ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > མཐིང་མདོག་གི་གཞིས་ཁྱིམ།

ནགས་ཚལ་འཛུགས་སྐྲུན་བྱས་ཏེ་དམངས་སེམས་བདེ་ལ་བཀོད།

སྤེལ་དུས། 2015-10-26 11:45:39   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།

མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགོད་པ་དབང་རྒྱལ་ཚེ་རིང་གིས་བཀོད་པའི་གསར་འགྱུར།

ཞོན་ཧྭ་རྫོང་ལ་བོད་རིགས་ཞང་བཞི་ཡོད་ལ། དེ་དག་ནི་བིས་མདོ་དང་། ཀ་རིང་། རྡོ་སྦིས། རྐང་ཚ་བཅས་ཡིན། ཀ་རིང་ཞང་ནི་རྫོང་མཁར་གྱི་ནུབ་བྱང་མཚམས་ཀྱི་སྤྱི་ལེ35ཡི་སར་ཡོད་ལ། ཆ་སྙོམས་ཀྱི་མཚོ་ངོས་མཐོ་ཚད་ལ་སྨི2500ཡོད། ཞང་ཧྲིལ་བོའི་རྒྱ་ཁྱོན་ལ་ས་མུའུ་ཁྲི37.4དང་། རྨོ་འདེབས་རྒྱ་ཁྱོན་ལ་མུའུ14006དང་། དེའི་ཁྲོད་དུ་ཆུ་མ་མུའུ3070དང་། རི་མ་མུའུ10936ཡོད། ཞང་འདི་ལ་ཁྱོན་བསྡོམས་པའི་དུད་ཁྱིམ987དང་མི་གྲངས5246ཡོད། ས་འདིར་ནགས་ལས་ཐད་བཀོལ་སྤྱོད་བྱ་ཆོག་པའི་ས་མུའུ་ཁྲི23.04དང་། སྡོང་འཛུགས་ནགས་སྐྲུན་བྱས་ཟིན་པའི་ས་མུའུ་ཁྲི4.73ཡོད། 

ཞིང་ཕྱུགས་མཉམ་སྤེལ་གྱི་འཚོ་བ་རོལ་བཞིན་པའི་སྡེ་བ་འདི་ལ་མཚོན་ན་སྔོན་ཆད་ནས་བཟུང་འགྲིམ་འགྲུལ་སྟབས་མི་བདེ་བ་དང་དཔལ་འབྱོར་ཀྱི་ཡོང་སྒོ་ཉུང་བ་སོགས་ཀྱི་འགལ་རྐྱེན་དུ་མ་བྱུང་ནའང་རྒན་བཀུར་ཆུང་བྱམས་དང་། རང་འགུལ་སྒོས་ཁོར་ཡུག་ལྗང་མདོག་གི་ལས་ལ་འབད་རྒྱུ་ནི་ཀུན་གྱི་རུས་གཏིང་ཏུ་སིམ་ཡོད། ད་སྔ་ཚང་ཚིང་གཡུ་ལོ་ཐགས་སུ་བཀྲ་བའི་ནགས་ཚལ་ཀྱི་རྫོང་མཐུག་པོ་ཞིག་ང་ཚོའི་མིག་ལམ་དུ་ཅིག་ཅར་མངོན་ཐུབ་ལ་འདི་ནི་ས་འདིའི་མང་ཚོགས་ཀྱི་ངལ་རྩོལ་ལ་བརྟེན་ནས་བཞག་པའི་བླ་མེད་ཀྱི་གྲུབ་འབྲས་ཆེན་པོ་ཞིག་ཡིན་པ་སྨྲ་མི་དགོས། སྔོན་ཆད་ཡིན་ན་སྡེ་བ་འདིའི་གོང་འོག་བར་གསུམ་དུ་སྡོང་འཛུགས་ནགས་སྐྲུན་བྱས་མེད་པ་དང་ས་གཤིས་མི་བཟང་བའི་རྐྱེན་ལ་གཞིག་སྟེ་འབྲེལ་ཡོད་མགོ་ཁྲིད་དག་གིས་སྡོང་འཛུགས་ནགས་སྐྲུན་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་ཉེ་བའི་ལོ་འདི་དག་གི་རིང་ལ་ཕ་ཡུལ་མཛེས་སྡུག་ཅན་དང་། ཁོར་ཡུག་ལྗང་མདོག་གི་ཁྱིམ་གཞིས་དྲོན་མོ་ཞིག་ཆགས་ཤིང་འདི་ནི་འབྲེལ་ཡོད་མགོ་ཁྲིད་ཀྱི་ལྷག་བསམ་རྣལ་མ་དང་མང་ཚོགས་ཀྱི་ཞུམ་མེད་བློ་སྤོབས་ཤིག་ཅིས་མ་ཡིན།

IMG_3681.jpg

ནག་ཤིག་གེར་ཆགས་པའི་སྟོད་ཀྱི་ནགས་སྡེ་ཆེན་མོ།

IMG_3680.jpg

སྡོང་འཛུགས་ནགས་སྐྲུན་བྱས་པའི་རྣམ་པ།

IMG_3679.jpg

ཚང་ཚིང་གཡུ་ལོ་ཐགས་སུ་བཀྲ་བའི་ལྗང་མདོག་གི་ཁམས།

IMG_3677.jpg

མེ་སྐྱོན་སྔོན་འགོག་བྱེད་རྒྱུ་ནི་མི་རེ་རེའི་འོས་འགན་ཡིན།

IMG_3682.jpg

ནགས་སྲུང་བའི་སྡོད་ཁང་།

IMG_3683.jpg

ནགས་སྲུང་བའི་ཁང་བ།

IMG_3662.jpg

ཀ་རིང་ཞང་གི་ཞང་གཙོ་གཞོན་པ་དཀོན་མཆོག་རྡོ་རྗེ་ཡིས་སྡེ་བའི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

IMG_3691.jpg

ནགས་སྲུང་བ་ཞིག་གིས་ནགས་སྲུང་བྱ་བའི་དགེ་མཚན་གླེང་བཞིན་པ། 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།