ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > མཐིང་མདོག་གི་གཞིས་ཁྱིམ།

རྨོ་བསྐྱུར་རྩྭ་འདེབས་ལ་གཞོལ་ཏེ། སྐྱེ་ཁམས་སྡེ་བ་གསར་དུ་བཙུགས།

སྤེལ་དུས། 2015-10-26 17:02:15   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།

མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགོད་པ་དབང་རྒྱལ་ཚེ་རིང་གིས་བཀོད་པའི་གསར་འགྱུར།

ཉེ་བའི་ལོ་འདི་དག་གི་རིང་ལ། གཤོང་ཞན་ཞང་ཏང་ཨུ་དང་། ཞང་མི་དམངས་སྲིད་གཞུང་གིས་རྫོང་གི་ཡང་དག་པའི་མཛུབ་སྟོན་འོག  ཚན་རིག་འཕེལ་རྒྱས་སྣེ་ཁྲིད་དང་ཞིང་སྡེའི་སྤྱི་ཚོགས་དཔལ་འབྱོར་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་བཏང་སྟེ། ཁོར་ཡུག་སྲུབ་སྐྱོབ་གཙིགས་ཆེན་དང་། སྐྱེ་ཁམས་འཛུགས་སྐྲུན་ལ་དོ་སྣང་ཆེན་པོར་བྱས་ཏེ་ཞིང་ཆེན་རིམ་པའི་སྐྱེ་ཁམས་སྡེ་བའི་ལག་གཞི་ལག་བསྟར་བྱས།

མིག་སྔར། ཞང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཉིན་རེ་ལས་ཉིན་རེ་ཇེ་བཟང་དང་། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཐོན་སྐྱེད་གོང་འཕེལ། འཚོ་བའི་མ་ལག་འཐུས་ཚང་རང་བཞིན་ཅན་དུ་སོང་ནས་སྐྱེ་ཁམས་ཁོར་ཡུག་དང་སྐྱེ་ཁམས་འཛུགས་སྐྲུན་གྱི་ཕྱོགས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། གཤོང་ཞན་ཞང་ལ་ཁྱོན་བསྡོམས་པའི་སྡེ་བ་དྲུག་ཡོད་ལ། དེ་ལས་བོད་རིགས་སྡེ་བ་གཉིས་དང་། རྒྱ་བོད་མཉམ་འདུས་ཀྱི་སྡེ་བ་གཅིག་ཡོད། མི་ཉག་སྡེ་བ་དང་མ་བརྒྱ་སྡེ་བ་སོགས་ནི་སྐྱེ་ཁམས་སྡེ་བའི་ཁོངས་སུ་གཏོགས་ལ། སྤྱིར་སྐྱེ་ཁམས་སྡེ་བའི་འཛུགས་སྐྲུན་གྱི་བྱ་བ་འདི་ནི་ཆེས་རྙོག་འཛིང་གི་མ་ལག་ཞིག་རེད།

སྐྱེ་ཁམས་སྡེ་བ་འདི་གཉིས་ཀྱིས་གཙོ་བོ་སྡོང་འཛུགས་ནགས་སྐྲུན་དང་། རྨོ་བསྐྱུར་རྩྭ་འདེབས། གད་སྙིགས་གཙང་སེལ། བཏུང་ཆུ་ལ་སྲུང་སྐྱོབ། གཏེར་ཁ་སྔོག་འདོན་བཀག་འགོག་བྱས་ཏེ་དམངས་ཀྱི་འཚོ་བ་འཕེལ་རྒྱས་སུ་གཏོང་ཅི་ཐུབ་བྱེད་བཞིན་ཡོད། མ་བརྒྱ་སྡེ་བར་མཚོན་ན་སྔོན་ཆད་སྡེ་བའི་མཐའ་འཁོར་ན་རྩྭ་དང་ནགས་ཚལ་ཅི་ཡང་མེད་མོད། དབུལ་གཏོང་ཕྱུག་འགྱུར་གྱི་ལམ་དུ་བསྒྱུར་བར་ཧུར་བརྩོན་སྒོས་ཆུ་སོགས་བསྐྱལ་ཏེ་སྡོང་ཕྲུག་བཙུགས་པ་དང་ཨར་འདམ་གྱི་གཞུང་ལམ་སོགས་ལས་དགོས་པའི་སྙན་ཞུ་ཡང་ཡང་ཕུལ་མཐར་ད་ལྟ་དངོས་སུ་ལེགས་འགྲུབ་བྱུང་ཡོད། སྡེ་བ་འདི་ལ་སྔོན་མ་ནས་སྡོང་འཛུགས་ནགས་སྐྲུན་བྱེད་པའི་འདུ་ཤེས་ཟབ་མོ་ཞིག་ཆགས་ཡོད་སྟབས་ད་ལྟ་སྡེ་བའི་མཐའ་འཁོར་ཀུན་ཏུ་གསོམ་སྡོང་དང་། ཤུག་པ། སྟག་པ། སིལ་སྡོང་སོགས་སྐྱེ་སྟོབས་ཀྱི་དཔལ་འབར་ཏེ་སྡེ་བའི་ཁོར་ཡུག་རྣམ་པར་བརྒྱན་ཡོད།

IMG_3811.jpg

གཤོང་ཞན་ཞང་གི་དམངས་ཆེན་ཀྲུའུ་ཞི་རྒྱ་མཚོས༼སྐྱེ་ཁམས་སྡེ་བ༽འི་དགེ་མཚན་གླེང་བཞིན་པ།

IMG_3812.jpg

དམར་སེར་ལོ་མས་བརྒྱན་པའི་སྡོང་ར།

IMG_3814.jpg

ཚང་ཚིང་གཡུ་ལོ་འཁྲིགས་པའི་ནགས་ཚལ།

IMG_3815.jpg

སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྡོང་ཕྲུག་རེ་རེ་ནི་ཇི་འདྲའི་གསོན་ཤུགས་ལྡན་པ་ལའང་།

IMG_3817.jpg

ལྗང་མདོག་གི་ཁ་དོག་ཉམས་མི་སྲིད་ནའང་།  ཁྱོད་ཚོས་ང་ལ་སྔར་མེད་ཀྱི་བློ་སྤོབས་སྩོལ་དགོས།

IMG_3820.jpg

མ་བརྒྱ་སྡེ་བའི་ཧྲུའུ་ཅི་འཇམ་དབྱངས་བཀྲ་ཤིས་ཀྱི་རྨོ་བསྐྱུར་རྩྭ་འདེབས་སྐོར་ནས་ཁ་བརྡ་བྱེད་བཞིན་པ།

IMG_3828.jpg

རྨོ་བསྐྱུར་རྩྭ་འདེབས་ཀྱི་རྣམ་པ།

IMG_3823.jpg

མ་བརྒྱ་སྡེ་བའི་སྡེ་མི་ཕག་མོ་གཡང་འཛོམས་ཀྱིས་མ་བརྒྱ་སྡེ་བའི་སྡོང་འཛུགས་ནགས་སྐྲུན་སྐོར་ནས་ཁ་བརྡ་བྱེད་བཞིན་པ།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།