ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > བདེ་འཇགས་དང་འཕེལ་རྒྱས་ཀྱི་ལས་གཞི།

ལས་རིགས་གསར་འབྱེད་སྟེང་གི་བུ་མོ་སྤུན་གཉིས།

སྤེལ་དུས། 2015-10-20 16:29:09   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྙིང་བྱམས་ཚེ་རིང་།

 ལས་རིགས་གསར་གཏོད་ཀྱིས་རང་ཉིད་ཀྱི་དཔལ་འབྱོར་གོང་འཕེལ་དུ་གཏོང་བ་ནི་རྣམ་རིག་བཀྲ་ཞིང་ལས་ལ་བརྩོན་པ། དུས་ཀྱི་གལ་ཆེའི་རང་བཞིན་བེད་སྤྱོད་བྱས་ཏེ་ཕྱུག་འགྱུར་གྱི་ལམ་ལ་བགྲོད་པའི་གནས་ཚུལ་བཟང་པོ་ཞིག་རེད་ལ། རང་ཉིད་ཀྱིས་གསར་འབྱེད་བྱས་པའི་ལམ་བུ་བརྒྱུད་ནས་རང་གི་གཉེན་ཉེ་དང་གྲོགས་པོ། སྡེ་མི་སོགས་སྤྱི་ཚོགས་སུ་ཤན་ཤུགས་སྤེལ་ནས་མཉམ་གཅིག་ཏུ་ཕྱུག་འགྱུར་གྱི་བདེ་སྐྱིད་ཀྱི་འཚོ་བར་ཕྱོགས་པ་དེང་གི་རྒྱལ་ཁབ་ཀྱི་རྩ་བའི་ལམ་ཕྱོགས་དང་མཐུན་པ་དང་། འདི་འདྲའི་ཕྱུག་འགྱུར་ལམ་བུ་དང་ཕྱུག་འགྱུར་སྣེ་ཁྲིད་པར་སྲིད་གཞུང་གིས་རོགས་སྐྱོར་བྱ་བཞིན་ཡོད་དེ། རྨ་ལྷོ་ཧི་ནན་རྫོང་ཉིན་མཐའ་གྲོང་བརྡལ་གྱི་རྣམ་སྣང་དང་བསོད་ནམས་འཚོ་སྤུན་གཉིས་ལ་མཚོན་ན་རང་ཉིད་ཀྱི་བློ་གྲོས་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་སྤྱད་ནས་རང་ཉིད་དང་འབྲེལ་ཡོད་ཀྱི་མི་རྣམས་ཕྱུག་འགྱུར་གྱི་ལམ་དུ་ཞུགས་བཞིན་ཡོད།

ཉིན་མཐའ་གྲོང་བརྡལ་གྱི་རྣམ་སྣང་དང་བསོད་ནམས་འཚོ་གཉིས་ནི་སྤུན་ཡིན་ལ། ཁོང་གཉིས་ཀྱིས་རང་ཉིད་ཀྱི་འཇོན་ཐང་དང་བསྟུན་ལས་རིགས་གསར་འབྱེད་ཀྱི་གྲས་སུ་ཞུགས་ཡོད་དེ། རྣམ་སྣང་གིས་བརྩེགས་དྲུབ་དང་ལྭ་བ་སོགས་བཟོ་བའི་ལས་རིགས་གཉེར་བཞིན་ཡོད་ལ། མོའི་ཨ་ཅེ་བསོད་ནམས་འཚོ་ཡིས་དྲོད་ཁང་དུ་སྔོ་ཚོད་འདེབས་པའི་ལས་ཀ་གཉེར་བཞིན་ཡོད། ཁོང་གཉིས་ཀྱིས་ས་གནས་སྲིད་གཞུང་གིས་མང་ཚོགས་རྣམས་ལས་རིགས་གསར་འབྱེད་ལ་སྐུལ་སློང་བྱེད་པའི་ནང་དུ་ཞུགས་ནས། རང་ཉིད་ཀྱི་འཇོན་ཐང་ལྟར་ལས་རིགས་བདམས་ཤིང་། རྣམ་སྣང་གིས་ཐོག་མར་དམངས་སྒོར་ཁྲི་གཅིག་གིས་མ་རྩ་བྱས་ཏེ་བརྩེགས་དྲུབ་ལས་རིགས་གཉེར་བའི་དུས། རོགས་སྐྱོར་གྲོང་ཁྱེར་ཐེན་ཅིན་གྱིས་མོ་ལ་རོགས་སྐྱོར་བྱས་པས། ལས་ཀའི་ཚད་ཀྱང་ཇེ་མཐོར་སོང་ལ་ཡོང་སྒོ་ཡང་སྔར་བས་ལྡབ་འགྱུར་གྱིས་ལག་སོན་བྱུང་། མོས་བཤད་རྒྱུར་ད་ལོའི་ཡོང་སྒོ་ན་ནིང་ལས་བཟང་ལ་ཕལ་ཆེར་སྒོར་ཁྲི་ཉི་ཤུ་ཡས་མས་ཤིག་འཚོལ་ཐུབ་ཅེས་བཤད་བྱུང་།

