ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > ༡༥ལོའི་རང་ཞིང་གི་ཚོགས་ཆེན་གཉིས། > པར་ལྡན་གསར་འགྱུར།

ཧའོ་ཕིན་ཟི་ལིང་ཚོགས་པའི་གྲོས་ཞིབ་ལ་ཞུགས་ནས་བདེ་སྐྱིད་ཟི་ལིང་འཛུགས་སྐྲུན་ཐད་ཞིང་ཆེན་ཡོངས་སུ་སྔར་ལས་ལྷག་པའི་སྒོ་ནས་ཞབས་འདེགས་སྒྲུབ་དགོས་པ་ནན་གྱིས་བསྟན།

སྤེལ་དུས། 2016-01-27 09:47:13   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བན་དེ་སྐྱབས།

 ཟླ་དང་པོའི་ཚེས་ལྔ་ཉིན། ཧྲིན་ཀྲང་ཧའོ་ཕིན་ཟི་ལིང་འཐུས་ཚབ་ཚོགས་པའི་ཏ་ཐུང་ཚན་ཆུང་གི་གྲོས་ཞིབ་ལ་ཞུགས་ནས། འཐུས་མི་རྣམས་དང་ལྷན་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། ཧའོ་ཕིན་གྱིས་བཤད་རྒྱུར། ཟི་ལིང་གྲོང་ཁྱེར་གྱིས་དཔལ་འབྱོར་འཕེལ་རྒྱས་སྟེང་བྱས་རྗེས་གང་མང་འཇོག་དགོས་ན། ཅིས་ཀྱང་རྒྱུ་སྤུས་མཐོར་འདེགས་དང་ཕན་འབྲས་ཇེ་བཟང་ལ་གཏོང་བའི་ཐད་ཐོད་བརྒལ་བྱུང་དུ་འཇུག་རྒྱུ་དང་། གྲོང་ཁྱེར་བྱ་བའི་སྟེང་ནས་ཁྱད་ཆོས་གསར་སྐྲུན་བྱེད་པ། དམངས་ཚིས་ཕྱུག་འགྱུར་གྱིས་དཔེ་སྟོན་ལ་སྣེ་ཁྲིད་ཐུབ་པ་བཅས་ལ་འབུངས་མཐར། མཚོ་སྔོན་དང་རྒྱལ་ཡོངས་དུས་མཉམ་གཅིག་ཏུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་བརྒྱུད་ལམ་ཁྲོད་བྱེད་ནུས་གཙོ་བོ་འདོན་ཐུབ་དགོས་ཟེར།

ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། ཟི་ལིང་གིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁྲོད་གོ་གནས་འགངས་ཆེན་ཟིན་ཡོད་ཅིང་། གྲོང་ཁྱེར་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་འཕེལ་རྒྱས་ཆེན་མོ་ལྔའི་འདུ་ཤེས་ཁྱོན་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་པ་དང་། མ་སྐུལ་དང་བླངས་སྒོས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བར་རུང་བསྟུན་བྱེད་པ། ཞིང་ཆེན་ཡོངས་ཀྱི་གཅིག་གསུམ་གཅིག་བྱ་བའི་སྤྱིའི་བླང་བྱར་དམིགས་འཛུགས་པ། འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ་དང་ཕན་འབྲས་ཇེ་ལེགས་སུ་གཏོང་བའི་ཐད་སྟོབས་ཤུགས་གང་ཡོད་རྩལ་དུ་བཏོན་ནས་འདོན་དགོས་ཁར། མི་སེམས་གོང་བུ་གཅིག་གྱུར་དང་དཀའ་བ་འབད་པས་སེལ་བ། མཐུན་སྒྲིལ་མདུན་སྐྱོད། ཡ་རབས་ཀྱི་ལས་ལ་བརྩོན་མཁས་པ་བཅས་ཀྱི་བསམ་སྦྱོར་ངོས་ནས། ཞིང་ཆེན་ཡོངས་ནས་སྔོན་མ་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་འཛུགས་ཐུབ་པར་འབུངས་དགོས། འབྱོར་འབྲིང་སྤྱི་ཚོགས་མཚོ་སྔོན་ནས་སྔོན་མ་བྱས་ཏེ་འཛུགས་གྲུབ་ཡོང་བར་ཅིས་ཀྱང་་གཤམ་གྱི་བླང་བྱ་བཞི་ཡང་དག་བསྒྲུབ་དགོས་ཏེ། གཅིག་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་བྱས་རྗེས་བླ་མེད་འཇོག་པར་འབུངས་དགོས། གཉིས་ནས་འཕེལ་རྒྱས་ཀྱི་སྤུད་ཚད་་མཐོར་འདེགས་གཏོང་བ་དང་དཔལ་འབྱོར་གྱི་ཕན་འབྲས་ཇེ་ལེགས་སུ་གཏོང་བའི་ཐད་འབུངས་དགོས། གསུམ་ནས་གྲོང་ཁྱེར་བྱ་བས་ཐུན་མིན་ཁྱད་ཆོས་གསར་བ་བསྐྲུན་ཐུབ་པར་འབུངས་དགོས། བཞི་ནས་དམངས་ཚིས་ཕྱུག་འགྱུར་གྱིས་དཔེ་སྟོན་ལ་སྣེ་ཁྲིད་ཐུབ་པར་འབུངས་དགོས་པ་བཅས་ཡིན་ཟེར།


郝鹏在西宁团审议时强调建设幸福西宁更好服务全省
青海新闻网讯 1月25日,省长郝鹏来到西宁代表团大通组,与代表们一起审议政府工作报告。郝鹏说,西宁市要在经济发展上多做贡献,提质增效上率先突破,城市工作上创出特色,民生福祉上引领示范,在我省与全国同步建成全面小康社会的征程中当好排头兵、领头羊。
郝鹏强调,西宁在全省的地位举足轻重,全市上下要全面贯彻五个发展理念,主动适应和引领经济发展新常态,紧紧围绕全省“131”总体要求,着力在提高发展的质量和效益上下功夫,凝心聚力、攻坚克难,团结奋进、敢做善成,在全省率先建成全面小康社会。一是经济发展要多做贡献。二是提质增效要率先突破。三是城市工作要创出特色。四是民生福祉要引领示范。

མཉམ་སྤྱོད་བྱེད་གནས།