ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > ༡༥ལོའི་རང་ཞིང་གི་ཚོགས་ཆེན་གཉིས། > པར་ལྡན་གསར་འགྱུར།

ཝང་ཅན་ཅོན་སོགས་སོ་སོར་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཚན་ཆུང་གི་གྲོས་བསྡུར་ལ་ཞུགས།

སྤེལ་དུས། 2016-01-29 10:00:55   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྡོ་རྗེ་རབ་བརྟན། ཀྲང་ཀོང་རོང་། མཱ་ཧྲོན་ཆིན། ཀྲང་ཅན་མེན། ཝང་ཞའོ། བསྟན་ཁོ། ཀྲང་ཞི་མེན། ཝང་ཡུས་པའོ། ཧུའུ་ཁྲང་ཧྲིན་བཅས་སོ་སོར་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཚན་ཆུང་གྲོས་བསྡུར་ལ་ཞུགས་ཏེ། སྙན་ཞུ་སྣ་ཚོགས་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད་ཀྱི་འཆར་ཟིན་ལ་དམིགས་ནས། ཨུ་ཡོན་ཚོ་དང་མཉམ་དུ་གྲོས་བསྡུར་བྱས།

ཚང་མས་མཐའ་གཅིག་ཏུ་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དཀའ་ངལ་གདོང་གིས་བསུ་བ་དང་། འཕེལ་རྒྱས་དམིགས་འབེན་དང་དམ་དུ་སྦྲེལ་ནས། རང་འགུལ་གྱིས་དཔལ་འབྱོར་སྤྱི་ཚོགས་ཀྱི་རྒྱུན་རྣམ་གསར་བར་བསྟུན་པ་དང་། གཏན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་རྨང་གཞི་རྒྱུན་འཁྱོངས་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་རྣམ་པར་བཀག་འགོག་བྱས་པ་དང་། དཀའ་ངལ་ཁྲོད་ནས་གཏན་འཇགས་བརྩོན་ལེན་དང་དཀའ་ངལ་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པ། དཀའ་ངལ་ཁྲོད་ནས་བཅོས་བསྒྱུར་བྱེད་པ། དཀའ་ངལ་ཁྲོད་ནས་བརྒལ་གཏོར་བྱེད་པའི་གོ་རིམ་ཁྲོད་དུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤྱི་ཁོག་ནས་བརྟན་བརླིང་ཡོང་བ་མངོན་འགྱུར་བྱས། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་དེ་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་ཚད་ཆེས་མགྱོགས་པ་དང་། མཁར་གྲོང་གི་རྣམ་པར་འགྱུར་ལྡོག་བྱུང་ཚད་ཆེས་ཆེ་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་ལེགས་སུ་སོང་བ་ཆེས་མང་བའི་ལོ་ལྔ་ཡིན་པ་དང་། སྤྱི་ཁོག་ནས་ཆུ་ཚད་གསར་བ་བཞིར་སླེབས་པ་དང་བརྒལ་གཏོར་གསར་བ་གསུམ་མངོན་འགྱུར་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བཟང་བོ་བསྡུས་ཟེར།

ཚང་མས2016ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་ཡིན་ལ། དམིགས་འབེན་ལས་འགན་སྣ་ཚོགས་ལག་བསྟར་བྱེད་རྒྱུ་ཧ་ཅང་གལ་ཆེ། སྲིད་གཞུང་བྱ་བའི་སྙན་ཞུ་ཡིས་གཅིག་གསུམ་གཅིག་གི་སྤྱི་ཁོག་གི་རེ་བ་དང་དམ་དུ་སྦྲེལ་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་རྒྱུ་དེ་དམིགས་འབེན་ཁ་ཕྱོགས་སུ་བྱེད་པ། ཀྲུང་དབྱང་གིས་བཏོན་པའི་འཕེལ་རྒྱས་ཆེན་པོ་ལྔའི་འདུ་ཤེས་ཁྲོད་འདྲེས་པར་བྱས་ཏེ། རང་རྟོགས་སྒོས་མཚོ་སྔོན་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ཁྲོད་བཞག་ནས་འཆར་འགོད་དང་གནས་ཐིག་གཏན་ཁེལ། འབད་འཐབ་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་དཀྱིལ་སྙིང་དུ་འཛིན་པར་རྒྱུན་འཁྱོངས་བྱེད་པ་དང་། ཚུལ་བསྒྱུར་རིམ་སྤོར་དང་སྐྱེ་ཁམས་སྲུང་སྐྱོབ། སྤྱི་ཚོགས་ལས་དོན། བཅོས་བསྒྱུར་སྒོ་འབྱེད་སོགས་ཕྱོགས་ཀྱི་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱེད་པ། མདུན་ལྟའི་རང་བཞིན་དང་མཛུབ་སྟོན་རང་བཞིན། ལག་བསྟར་རང་བཞིན་ལྡན་པའི་འཐབ་ཇུས་ཆེན་པོ་དང་ལས་གཞི་ཆེན་པོ། བྱེད་ཐབས་ཆེན་པོ་རབ་དང་རིམ་པ་གཏན་ཁེལ་བྱས་ནས། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་བར་སྦྲེལ་མཐུད་བཟང་བོ་བྱེད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་བྱ་བར་ཁ་ཕྱོགས་གསལ་བོ་སྟོན་པ། མཚོ་སྔོན་གྱི་རྗེས་ཕྱོགས་ཀྱི་ལོ་ལྔའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་བཅས་ཀྱི་ཐད་བྱ་བ་མང་པོ་བསྒྲུབས་ཟེར།
 

མཉམ་སྤྱོད་བྱེད་གནས།