ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > ༡༥ལོའི་རང་ཞིང་གི་ཚོགས་ཆེན་གཉིས། > པར་ལྡན་གསར་འགྱུར།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་སོ་དྲུག་པ་བསྡུས།

སྤེལ་དུས། 2016-01-28 10:34:38   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བཀྲ་ཤིས་འབུམ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་སོ་དྲུག་པ་བསྡུས་ཏེ། ཚན་ཆུང་སོ་སོས་གྲོས་བསྡུར་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོ་ཆིན་དང་ལོ་ཁྲའོ་དབྱང་། པོ་དབྱི་ཀྲི། རིན་ཆེན་རྣམ་རྒྱལ། མ་ཀྲི་ཝེ། མ་ཁྲང་ཆིན། ལིས་ཞོན་ཧྲིན། ཀྲང་ཧྲིག་ཁྲིན། ཅི་རིན་ཧྥུན། གཟིམ་ཁང་། དྲུང་ཡིག་ཆེན་མོ་ཝང་ཅིན་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ཚན་ཆུང་བཅུ་བཞིས་གྲོས་བསྡུར་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པར་རིམ་པ་བཞིན་ཉན། ཨུ་ཡོན་རྣམས་ཀྱིས་བཤད་རྒྱུར། ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུ་ནི་མཚོ་སྔོན་གྱི་དོན་དངོས་དང་མཐུན་ཞིང་མི་དམངས་མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་སྙན་ཞུ་ཞིག་ཡིན་པས། སྙན་ཞུའི་དགོངས་དོན་ལ་སློབ་སྦྱོང་བཟང་བོ་བྱེད་པ་དང་གོ་བ་ཟབ་མོ་ལེན་པ། ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། རང་ཞིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགན་འཁྲི་ལག་བསྟར་བྱེད་པ་དང་བློ་འདོན་ཇུས་འབུལ་བྱེད་ངེས་ཡིན་ཟེར།
 

མཉམ་སྤྱོད་བྱེད་གནས།