ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > བདེ་འཇགས་དང་འཕེལ་རྒྱས་ཀྱི་ལས་གཞི།

རྨ་ཀླུང་སྔོན་མོར་འཁྱུག་པའི་འཆམ་མཐུན་གྱི་ཉ་མོ།

སྤེལ་དུས། 2015-10-14 10:13:49   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྙིང་བྱམས་ཚེ་རིང་།

 མི་སྒེར་དང་སྤྱི་གང་རུང་ཞིག་ཡིན་རུང་འཕེལ་རྒྱས་སུ་འགྲོ་དགོས་ན་བདེ་འཇགས་ཀྱི་ཁོར་ཡུག་དང་སྔོན་ཐོན་རིག་གནས། འཁྲུག་ཆ་དོད་པའི་རིག་གནས་དང་ཚོང་ལས་ཀྱི་འབྲེལ་འདྲིས་ཤིག་དགོས་ལ། དེ་ལས་ལྡོག་སྟེ་ཁ་མཆུ་རྩོད་གླེང་གིས་དུས་བདའ་ན་འཕེལ་རྒྱས་ནི་ཕར་ཞོག་རབས་ཆད་ཀྱི་ཉེན་ཁའང་འབྱུང་སྲིད། དེ་བས་ཧི་ནན་རྫོང་ཉིན་མཐའ་ཞང་གི་ཝོབ་ཐུང་སྡེ་བ་དང་། ཀན་སུའུ་རྨ་ཆུ་རྫོང་གི་དངུལ་རྭ་ཞོལ་མ་སྡེ་བའི་འཁྲུག་རྩོད་ཀྱིས་སྡེ་གཉིས་དང་ས་གནས་གཉིས་ཀྱི་འཕེལ་རྒྱས་ལ་བཀག་རྒྱ་ཆེན་པོ་བཟོས་ཤིང་། རང་ཉིད་ཀྱི་མི་སྒེར་དང་སྡེ་བ་ལའང་བཟོད་དཀའ་བའི་འགྱོད་གདུང་ཆེན་པོ་ཞིག་བཞག འོན་ཀྱང་སྲིད་གཞུང་གཉིས་དང་འབྲེལ་ཡོད་ལས་ཁུངས། དགོན་སྡེ་དང་མི་སྣ་གལ་ཆེན་སོགས་ཀྱི་འདུམ་འགྲིག་བྱས་པ་བརྒྱུད་ད་ལྟ་འཆམ་མཐུན་གྱི་ཁོར་ཡུག་ཅིག་གྲུབ་འདུག་ལ། ཕྱོགས་གཉིས་ལའང་འཕེལ་རྒྱས་བྱུང་སྟེ་མཐོ་སྒང་གི་མཛེས་སྡུག་གི་མཁར་གྲོང་འཛུགས་སྐྲུན་བྱས་ནས་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་བཞིན་འདུག

ཧི་ནན་ཉིན་མཐའི་ཝོབ་ཐུང་སྡེ་བ་དང་རྨ་ཆུའི་དངུལ་རྭ་ཞོལ་མའི་འཁྲུག་རྩོད་དེ་1997ལོ་ནས་བཟུང་བྱུང་ཞིང་། ལོ་ངོ་བརྒྱད་ཀྱི་རིང་མི་ཤི་རྟ་འགྱེལ་གྱི་ཡ་ང་བའི་འཁྲུག་རྩོད་བྱུང་མཐར་ཕྱོགས་གཉིས་སུ་གྱོང་གུད་ཆེན་པོ་བྱུང་ལ། ལོ་ངོ་བརྒྱད་ཀྱི་རིང་འདུམ་འགྲིག་སྣ་ཚོགས་བྱས་ཀྱང་ཕན་ཐོགས་མ་བྱུང་། 2005ལོར་ཡང་བསྐྱར་ས་གནས་གཉིས་ཀྱི་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས། དགོན་སྡེ། མི་སྣ་གལ་ཆེན་སོགས་ཀྱིས་འདུམ་འགྲིག་བྱས་མཐར་གཞི་ནས་གྲོས་མཐུན་བྱུང་སྟེ། རྨ་ཆུ་རྫོང་གི་རྫོང་དཔོན་ཡང་ཅན་ཀོ་དང་ཧི་ནན་རྫོང་གི་རྫོང་དཔོན་ཚེ་བརྟན་གཉིས་ཀྱིས་མཚོ་སྔོན་བོད་སྐད་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ་རྨ་ཁུག་དང་པོའི་ལྷན་འཛོམས་སྟེང་གྲོས་འཆམ་གྱི་ཡི་གེར་མིང་རྟགས་བཀོད་པ་ནས་བཟུང་རྩོད་གླེང་གི་མཇུག་རྫོགས། 2007ལོར་མཛའ་མཐུན་གྱི་ཟམ་པ་གསར་དུ་འཕངས་ཏེ་ཕྱོགས་གཉིས་ཀྱི་འགྲོ་འོང་ལ་སྟབས་བདེ་བཟོས་ཤིང་། ཝོབ་ཐུང་སྡེ་བས་དེང་གི་དམངས་ཕན་སྲིད་ཇུས་ལག་ཏུ་བསྟར་ནས་རྨ་ཆུ་སྔོན་མོའི་འགྲམ་དུ་སྤར་ཞིང་། མཐོ་སྒང་གི་མཛེས་སྡུག་གི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་གྲལ་དུ་ཞུགས་ནས་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་བཞིན་འདུག

2005ལོར་གྲོས་མཐུན་བྱུང་སྟེ་གྲོས་འཆམ་ཡི་གེའི་སྟེང་མིང་རྟགས་བཀོད་ནས་ལག་འཇུ་བྱེད་པའི་ཚུལ།

གསར་དུ་འཕངས་པའི་ཉིན་མཐའི་ཟམ་པའམ་མཛའ་མཐུན་ཟམ་པ།

རྨ་ཀླུང་སྔོན་མོ་དང་དེ་འབྲེལ་གྱི་ཁོར་ཡུག

རྨ་ཆུའི་ཟམ་པ་རྙིང་བ།

ཝོབ་ཐུང་སྡེ་བར་བཅར་འགོད་བྱེད་པ།

ཝོབ་ཐུང་སྡེ་བའི་མཁར་གྲོང་འཛུགས་སྐྲུན་ལ་རྒྱུས་ལོན་བྱེད་པ།

གསར་འགོད་ཚོགས་དང་སྡེ་མི། འབྲེལ་ཡོད་ཀྱི་སྲིད་གཞུང་འགོ་ཁྲིད།

སྡེ་མི་བསོད་ནམས་ལ་སྔོན་ཆད་ཀྱི་རྩྭ་སའི་རྩོད་གླེང་སྐོར་དང་འདུམ་འགྲིག་རྗེས་ཀྱི་གནས་ཚུལ་འདྲི་བ།

སྡེ་མི་རྒན་པ་བཟོད་པས་སྡེ་བའི་འགྱུར་ལྡོག་སྐོར་གླེང་བ།

ཉིན་མཐའ་གྲོང་བརྡལ་གྱི་ཏང་ཨུའི་ཧྲུའུ་ཅི་བསོད་ནམས་ཚེ་རིང་གིས་ཝོབ་ཐུང་སྡེ་བའི་སྐོར་བརྗོད་པ།

མིང་རྟགས་འགོད་པའི་རྣམ་པ།

རྨ་ཀླུང་སྔོན་མོ་དང་མཛེས་ལྗོངས།

རྨ་ཀླུང་སྔོན་མོ་དང་མཛེས་ལྗོངས།

 

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།