ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག >  བོད་ཡུལ་འགྲུལ་བཞུད་རིང་མོ།

བོད་ཡུལ་འགྲུལ་བཞུད་རིང་མོ།

སྤེལ་དུས། 2015-09-15 16:37:36   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རང་རེའི་ལས་ཁུངས།

31.jpg

ཟླ9བའི་ཚེས10ཉིན་ཏ་ཀུང་ཚགས་པར་ཁང་དང་མཚོ་སྔོན་ཞིང་ཆེན་དྲིལ་སྒྲོག་པུའུ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་ཁང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན།  མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཡུལ་སྐོར་ཅུའུ།     མཚོ་སྔོན་པོ་དོ་དམ་ཅུའུ།  མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཁུངས་གཞུང་སྒྲུབ་ཁང་།  མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་ཀྱི་ལས་ཁུངས་དག་གི་མཉམ་དུ་སྒྲུབ་པའི་བོད་ཡུལ་འགྲུལ་བཞུད་རིང་མོ་--འགྲམ་གཉིས་དང་ས་ཁུལ་བཞིའི་གཙོ་རྒྱུག་སྨྱན་བྱད་མདོ་དབུས་མཐོ་སྒང་གསར་འགྱུར་རིག་གནས་རྒྱང་བསྐྱོད་ཡུལ་སྐོར་ཟི་ལང་བན་ཏ་ཐང་ཆེན་ནས་དངོས་སུ་མགོ་བརྩམས།   མཚོ་སྔོན་ཞིང་ཆེན་དྲིལ་སྒྲོག་པུའུ།   མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཡུལ་སྐོར་ཅུའུ།    མཚོ་སྔོན་ཞིང་ཆེན་གསར་འགྱུར་པར་སྐྲུན་ཐིན།   མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཡུལ་སྐོར་ཅུའུ།  མཚོ་སྔོན་པོ་དོ་དམ་ཅུའུ། མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཁུངས་གཞུང་སྒྲུབ་ཁང་།།  མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་ཀྱི་མགོ་ཁྲིད་རྣམས་མཛད་སྒོ་ལ་ཞུགས།

3.jpg

བོད་ཡུལ་འགྲུལ་བཞུད་རིང་མོ-- འགྲམ་གཉིས་དང་ས་གནས་བཞིའི་གཙོ་རྒྱུག་སྨྱན་བྱད་ཀྱིས་མདོ་དབུས་མདོ་སྒང་གསར་འགྱུར་རྒྱང་བསྐྱོད་ཡུལ་སྐོར་བྱ་འགུལ་སྤེལ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ལམ་གཉིས་དང་དར་གོས་ཚོང་ལམ་གྱི་སྙིང་སྟོབས་དར་སྤེལ་དང་།    ཕུགས་འདུན་ལ་སྐུལ་སྤེལ་བྱས་ཏེ།  མཚོ་བོད་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་མཛུབ་སྟོན་གཙོ་བོ་ལག་ལེན་དངོས་འབེབས་བྱེད་རྒྱུ་དེ་ཡིན།    གསར་འགོད་ཚོགས་པ་འདི་ནི་རྒྱལ་ཡོངས་ཀྱི་ས་ཆ་མི་འདྲ་བ་བཅུ་ནས་ཐོན་པ་གསར་འགྱུར་ལས་ཁུངས་དང་།   གསར་འགྱུར་བྱ་བ་སྒྲུབ་མཁན།  ཆེད་མཁས་པ།  ཤེས་ཡོན་པ།   རྩོམ་པ་པོ།   སྒྱུ་རྩལ་པ།   བརྙན་ཕབ་པ་བཅས་ཀྱི་གྲུབ་པ་ཡིན།   བཅར་འདྲི་རུ་ཁག་མཚོ་སྔོན་དང་བོད་ལྗོངས།  སི་ཁྲོན།  ཡུན་ནན་བཅས་ལ་བརྒྱུད་དགོས་ཤིང་།   དུས་ཡུན་ཟླ་གཅིག་གི་རིང་ཡིན། འདི་ནི་གསར་འགྱུར་རིག་གནས་ཀྱི་རྒྱང་བསྐྱོད་གསར་བ་ཐེངས་ཤིག་ཡིན།