བསོད་ནམས་འཚོ་ནི་ལོ་ལྔ་བཅུ་བརྒལ་ཡོད་ཀྱང་ལས་རིགས་གསར་འབྱེད་ཀྱི་ཕྱོགས་ནས་ད་དུང་སྙིང་སྟོབས་དང་བརྩོན་སེམས་ཆེ་ལ། མིག་རྒྱང་རིང་སྟེ། དྲོད་ཁང་དུ་སྔོ་ཚོད་འདེབས་པའི་ལས་ཀ་གཉེར་བ་ན་ལས་རིགས་འདི་ཉིད་གཞན་གྱིས་གཉེར་མཁན་མེད་ལ། ས་གནས་མང་ཚོགས་ཀྱིས་ཀྱང་དགའ་བསུ་ཆེན་པོ་ཐོབ་སྟབས། སྔོ་ཚོད་ཉོ་མཁན་ཤིན་ཏུ་མང་པོ་བྱུང་སྟེ་ཐོན་རྫས་ཀྱིས་མི་འདང་བའི་ཚད་ལ་སླེབས་འདུག་པ་དང་། ད་ལོར་གྲོང་བརྡལ་སྲིད་གཞུང་གིས་དམངས་སྒོར་ཁྲི་དགུས་རོགས་སྐྱོར་བྱས་ནས། དྲོད་ཁང་རྙིང་བ་ཞིག་གསོ་དང་དྲོད་ཁང་གསར་བ་གསར་ལས་བྱས་པས། འདེབས་འཛུགས་ཀྱི་གཞི་རྒྱ་ཆེ་རུ་སོང་ལ་ཐོན་རྫས་ཀྱི་གྲངས་ཡང་སྔར་ལས་བཟང་། མོས་ད་དུང་མུ་མཐུད་དུ་སྔོ་ཚོད་དྲོད་ཁང་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་འདུན་པ་ཡོད་ལ། སྡེ་མི་རྣམས་ལའང་ལག་རྩལ་ཁྲིད་ནས་ཕྱུག་འགྱུར་གྱི་ལམ་ལ་བགྲོད་རྒྱུའི་བསམ་ཚུལ་ཡོད་ཟེར།

བརྩེགས་དྲུབ་ཀྱི་ལས་ལ་འཇུག་བཞིན་པ།

སོར་རྩེ་ལས་འཁྲུངས་པའི་སྦྲ་ནག་ཆུང་ཆུང་།

ལྭ་བ་སྣ་ཚོགས།

ཐོན་རྫས་སྣ་ཚོགས།

ཕྱུག་འགྱུར་སྣེ་ཁྲིད་པ་རྣམ་སྣང་།

རོགས་སྐྱོར་གྲོང་ཁྱེར་གྱི་སྒོ་བྱང་།

གསར་འགོད་པ་རྣམས་བསུ་བ།

བརྙན་ལ་ཕབ་བཞིན་པ།

དྲོད་ཁང་དང་སྔོ་ཚོད།

དྲོད་ཁང་དང་སྔོ་ཚོད།

དྲོད་ཁང་དང་སྔོ་ཚོད།

དྲོད་ཁང་དང་སྔོ་ཚོད།

སྔོ་ཚོད་ཁྲོད་ཀྱི་ལས་བརྩོན་སྐྱེས་མ་འགའ།

སྔོ་ཚོད་དང་གཉོར་སྐྱོང་།

སྔོ་ཚོད་དྲོད་ཁང་།

ཕྱུག་འགྱུར་སྣེ་ཁྲིད་པ་བསོད་ནམས་འཚོས་སྔོ་ཚོད་དང་དྲོད་ཁང་ཕྱོགས་ནས་མཚམས་སྦྱོར་བྱེད་བཞིན་པ།

ཕྱུག་འགྱུར་སྣེ་ཁྲིད་པ་བསོད་ནམས་འཚོ།

བུད་མེད་ལྷན་ཚོགས་ཀྱིས་གནང་བའི་གཟེངས་རྟགས།

གསར་འགོད་པ་དག་དང་སྡེ་མི་ཚོའི་མཉམ་པར།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།