ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > བདེ་འཇགས་དང་འཕེལ་རྒྱས་ཀྱི་ལས་གཞི།

རྨ་ལྷོ་ཧི་ནན་རྫོང་གིས་ས་བབ་ཀྱི་ཁྱད་ཆོས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུ་གཏོད།

སྤེལ་དུས། 2015-10-14 09:55:15   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྙིང་བྱམས་ཚེ་རིང་།

 2014ལོ་ནས་བཟུང་རང་ཞིང་ཆེན་གྱིས་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་འབྲེལ་མཚམས་ས་ཁུལ་དུ་བདེ་འཇགས་དང་འཕེལ་རྒྱས་ཀྱི་ལས་གཞི་ལག་བསྟར་བྱ་བཞིན་ཡོད་ལ། རྨ་ལྷོ་བོད་རིགས་རང་སྐྱོང་རྫོང་གི་ཧི་ནན་རྫོང་གིས་རང་ཉིད་ཀྱི་ས་བབ་ཁྱད་ཆོས་ལ་བརྟེན་ནས་རྨང་གཞི་སྒྲིག་གཞི་ལེགས་བསྒྱུར་དང་། མཁར་གྲོང་གི་ཆུ་རགས་འཛུགས་སྐྲུན། རིག་གནས་ཚོང་ལས་ལྗོངས་རྒྱུའི་ས་གནས་འཛུགས་སྐྲུན་བྱེད་པ་བརྒྱུད། ཕྱུག་འགྱུར་གྱི་ལམ་བུ་ཆེ་རུ་གཏོད་ནས་ས་གནས་མང་ཚོགས་ལ་ཕན་བདེ་སྐྲུན་བཞིན་འདུག
ཧི་ནན་སོག་རིགས་རང་སྐྱོང་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་ཡོད་ལ། འདི་ཉིད་ནི་མདོ་དབུས་མཐོ་སྒང་གི་སོག་རིགས་རང་སྐྱོང་རྫོང་གཅིག་པུ་ཡིན། ལྷག་པར་འདི་ཉིད་ཀྱང་ས་གནས་གཞན་དག་དང་འདྲ་བར་བོད་སོག་རིག་གནས་འདྲེས་སྦྱོར་བྱུང་བའི་གནས་གཞི་ཞིག་ཡིན་པ་དང་། མི་རིགས་མཐུན་སྒྲིལ་གྱི་ལག་ཟུང་དམ་ལ་མདུན་སྐྱོད་ཀྱི་གོམ་ཁ་ལྷག་ཏུ་ཡང་། རྩེ་ཆུ་རིང་མོ་ཧི་ནན་རྫོང་ཐོག་ཏུ་དར་དཀར་པོ་ཞིག་རྒྱང་དུ་འཐེན་པ་དང་འདྲ་བར་རྨ་ཆུ་སྔོན་མོའི་པང་དུ་བཞུར་བཞིན་གདའ་ལ། དེའི་དྭངས་གསལ་གྱི་བཞིན་རས་དང་ལྷོད་ལྷོད་ཀྱི་བཞུར་ཚུལ་གྱིས་དེ་གའི་མང་ཚོགས་ཀྱི་ཡིད་སེམས་གསོས་ཤིང་། ཕྱོགས་ཡོང་མགྲོན་པོའི་དྭངས་བ་དབང་མེད་དུ་འདྲེན་གྱིན་འདུག དེ་བས་ཧི་ནན་རྫོང་གིས་རྩེ་ཆུ་སྔོན་མོའི་སྒེག་ཉམས་དེ་བེད་སྤྱད་ནས་ཆུ་རགས་དང་། ལྗོངས་རྒྱུའི་སྡིངས་ཀ ཁམས་གསོའི་རྒྱུ་ལམ་སོགས་བཟོས་ནས། ས་གནས་མང་ཚོགས་དང་མགྲོན་པོ་དག་ལ་གནས་སྐོར་དང་ཁམས་གསོའི་ཡུལ་ལྗོངས་ཉམས་དགའ་བ་བསྐྲུན་བཞིན་འདུག རྩེ་ཆུའི་ཕ་རོལ་དུ་ནཱ་ཏམ་ཚོགས་སའི་སྤང་ཐང་སྔོན་མོ་ཡོད་ལ། དེ་གཉིས་བར་དུ་ན་ནིང་20014ལོ་ནས་བཟུང་རིག་གནས་ལྗོངས་རྒྱུ་ཚོང་ལས་ཀྱི་ཁྲོམ་སྲང་ཞིག་བསྐྲུན་ཞིག་འདུག་པ་དང་། ཐོག་བརྩེགས་ཉིས་ཐོག་དང་གསུམ་ཐོག  ཐོག་ཁང་བརྒྱད་དུ་འགྲུབ་པར་བྱས་ཤིང་། རང་ས་གནས་ཀྱི་རིག་གནས་ངོ་སྤྲོད་དང་། ཚོང་ལས་དར་སྤེལ། ས་གནས་གཞན་གྱི་ཚོང་བ་དང་ཚོང་ལས་ནང་འདྲེན་བྱས་ཏེ་རང་ཉིད་ཀྱི་ཚོང་ལས་དང་རིག་གནས། ལྗོངས་རྒྱུ་བཅས་གོང་འཕེལ་དུ་གཏོང་རྒྱུའི་གྲ་སྒྲིག་ལེགས་པོ་བགྱིད་བཞིན་འདུག་པས། 2016ལོར་ལེགས་པོར་གྲུབ་ཚེ་འདི་ཉིད་ཀྱིས་ཧི་ནན་རྫོང་གི་མང་ཚོགས་ལ་ཕན་བདེ་བསྐྲུན་པར་ངེས་ལ། ས་གཞན་གྱི་རིག་གནས་ནང་འདྲེན་དང་རང་ཉིད་ཀྱི་རིག་གནས་ཀྱི་དར་སྤེལ་ལ་ཕན་ཐོགས་ཆེན་པོ་འབྱུང་བར་ངེས།

རྩེ་ཆུ་དང་ཧི་ནན་རྫོང་མཁར།

རྩེ་ཆུ་དང་ཆུ་རགས།

རྩེ་ཆུའི་འགྲམ་གྱི་ལྗོངས་རྒྱུའི་སྡིངས་ཀ

ཆུ་རགས་བཟོ་བསྐྲུན་ལ་རྟོག་ཞིབ་བྱེད་པ།

རྩེ་ཆུའི་འགྲམ་གྱི་འཛུགས་སྐྲུན།

རིག་གནས་སྲང་ལམ་འཛུགས་སྐྲུན་བྱ་བཞིན་པ།

རིག་གནས་སྲང་ལམ་འཛུགས་སྐྲུན་བྱ་བཞིན་པ།

རིག་གནས་སྲང་ལམ་འཛུགས་སྐྲུན་བྱ་བཞིན་པ།

འགྲུབ་ལ་ཉེ་བའི་རིག་གནས་སྲང་ལམ།

ཁམས་གསོའི་ཟམ་པ།

ཆུ་རགས་དང་འཛུགས་སྐྲུན་སྐོར་ལ་རྟོག་ཞིབ་བྱེད་པ།

རྒྱང་ནས་མཐོང་བའི་རིག་གནས་སྲང་ལམ།

གསར་འབྱེད་བྱས་མེད་པའི་རྩེ་ཆུ་དང་ཁོར་ཡུག

 

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།