2.jpg

ཞང་ཀང་ཏ་ཀུང་ཚགས་པར་ཁང་གི་སྤྱི་རྩོམ་སྒྲིག་གཞོན་པ་དང་སྤྱི་གཉེར་བ་གཞོན་པ་ཞེ་ཧུ་ཡིས་མཛད་སྒོ་སྟེང་དུ་གཏམ་བཤད་གནང་བཞིན་པ།

 ཏ་ཀུང་ཚགས་པར་ཁང་གི་སྤྱི་རྩོམ་སྒྲིག་གཞོན་པ་དང་སྤྱི་གཉེར་བ་གཞོན་པ་ཞེ་ཧུ་ཡིས་མཛད་སྒོ་སྟེང་མདོ་དབུས་མཐོ་སྒང་ནི་མཚོ་ངོས་ལས་ཆེས་མཐོ་བའི་མཐོ་སྒང་ཡིན་པས།  གནས་འདིར་མདོར་བསྡུས་ན"གལ་ཆེ་བ"དྲུག་ཡོད་དེ།   གལ་ཆེ་བའི་རྒྱལ་ཁབ་བདེ་འཇགས་སྲུང་ཁུལ།  གལ་ཆེ་བའི་སྐྱེས་ཁམས་བདེ་འཇགས་སྲུང་ཁུལ།   གལ་ཆེ་བའི་འཐབ་ཇུས་ཐོན་ཁུངས་གསོག་འཇོག་རྟེན་གཞི།  གལ་ཆེ་བའི་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི།   གལ་ཆེ་བའི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོབ་ས་གནས་དང་གལ་ཆེ་བའི་འཛམ་གླིང་ཡུལ་སྐོར་དམིགས་ཡུལ་ས་གནས་བཅས་ཡིན་ཞེས་གསུང་བཤད་གནང་། 

7.jpg 7.jpg

ཐེངས་འདིའི་བོད་ཡུལ་བཞུད་ལམ་རིང་མོས་མདོ་དབུས་མཐོ་སྒང་གི་ཐོན་རྫས་དང་ཆོས་ལུགས།  བོད་ཡུལ་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་འདྲིས་དེ་བོད་ཡུལ་ནས་རྒྱལ་ཡོངས་དང་འཛམ་གླིང་ལ་སྐུལ་སྤེལ་བྱས་ནས།  བོད་ཡུལ་དང་ནང་ལོག་གིས་བཅོས་སྒྱུར་འཕེལ་རྒྱས་གྲུབ་འབྲས་མཉམ་དུ་ལོངས་སུ་སྤྱོད་རྒྱུ་དེ་ཡིན།  དུས་དང་མཉམ་དུ་མཚོ་སྔོན་ཀྱི་ལོ་རྒྱུས་དང་།  གོམས་གཤིས།   སྤྱི་ཚོགས་ཁོར་ཡུག་དག་ཕྱི་ལ་དྲིལ་བསྒྲགས་བྱེད་པར་ནུས་པ་གལ་ཆེན་ཐོན་ངེས།

6.jpg

བྱ་འགུལ་ལ་ཞུགས་པའི་ཤེས་ཡོན་པ་དང་གསར་འགོད་པ་རྣམས་ཀྱིས་བཅར་འདྲི་བྱ་འགུལ་ཁྲོད་བརྩམས་ཆས་བརྒྱུད་ནས་མཚོ་སྔོན་ཀྱི་ལོ་རྒྱུས་གསལ་བོར་བརྗོད་པའི་དུས་མཚུངས་སུ་འཛམ་གླིང་ཡང་རྩེ་ནས་སྐྱེ་ཁམས་སྲུང་སྐྱོབ་དང་།     བཅོས་སྒྱུར་འཕེལ་རྒྱས།  མི་རིགས་མཐུན་སྒྲིལ་སོགས་ཀྱི་བྱ་བ་ཇི་ལྟར་བསྒྲུབས་པའི་ཉམས་མྱོང་སོགས་ཕྱིར་བསྒྲགས་བྱས་ནས།   རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོ་རྣམས་ལ་ཡང་དག་ལ་ཆ་ཚང་བ།  གསོན་ཉམས་ལྡན་པའི་མཛེས་སྡུག་གི་མཚོ་བོད་མཐོ་སྒང་འདི་ངོ་སྤྲོད་བྱེད་རྒྱུ་ཡིན།

1.jpg

ལམ་ལ་ཆས་པར་གྲ་སྒྲིག་བྱེད་པ།

5.jpg

ལམ་ལ་ཆས་པ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།