ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > མཐིང་མདོག་གི་གཞིས་ཁྱིམ།

འཚོ་བའི་གད་སྙིགས་གཙང་སེལ་བྱས་ཏེ། མི་གཙང་མཁའ་དབུགས་དྭངས་མར་བསྒྱུར།

སྤེལ་དུས། 2015-10-26 15:05:33   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།

མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགོད་པ་དབང་རྒྱལ་ཚེ་རིང་གིས་བཀོད་པའི་གསར་འགྱུར།

བིས་མདོ་ཞང་ནི་ཞོན་ཧྭ་རྫོང་མཁར་གྱི་ཤར་ལྷོའི་མཚམས་སུ་ཡོད་ཀྱང་། ཆ་སྙོམས་ཀྱི་མཚོ་ངོས་མཐོ་ཚད་ལ་སྨི2200ཡོད། ཞང་འདིའི་རྨོ་འདེབས་བྱས་པའི་རྒྱ་ཁྱོན་ལ་མུའུ་ཁྲི23.723དང་། རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི15.8ཡོད། ནགས་ཚལ་གྱི་རྒྱ་ཁྱོན་ལ་མུའུ་ཁྲི8.2ཡོད། ངོས་མི་སྙོམས་པའི་སའི་རྒྱ་ཁྱོན་ལ་མུའུ་ཁྲི6.2ཡོད། ས་ཆ་འདི་ལ་མཚོན་ན་སྔོན་ཆད་ནས་ཞིང་ལས་གཙོ་བོར་གཉེར་བའི་སྡེ་བ་ཞིག་རེད། གནས་འདི་ན་མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་བཤད་རྒྱུན་མང་ཞིང་རིག་གནས་དང་དཔལ་ཡོན་གཉིས་འཛོམས་ཀྱི་རིག་གནས་མ་ལག་གི་ལྡིངས་ཆ་ཆེན་པོ་ཞིག་ཏུ་གྱུར་སྟབས། ཞོན་ཧྭ་རྫོང་ལ་དུས་ད་ལྟའི་བར་དུ་བླ་མ་དང་མཁས་ཆེན་མང་པོ་བྱོན་ཞིང་དེ་ལས་བིས་མདོ་ས་ཆ་འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཕྱག་ཡུལ་དང་། བིས་མདོ་མཆོད་རྟེན། ཉ་གཤོང་ཨ་མདོའི་བཀྲ་ཤིས་མཆོད་རྟེན། རྒྱས་སྲས་རི་བོའི་གདོད་མའི་ནགས་ཚལ་ལྗོངས་རྒྱུ་ལྟེ་གནས་སོགས་ཤིན་ཏུ་མང་པོ་ཡོད་པས་ལྗོངས་རྒྱུ་བའང་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་འདུག 

སྤྱིར་བིས་མདོ་ས་ཆར་མཚོན་ན་རི་ཆུ་མཛེས་སྡུག་གི་བཀོད་པ་ལེགས་ཤིང་། སྐྱེ་ཁམས་དཔལ་ཡོན་གྱི་རྨང་རྩ་ཕྱོགས་ཀུན་ནས་སྨིན་གྱིན་ཡོད་པས་རེབ་འདིར་ང་ཚོས་བིས་མདོ་ས་ཁུལ་གྱི་གད་སྙིགས་གཙང་སེལ་གྱི་བྱ་བ་དམིགས་སུ་བཟུང་སྟེ་བིས་མདོ་རྫོང་གིས་གད་སྙིགས་གཙང་སེལ་བཟོ་གྲྭ་བཙུགས་པའི་དམིགས་ཡུལ་དང་དེ་ལ་དགེ་མཚན་ཅི་ཞིག་ཡོད་པའི་ཕྱོགས་ནས་འབྲེལ་ཡོད་མི་སྣར་རྒྱུས་ལོན་ཅུང་ཙམ་བྱས་པ་ཡིན། གད་སྙིགས་གཙང་སེལ་བཟོ་གྲྭ་འདི་ནི་བིས་མདོའི་ས་ཁུལ་གྱི་ལས་གཞི་ཁྲོད་ཀྱི་ལས་གཞི་གལ་ཆེན་ཞིག་ཡིན་ལ། འདི་ལ་མ་དངུལ་སྒོར་ཁྲི1210བཏང་ཞིང་། འདིའི་ཆེ་ཆུང་ལ26.9×104m3ཡོད།  འདི་ནི་གཙོ་བོ་བིས་མདོ་ས་ཁུལ་གྱི་གད་སྙིགས་གཙོར་བྱས་སྡེ་བའི་གད་སྙིགས་དང་། སློབ་གྲྭ་སོ་སོའི་གད་སྙིགས། རྫོང་མཁར་གྱི་གད་སྙིགས་མཐའ་དག་གཅིག་གྱུར་གྱིས་ཐག་གཅོད་བྱེད་ས་ཞིག་ཡིན་ཏེ། གཟའ་འཁོར་རེ་རེར་རླངས་འཁོར་ཆེན་པོ་ཞིག་གིས་རྫོང་མཁར་གྱི་གད་སྙིགས་དང་། སློབ་གྲྭའི་གད་སྙིགས་སོགས་དྲུད་དེ་དེའི་ནང་དུ་ལྡུག་བཞིན་ཡོད། འཆར་གཞི་ལྟར་ན་འདིའི་ནང་བཀང་རག་བར་དུ་ལོ་བཞི་བཅུ་ཡས་མས་དགོས་ཟེར། བཟོ་གྲྭ་འདི་བཙུགས་པ་ནས་བཟུང་ཁོར་ཡུག་གཙང་སྦྲའི་ཕྱོགས་ནས་གནམ་ས་བླ་འོག་བསྒྱུར་བའི་འགྱུར་ལྡོག་བྱུང་ཞིང་མ་འོངས་པར་ད་དུང་འདི་ལྟར་རྒྱུན་བསྲིངས་ན་སྐྱེ་ཁམས་ཁོར་ཡུག་ཕྱོགས་ལ་སྔར་མེད་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་ངེས་ཟེར།

IMG_3703.jpg

བིས་མདོ་ཞང་གི་ཞང་གཙོ་གཞོན་པ་རྡོ་རྗེ་གཅོད་པས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་ནས་སྤྱིའི་གནས་ཚུལ་རགས་བཤད་བྱེད་བཞིན་པ།

IMG_3730.jpg

ལོ་བཞི་བཅུའི་རིང་ལ་བཀང་མི་སྲིད་པའི་གད་སྙིགས་འཕེན་ས་ཆེན་པོ་ཞིག

IMG_3719.jpg

གད་སྙིགས་བླུགས་ཟིན་པའི་རྣམ་པ།

IMG_3723.jpg

གད་སྙིགས་ལས་བཞུར་བའི་བཙོག་ཆུ།

IMG_3792.jpg

གད་སྙིགས་འདྲུད་སྤྱད་ཀྱི་རླངས་འཁོར།

IMG_3798.jpg

རྫོང་མཁར་གྱི་གད་སྙིགས་འདྲུད་བཞིན་པ།

IMG_3801.jpg

གད་སྙིགས་འདྲུད་མཁན་ཞིག་གིས་ཁོར་ཡུག་གཙང་སྦྲའི་ཕྱོགས་ནས་ཁ་བརྡ་གློད་ཀྱིན་པ། 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།