ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > སྐབས་བཞི་བའི་ལ་གཞས་འགྲན་སྡུར།

«སྡེ་ཆེན་རྩེད་རའི»ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་སྐབས་བཞི་བ་བདེ་བླག་ངང་མཇུག་རྫོགས།

སྤེལ་དུས། 2014-09-26 10:18:27   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ལྕགས་ཐར་ཚེ་རིང་།

གསར་འགོད་པ་ཆོས་ཕྱུག་རྒྱལ་དང་ལྕགས་ཐར་ཚེ་རིང་ནས་བཀོད་པའི་གསར་འགྱུར།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་མི་རིགས་གློག་བརྙན་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི«སྡེ་ཆེན་རྩེད་རའི»ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་སྐབས་བཞི་བ་དེ་ད་ལོའི་ཟླ་བརྒྱད་པ་ནས་བཟུང་རྨ་ལྷོ་དང་མཚོ་ལྷོ། མཚོ་བྱང་། མཚོ་ནུབ་བཅས་ཀྱི་འགྲན་ཁུལ་སོ་སོ་ནས་གླུ་བ་གླུ་མ་སུམ་བརྒྱ་ལྷག་གིས་འགྲན་སྡུར་བྱས་པ་བརྒྱུད་ཐེངས་འདིའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་སིལ་ཏོག་གླིང་ག་ནས་བསྡུས་པའི་འགྲན་ཚོགས་སྟེང་དུ་འགྲན་ཞུགས་པ་བཞི་བཅུ་ཞེ་གསུམ་ཞུགས་ཡོད། འགྲན་ཞུགས་པ་ཞེ་གསུམ་པོས་ཟླ་འདིའི་ཚེས་ཉེར་གཅིག་ནས་བཟུང་ཉིན་དྲུག་གི་རིང་ལ་བསྐྱར་འགྲན་འཕར་མ་དང་བསྐྱར་འགྲན། རྟིང་རྩོད་འགྲན་སྡུར་དང་ཆེས་མཇུག་མཐའི་རྟིང་རྩོད་འགྲན་སྡུར་བཅས་ཀྱི་གོ་རིམ་བརྒྱུད་ཅིང་། དཔྱད་འདེམས་པ་དག་གིས་གཟུར་གནས་དང་དྲང་བདེན་གྱི་རྩ་དོན་གཞིར་བཟུང་ནས་དཔྱད་འདེམས་བྱས་མཐར། ཨང་དང་པོ་གཉིས་དང་། ཨང་གཉིས་པ་བཞི། ཨང་གསུམ་པ་དྲུག ཕུལ་བྱུང་གླུ་བ་ཉི་ཤུ་བཅས་བསྡོམས་པས་འགྲན་ཞུགས

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།