའོ་ཧོས་ཉིན་གྱི་གཏམ་བཤད་ཁྲོད་དུ་ཕྱོགས་བདུན་ནས་མང་ཚོགས་ཀྱི་དོན་དག་གཙོ་བོར་བཟུང་སྟེ་བརྗོད་ཡོད་པ་རེད། དེ་ནི་ང་ཚོར་མཚོན་ན་ཧ་ཅང་དགའ་འོས་པའི་དོན་ཞིག་རེད། དོ་དགོང་ངས་ཆེད་དུ་

མཉམ་སྤྱོད་བྱེད་གནས།